མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩིས་ལོ་ ༢༠༢༡་་་༢༠༢༢ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་སྒོར་ས་ཡ་ ༢༦༩༨ ལྷག་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་འཛམ་གླིང་ནང་ཡོངས་གྲགས་སུ་ཏོག་དབྱིབས་གཉན་རིམས་དེ་མིས་བཟོས་པ་ལས་རང་བྱུང་གི་ནད་ཡམས་ཤིག་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར་རྒྱ་ནག་གི་བྱ་སྤྱོད་ནོར་འཁྲུལ་ཅན་དེར་བློ་ཕམ་ཆེན་པོ་ཡོད་སྐོར་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༣༡ བར་འཚོག་གཏན་འཁེལ་ཡོད་ཀྱང་། རྒྱ་གར་ནང་སྤྱི་དང་ལྷག་པར་དུ་ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། གྲོས་ཚོགས་ཀྱི་སྔོན་རྩིས་གཏན་འབེབ་སྔ་ནུར་གནང་སྟེ། དེ་རིང་ལས་ཉིན་ ༨ པའི་ཉིན་རྒྱབ་ཏུ་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་རྩིས་ལོ་ ༢༠༢༡་༢༢ ལོའི་གཏོང་ལེན་ཁྲིམས་ཡིག་སྙན་སྒྲོན་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡་་་༢༠༢༢ ལོའི་འགྲོ་གྲོན་སྒོར་ས་ཡ་ ༢༦༩༨,༡༣༡,༤༩༨ དང་། སྔོན་རྩིས་མ་དངུལ་གྱི་ཕྱོགས་བསྡོམས་ཡོང་འཆར་ ༡༠༥༧༧༧.༩༥༣ དང་རྩིས་ལོའི་ནང་ཟུར་བཀོལ་ཡོང་འཆར་ཕྱོགས་བསྡོམས་ཧིན་སྒོར་ ༢༤༠༥.༨༠༠.༠༠༤ བཅས་སྤྱི་མོས་གཏན་འབེབ་གནང་འདུག

དེ་རིང་དང་ཁ་སང་གཉིས་སུ་སྤྱི་འཐུས་གྲོས་ཚོགས་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་རྩིས་མགོ་དང་འབྲེལ་ཏེ་སྤྱི་ཡོངས་ནས་བགྲོ་གླེང་གནང་སྐབས། སྤྱི་འཐུས་མང་པོ་ཞིག་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་བརྡལ་དུ་ཕྱིན་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་དཀའ་ངལ་ཆེན་པོ་ཞིག་ཕྲད་དང་འཕྲད་མུས་ཡིན་ཡང་། འཕྲོད་བསྟེན་བཀའ་བློན་མཆོག་གི་གཙོས་འཕྲོད་བསྟེན་ལས་ཁུངས་དབུས་སའི་ལས་བྱེད་རྣམས་དང་། ས་གནས་སྨན་ཁང་ཁག དགོན་སྡེ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་དང་། མི་སྒེར་བཅས་ནས་དཀའ་ངལ་ཅན་གྱི་བོད་མི་དང་ས་གནས་ཡུལ་མི་བཅས་ལ་རོགས་རམ་རྒྱ་ཆེན་པོ་གནང་བར་བསྔགས་བརྗོད་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་བླ་སྨན་པ་རྣམ་གཉིས་ཀྱིས་༧སྐུའི་འཕྲོད་བཞེས་དང་འབྲེལ་ནས་སྐུ་ལས་སྐྱོན་བཞིན་ཡོད་པར་བསྔགས་བརྗོད་གནང་སོང་།

ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་དང་འབྲེལ་་བའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགོག་ཁབ་བཞེས་གནང་ཡོད་པ་དེའི་ཐོག་ནས་ང་ཚོའི་སྤྱི་ཚོགས་ནང་རྒན་རབས་པ་སོགས་འགོག་ཁབ་རྒྱག་པའི་ལམ་དུ་ཤར་བསྐྱོད་བྱེད་པ་སོགས་ཀྱི་ཐད་ལ་ཕན་པ་ཆེན་པོ་བྱུང་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་དད་གུས་ཡོད་པའི་ཕྱིའི་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་མི་གྲངས་དུང་ཕྱུར་མང་པོ་ཡོད་པ་ཚོ་ལའང་འགོག་ཁབ་རྒྱག་རྒྱའི་ཐད་ཕན་པ་ཆེན་པོ་བྱུང་བ་ཞིག་གཟིགས་ཀྱི་ཡོད་སྐོར་དང་། ཐོག་མའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་འགོག་ཁབ་བརྒྱབ་པའི་གནས་ཚུལ་དེ་དྲ་ལམ་དུ་གཏོང་བའི་བསམ་བློ་བྱུང་ནའང་། ཕྱིས་སུ་དེར་དགེ་སྐྱོན་གཉིས་ཀ་ཡོད་པ་དང་། ང་ཚོའི་སྤྱི་ཚོགས་ནང་སྒྲོ་འདོགས་ཀྱི་སྐད་ཆ་མང་པོར་དགའ་བར་བརྟེན། རྒྱ་གར་རྒྱལ་ཡོངས་སུ་འགོག་ཁབ་རྒྱག་མགོ་བཙུགས་མ་ཐག་ཙམ་ནས་འགོག་ཁབ་བརྒྱག་རྒྱུ་ཡིན་མིན་ཐད་རྒྱ་གར་གཞུང་གི་འབྲེལ་ཡོད་ནས་བཀའ་འདྲི་གནང་མཁན་བྱུང་ནའང་། སྐབས་དེར་བརྒྱག་གི་ཡིན་ཞེས་འགོག་ཁབ་བརྒྱབས་ཚེ། སྤྱི་ཚོགས་ནང་མཛད་གཙོ་རྣམ་པས་ཁེ་ཕན་ཡོད་དུས་དང་པོ་བླངས་འགྲོ་བ་རེད་ཅེས་ལབ་གླེང་ཡོང་གི་ཡོད་པ་དང་། ཡང་རྒྱག་གི་མིན་ཞེས་ལབ་ཚེ་མཛད་གཙོ་རྣམ་གྱིས་འགོག་ཁབ་བརྒྱག་རྒྱུར་ཡང་ཞེད་ཀྱི་ཡོད་པ་རེད་ཅེས་ལབ་གླེང་ཡོང་གི་ཡོད་སྟབས། གནད་དོན་ཐག་གཅོད་མ་ཐུབ་པ་ལྟ་བུ་ཞིག་ཆགས་ཡོད་པ་དང་། རིམ་བཞིན་མི་མང་སྤྱི་ཡོངས་དང་རྒྱ་གར་གཞུང་གི་འགྲོ་ལུགས་དང་འགྲོ་སྟངས་གནང་ཡོང་དུས་བཀའ་བློན་བགྲེས་པ་རྣམས་དང་ཁྲིམས་ཞིབ་པ་རྣམས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤྲེལ་པོ་གཉིས་ཀྱིས་འགོག་ཁབ་བཞེས་ཟིན་པ་དང་། གྲོས་ཚོགས་མ་ཚོགས་ཙམ་གྱི་སྔོན་ལ་བཀའ་བློན་གཞོན་པ་ཁག་ཅིག་གིས་ཀྱང་འགོག་ཁབ་བཞེས་ཡོད་སྐོར་དང་། འགོག་ཁབ་བརྒྱག་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། འགོག་ཁབ་ཡིན་སྟབས་འགོག་ཁབ་ག་རེ་རག་ནའང་བརྒྱག་དགོས་པ་ལས། དེར་ཕན་རླབས་ག་ཚོད་ཡོད་མེད་དང་ག་རེ་ལ་ཕན་གྱི་ཡོད་མེད་སྐོར་ལ་རྩོད་པ་བརྒྱབ་ནས་སྡོད་པའི་དུས་ཚོད་མིན་སྐོར་གསུངས་སོང་།

སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་འཐོན་ཚེ། གནས་ཚུལ་སྦས་སྐུང་བྱེད་པ་དང་དྲག་བསྐྱེད་ཡོང་ཚུལ་བཤད་ནས་སྡོད་དུ་མི་འཇུག་པར་འཕྲལ་དུ་བརྟག་དཔྱད་བྱེད་པ་དང་། འབྲེལ་བ་སུ་དང་སུ་ལ་བྱུང་མིན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་གདོང་ལེན་བྱེད་དགོས།  དྷ་ས་ཁུལ་དུ་བརྟག་དཔྱད་མང་པོ་བྱེད་ཀྱི་ཡོད་ནའང་། གཞིས་ཆགས་ཁག་དང་ཁ་འཐོར་ས་གནས་ཁག་ལ་བརྟག་དཔྱད་ཅི་ཙམ་བྱེད་ཀྱི་ཡོད་མེད་དོགས་འདྲི་གནང་བར་འཕྲོད་བསྟེན་བཀའ་བློན་མཆོག་གིས། ད་ལྟ་ཡིན་ནའང་ང་ཚོའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཐད་འཚེར་སྣང་དང་སྦས་སྐུང་བྱེད་པ། མ་རུང་བ་ཞིག་ལ་ལྟ་མཁན་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ནི་ནད་རིམས་ཡིན་པས། དེ་ཡིས་ཆེ་ཆུང་དང་རྒན་གཞོན། རྒྱུས་ཡོད་དང་རྒྱུས་མེད། དཀར་ནག་སོགས་ཀྱི་ཐད་དབྱེ་བ་རྩ་བ་ཉིད་ནས་འབྱེད་ཀྱི་མེད་པ་དང་། རྒྱ་གར་གྱི་སྤྱི་ཚོགས་ལ་མཚོན་ན་དཔོན་རིགས་དང་མཁས་དབང་། གློག་བརྙན་འཁྲབ་སྟོན་པ་སོགས་སྙན་གྲགས་ཅན་མང་པོ་ལ་གཉན་རིམས་དེ་ཐོན་དུས། རང་ཉིད་ལ་གཉན་རིམས་ཐོན་ཡོད་པ་དང་རང་ཉིད་ཀྱི་སར་མི་ཡོང་བར་བསྐུལ་ཏེ་ཟུར་བཀག་བྱེད་ཀྱི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་གཉན་རིམས་ཐོན་རྗེས་ཟུར་བཀག་བྱས་པའི་ཕན་པ་དང་བཟང་ཕྱོགས་ལ་བསམ་བློ་མ་བཏང་བར། ངན་ཕྱོགས་དང་གནས་ཚུལ་མ་རན་པ་ཞིག་ལ་སྒྲོ་བཏགས་ནས་སྤྱི་ཚོགས་ནང་འགྲོ་བཞིན་ཡོད་པ་རེད། དེའི་རིགས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་ཕན་ཀྱི་མེད་པ་དང་། གང་ཟག་ཞིག་ལ་ནད་འབུ་ཐོན་ཚེ་ནད་དེ་ཧ་ཅང་སྡུག་ཅག་ཞིག་ཡིན་པའི་ངོ་བོའི་ཐོག་ནས་རང་ཉིད་ཀྱིས་ངོས་ལེན་བྱེད་ཐུབ་ཀྱི་མེད་སྐོར་དང་། དེ་བཞིན་ཉེ་ལམ་ས་གནས་ཤིག་ལ་གཉན་རིམས་ལ་བརྟེན་ནས་མི་ཞིག་རྐྱེན་འདས་སུ་ཕྱིན་ཏེ། སྐུ་ཕུང་ཞུགས་འབུལ་ཀྱང་བྱས་ཚར་ཡོད་ནའང་། དེའི་གནས་ཚུལ་ཁ་སང་དགོང་དྲོར་འཕྲོད་བསྟེན་ལས་ཁུངས་སུ་འབྱོར་ཡོད་པ་དང་། དེའི་བར་དུ་མི་དེའི་ཕྲུ་གུ་སོགས་ལ་ཏོག་ནད་འགོས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། དེའི་ཐད་ས་གནས་ཀྱི་འཕྲོད་ལས་པ་འཕྲོད་བསྟེན་ལས་ཁུངས་སུ་སྐད་བཏང་སྟེ་འཕྲོད་ལས་པས་ལས་ཀ་ག་རེ་བྱས་ཡོད་མེད་དང་། ས་གནས་མགོ་འཛིན་གྱི་ལས་ཀ་ག་རེ་བྱས་ཡོད་མེད་ཐད་རྩད་གཅོད་བྱེད་དགོས་པ་ལས་འགན་ཡོད་མཁན་དང་ཕོག་བརྒྱབས་པ་ཚོས་ལས་ཀ་ཏག་ཏག་མ་བྱས་ཚེ་འགྲིག་གི་མེད་ཚུལ་དང་། ཏོག་དབྱིབས་གཉན་རིམས་འཕོག་པ་ནི་སྡུག་ཅག་ཅིག་མིན་པ་དང་། སུ་ལའང་ན་ཆོག་པ་དང་ན་ཡི་ཡོད་པ། དེ་ན་བ་ལ་བརྟེན་ནས་སྤྱི་ཚོགས་ནང་ནག་པོ་ཆགས་འགྲོ་བ་གང་ཡང་མེད་སྐོར་དང་། ས་གནས་ཁག་ཏུ་སྨན་པ་དང་འཕྲོད་ལས་པས་མ་འདང་བའི་དཀའ་ངལ་དེ་གང་ཐུབ་ཀྱིས་སེལ་ཐབས་གནང་གི་ཡོད་སྐོར་གསུངས་སོང་།

ཡང་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཀྱི་སྐོར་ལ་འཕྲོད་བསྟེན་བཀའ་བློན་མཆོག་གིས། ཟླ་གཅིག་ཙམ་གྱི་གོང་དུ་འཛམ་གླིང་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་གི་ཆེད་བཙུགས་ཞིབ་འཇུག་ཚོགས་མི་རྣམས་གཞི་ནས་རྒྱ་ནག་ནང་ཐར་ཡོད་པ་དང་། དེའི་བར་དུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་ཞིབ་འཇུག་ཆེད་བཏང་མེད་པ་རེད། དེའི་ཐད་རྒྱ་ནག་གཞུང་གིས་གཙང་མ་བཟོ་དགོས་པ་རྣམས་བཟོས་པ་དང་བསུབ་དགོས་པ་རྣམས་བསུབ་ཚར་རྗེས་བཏང་བ་ཞིག་ཡིན་པ་དང་། སྤྱི་ཡོངས་ཀྱི་ཆ་ནས་འཛམ་གླིང་ནང་ཡོངས་གྲགས་སུ་གཉན་རིམས་དེ་ནི་མིས་བཟོས་པའི་ནད་ཡམས་ཤིག་ཡིན་པ་ལས་རང་བྱུང་གི་ནད་ཡམས་ཤིག་མིན་པའི་དོགས་པ་བྱེད་བཞིན་པ་ནི་གསལ་པོ་ཡིན་སྐོར་དང་། ནད་ཡམས་དེ་ནི་བཟོས་པ་ཞིག་ཡིན་པའི་གནས་སྟངས་ཆགས་ཡོད་སྟབས། རྒྱ་ནག་གི་བྱ་སྤྱོད་དེ་ལ་ང་ཚོའི་ངོས་ནས་རྩ་བ་ཉིད་ན་མ་འགྲིག་པ་ཞིག་དང་བློ་ཕམ་ཆེན་པོ་ཡོད་པའི་རྣམ་པ་ཞིག་ལ་འགྲོ་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་གསུངས་འདུག

དེ་བཞིན་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ཕོ་བའི་སྐྲན་ནད་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཛ་དྲག་ཅན་གྱི་གནས་སྟངས་ཤིག་ཡིན་པ་དང་། བཙན་བྱོལ་བོད་མི་ཁྱོན་ཡོངས་ལ་བརྟག་དཔྱད་དགོས་གལ་ཆེ་སྐོར་གསུངས་བའི་ཐད་འཕྲོད་བསྟེན་བཀའ་བློན་མཆོག་གིས། སྤྱི་ཚོགས་ནང་བོད་མི་འདས་གྲོངས་སུ་ཤུགས་ཆེན་འགྲོ་བའི་ནད་གཞི་གཙོ་བོ་གཅིག་ནི་ཕོ་བའི་ནད་གཞི་དེ་ཡིན་པ་དང་། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཕོ་བའི་ནད་གཞི་ཡོད་མཁན་ཧ་ཅང་མང་པོ་ཡོད་པ། ནད་གཞི་དེའི་འབྱུང་རྐྱེན་གཙོ་བོ་ནི་ནད་འབུ་ཞིག་ཡིན་པར་བརྗོད་ཀྱི་ཡོད་ནའང་གསལ་ཀ་མེད་པར། ཟས་བཅུད་ཀྱི་ཆེད་མཁས་པས་བརྗོད་པ་ལྟར་ན། དུས་རྒྱུན་གྱི་ཟས་སྤྱོད་བསྟེན་སྟངས་དང་འབྲེལ་ནས་ཟ་མའི་ཚ་གྲང་དང་གསར་རྙིང་། བསྐྱུར་རིགས་སོགས་ལ་བརྟེན་ནས་འབྱུང་གི་ཡོད་པ་དང་། ནད་འབུ་དེ་དང་འབྲེལ་ནས་ཕྱི་ལོ་ ༢༠༡༩-༢༠༢༠ ནང་བོད་མིའི་སྒྲིག་འཛུགས་ཀྱིས་ཞིབ་འཇུག་ཞིག་བྱེད་སྐབས། མི་གྲངས་ ༦༠༠ ལྷག་གི་ཁྲོད་བརྒྱ་ཆའི་ ༣༠ ལྷག་ལ་ནད་འབུ་དེ་ཡོད་པའི་གནས་སྟངས་བྱུང་ཡོད་པ་དང་། ཟླ་གཉིས་ཙམ་གོང་ནས་བསྐྱར་དུ་བརྟག་དཔྱད་བྱེད་མགོ་བཙུགས་ཡོད་པའི་ནང་དུའང་ནད་འབུ་དེ་ཡོད་མཁན་ཚད་མཐོན་པོ་འབྱུང་གི་ཡོད་པ། དེའི་ཐད་ཕྱི་ལུགས་དང་གསོ་རིག་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཞིབ་འཇུག་བྱེད་ཀྱི་ཡོད་སྐོར་དང་། བཙན་བྱོལ་བོད་མི་ཁྱོན་ཡོངས་ལ་ཞིབ་འཇུག་བྱ་རྒྱུ་ཏོག་ཙམ་དཀའ་ལས་ཁག་པོ་ཡིན་པ་དང་། རང་ལོ་ ༥༠ བརྒལ་རྗེས་ནད་གཞི་དེར་བརྟག་དཔྱད་བྱེད་པ་དང་ཟས་སྤྱོད་ལ་བསྟེན་མཁས་དགོས་གལ་ཆེ་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གནས་ཚུལ་ལྟར་ན། རྒྱལ་བལ་གཉིས་ཀྱི་ནང་ད་ལྟ་བར་དུ་ཁྱོན་བོད་མི་ཏོག་དབྱིབས་ནད་པ་གྲངས་ ༡༦༣༥ བྱུང་ཡོད་པའི་ཁྲོད་དྲག་སྐྱེད་བྱུང་བ་གྲངས་ ༡༥༥༦ དང་། རྐྱེན་འདས་སུ་ཕྱིན་པ་གྲངས་ ༤༦། ནད་མནར་འོག་ཡོད་མཁན་གྲངས་ ༣༣ ཙམ་ཡོད་འདུག དེ་བཞིན་ཕྱི་རྒྱལ་ཁག་ཏུ་བོད་མི་ཏོག་དབྱིབས་ནད་པ་གྲངས་ ༢༡༣ བྱུང་ཡོད་པའི་ཁྲོད་དྲག་སྐྱེད་བྱུང་བ་གྲངས་ ༡༦༥ དང་། རྐྱེན་འདས་སུ་ཕྱིན་པ་གྲངས་ ༩། ནད་མནར་འོག་ཡོད་མཁན་གྲངས་ ༣༩ ཙམ་ཡོད་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ནང་ཙམ་ནས་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་རྒྱག་མགོ་བཙུགས་པ་ནས་བཟུང་ད་བར་བོད་མི་གྲངས་ ༧༢༨༨ ལ་འགོག་ཁབ་བརྒྱབས་ཡོད་འདུག
གསར་འགོད་པ། ཀླུ་མགོན་ཐར། 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese