མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་རིགས་བྱིས་པ་ཚོ་ལའང་ཆབ་སྲིད་སློབ་གསོ་གཏིང་ནག་པོ་སྤེལ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ནས་ ༢༠༢༠ ལོ་བར་དུ་ཞིང་འབྲོག་ཁུལ་གྱི་བོད་མི་ས་ཡ་ ༢།༨ གཞི་རིམ་གྱི་ལས་རིགས་ནས་གནས་སྤོ་རུ་བཅུག་སྟེ་གཞུང་ལམ་འཛུགས་སྐྲུན་སོགས་བཟོ་བསྐྲུན་ལས་རིགས་ལ་བཙན་གྱིས་ཞུགས་སུ་བཅུག་ཡོད་པའི་སྙན་ཐོ་བཏོན།

དེ་རིང་བོད་དོན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐོར་ཞིག་གིས་མཉམ་འབྲེལ་ཐོག  རྒྱ་ནག་གཞུང་གིས་བོད་ནང་སྔར་མེད་ཀྱི་བཙན་གནོན་གྱི་སྲིད་ཇུས་སྤེལ་བཞིན་པའི་སྐོར་ལ་ཞིབ་འཇུག་སྙན་ཐོ་(Tibet Advocacy Coalition)ཞེས་པ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ཚུན་ཆད་ལའང་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་སྤེལ་གྱི་ཡོད་པ་དང་། གྲོང་ཁྱེར་ཅན་དུ་སྒྱུར་ཐབས་དང་ལས་ཞུགས་གནས་སྤོས་སོགས་སྔར་མེད་ཀྱི་བཙན་གནོན་གྱི་སྲིད་ཇུས་སྤེལ་བ་བརྒྱུད་བོད་མིའི་ངོ་བོ་བཅོམ་བརླག་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་བཀོད་འདུག

ཤོག་གྲངས་ ༤༦ ལྷག་ཡོད་པའི་སྙན་ཐོ་དེས་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ལ་གཞིར་བཟུང་སྟེ། ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་གྱི་བོད་ནང་གི་གནས་སྟངས་ལ་རྟོག་ཞིབ་བྱས་ཡོད་ཅིང་། དེའི་ནང་།  འདས་ལོའི་ཕྱི་ཟླ་ ༨ པའི་ནང་ཚོགས་པའི་བོད་དོན་བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིན་གྱིས་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་ཐབས་ཆེད་བཙན་གནོན་གྱི་སྲིད་ཇུས་གཏན་འབེབ་བྱས་ཡོད་པ་དང་། དེ་ཡང་དེང་རབས་ཅན་འཛུགས་སྐྲུན་དང་། དཔལ་འབྱོར་འཛུགས་སྐྲུན། དབུལ་གྲོལ་འགག་སྒྲོལ། ལག་ཤེས་སྦྱོང་བརྡར། སྐད་གཉིས་སློབ་གསོ་བཅས་ཀྱི་མིང་ཐོག་ནས་སྲིད་བྱུས་དེ་དག་ལག་བསྟར་བྱས་ཡོད་སྐོར་དང་། གཞན་ཡང་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་རྗེས། རྒྱ་ནག་གཞུང་གིས་སྲིད་ཇུས་དེ་དྲག་གནོན་ནས་སྔོན་འགོག་གི་ཕྱོགས་སུ་གྱུར་ཏེ། སྲིད་ཇུས་དེའི་འོག་ནས་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་རྣམས་སྔོན་ཚུད་ནས་རྩ་མེད་གཏོང་བ་དང་། དེ་ཡང་འགོག་རྒོལ་དང་རིག་གཞུང་གི་ངོ་བོ་བརྟན་པོ་ཡོད་པའི་བོད་མིའི་བསམ་བློ་ལ་བཅོས་བསྒྱུར་བཏང་སྟེ་རྒྱ་ནག་དམར་ཤོག་གཞུང་ལ་ཡིད་ཆེས་བློས་འགེལ་བྱེད་མཁན་དུ་སྐྲུན་ཐབས་བྱེད་ཀྱི་ཡོད་སྐོར་བཀོད་འདུག

བོད་རིགས་རྣམས་ལ་བྱིས་དུས་ནས་བསམ་བློ་བཅོས་བསྒྱུར་བྱེད་ཀྱིན་ཡོད་སྐོར་བཀོད་པའི་ནང་། བོད་ས་ཁྱོན་ཡོངས་སུ་བསམ་བློ་བཅོས་བསྒྱུར་གྱི་བྱིས་གསོ་ཁང་རྒྱ་བསྐྱེད་བྱས་ཡོད་པ་མ་ཟད། བྱིས་པའི་བསླབ་གཞིའི་ནང་དམག་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་སློབ་གསོ་བཅུག་ཏེ་བྱིས་པས་རྒྱ་དམག་གི་སྒྲིག་ཆས་གྱོན་དགོས་པ་དང་རྒྱལ་དར་སྒྲེང་འཛུགས་དང་རྒྱལ་གླུ་ལེན་དགོས་པ། གཞུང་འབྲེལ་གྱི་བྱིས་གསོ་ཁང་ཁག་གི་ནང་སྐད་གཉིས་སློབ་གསོའི་སྲིད་ཇུས་ཟེར་བ་ལག་བསྟར་བྱས་ཏེ། བོད་རིགས་བྱིས་པར་རྒྱའི་སྐད་ཡིག་གཙོར་བཟུང་གིས་སློབ་གསོ་སྤྲོད་བཞིན་པར་བརྟེན། མཚམས་རེར་བྱིས་པ་རྣམས་རང་ཁྱིམ་དུ་ལོག་སྐབས་རྒྱ་སྐད་མི་ཤེས་པའི་བོད་མི་རྒན་པ་རྣམས་དང་གོ་བརྡ་འཕྲོད་ཀྱི་མེད་པའི་དཀའ་ངལ་འབྱུང་གི་ཡོད་པ། གཏན་སློབ་ཁག་ཏུ་བོད་རིགས་བྱིས་པ་མང་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་དང་རྒྱལ་ཞེན་དགོས་པ། རྒྱ་རིགས་དགེ་རྒན་དང་བྱིས་པར་རྩིས་སྤྲོད་བྱེད་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ཡོད་སྐོར་བཀོད་འདུག

བོད་རིགས་ཞིང་འབྲོང་མང་ཚོགས་བཙན་དབང་གིས་གནས་སྤོ་བྱེད་དུ་འཇུག་གི་ཡོད་པའི་ཐད། ཕྱི་ལོ་ ༢༠༡༥ ནས་ ༢༠༢༠ ལོ་བར་དུ་ཞིང་འབྲོག་ཁུལ་གྱི་བོད་པ་ས་ཡ་ ༢།༨ གཞི་རིམ་གྱི་ལས་རིགས་ནས་གནས་སྤོ་བྱེད་དུ་བཅུག་སྟེ། བཟོ་བསྐྲུན་ལས་རིགས་ལ་ཞུགས་སུ་བཅུག་ཡོད་པ་དང་། སྤྱི་ཚོགས་བརྟན་བརླིང་དང་དམར་ཤོག་ཚོགས་པའི་ཁུར་བོ་ཡིན་པ་ལ་གདོང་ལེན་བྱེད་པ། དེ་བཞིན་སྤྱི་དམངས་བཟང་པོ་ཞིག་ཏུ་བཟོ་བ་ཟེར་བ་སོགས་བརྗོད་དེ་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་དམིགས་ཏེ་ལས་གཞི་འདྲ་མིན་སྤེལ་བ། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝུ་ཡེན་ཅེ་ (Wu Yingjie) ཡིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་མི་མང་གི་བསམ་བློའི་ནང་ནས་འདོར་དགོས་པ་དང་། ནང་བསྟན་དང་མི་ཚེ་ཁ་འབྲལ་དགོས་སྐོར་བརྗོད་ཡོད་ལ། དེ་ཡིས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་འབད་བརྩོན་དང་བོད་མིའི་བསམ་བློར་སྟངས་འཛིན་བྱེད་ཀྱི་ཡོད་པ་མཚོན་པ། བཙན་དབང་གིས་བོད་ཀྱི་ཆོས་ལུགས་མི་སྣར་༧གོང་ས་མཆོག་ལ་མཚན་སྨད་ཞུ་རུ་འཇུག་པ་དང་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁག་བློར་འཛིན་བྱེད་དུ་འཇུག་པ་སོགས་བྱེད་ཀྱི་ཡོད་སྐོར་བཀོད་འདུག

སྙན་ཐོའི་མཇུག་ཏུ་རྒྱ་ནག་གི་མགོ་འཁྲིད་ཚོར་བསམ་འཆར་རེ་སྐུལ་ཞུས་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭའི་བསླབ་གཞིའི་ནང་ཆབ་སྲིད་དང་དམག་དོན་གྱི་བསམ་བློའི་སློབ་གསོ་སྤེལ་མཚམས་འཇོག་དགོས་པ་དང་། སྐད་གཉིས་སློབ་གསོའི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་བྱས་ཏེ། བོད་ཕྲུག་རྣམས་ལ་རང་གི་སྐད་ཡིག་དང་། རིག་གནས། ལོ་རྒྱུས་དང་བཅས་པ་སྦྱོང་རྒྱུའི་གོ་སྐབས་བསྐྲུན་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་ལག་ཤེས་སྦྱོང་བརྡར་སོགས་ཀྱི་མིང་ཐོག་ནས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤྲོད་མཚམས་འཇོག་དགོས་པ་མ་ཟད། ད་ལྟ་ལག་བསྟར་བྱེད་བཞིན་པའི་ལས་གཞི་དེ་དག་ལ་རང་དབང་ལྡན་པའི་རྒྱལ་སྤྱིའི་ཆེད་མཁས་པས་བསྐྱར་ཞིབ་དགོས་པ། རྒྱ་ནག་གཞུང་གིས་དབུལ་གྲོལ་འགག་སྒྲོལ་གྱི་མིང་ཐོག་ནས་བོད་མི་འབྲོག་པ་རྣམས་ཀྱི་རྩྭ་ས་བཙན་འཕྲོག་བྱས་པ་དག་ཕྱིར་སློག་དགོས་པ་མ་ཟད། ཁོ་ཚོར་གུན་གསབ་སྤྲོད་དགོས་སྐོར་སོགས་བརྗོད་ཡོད་འདུག དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་གྲྭ་བཙུན་རྣམས་ལ་དམིགས་པའི་ཆབ་སྲིད་སློབ་གསོའི་རྩ་འཛུགས་རིགས་འཕྲལ་དུ་སྒོ་བརྒྱབ་དགོས་སྐོར་བཀོད་འདུག

གཞན་ཡང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་སྙན་ཐོའི་གྲུབ་དོན་གཞིར་བཟུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་སྲིད་གཞུང་ཁག་ལ་སྲིད་ཇུས་བསམ་འཆར་ཕུལ་བའི་ནང་། རྒྱ་ནག་གཞུང་གི་མགོ་འཁྲིད་ཚོས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་ཉེན་ཆད་གཅོད་དགོས་པ་དང་། རྒྱ་ནག་གཞུང་དང་ཕྱི་འབྲེལ་འཛུགས་སྐབས་དང་བསྒྲགས་གཏམ་སོགས་སྤེལ་སྐབས་རྒྱ་ནག་གཞུང་གི་བྱེད་ཕྱོགས་ངན་པ་དག་ཐེར་འདོན་དགོས་པ། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་བྱ་རྒྱུའི་ལམ་སྲོལ་བཟང་པོར་རྒྱུན་སྐྱོང་གིས་བོད་ནང་གི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་ལ་སོགས་པའི་སྤྱི་འབངས་ཀྱི་རང་དབང་དག་ལ་གུ་ཡངས་པོའི་ཐོག་ནས་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

Tibet Advocacy Coalition ཞེས་པ་དེ་ནི་ཕྱི་ལོ་ ༢༠༡༣ ལོར། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་། བོད་དོན་དྲང་བདེན་ལྟེ་གནས་ཁང་ (Tibet Justice Center)། བོད་རང་བཙན་སློབ་ཕྲུག་ཚོགས་བཅས་གསུམ་གྱིས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་ནང་གི་གནས་ཚུལ་ཞུ་གཏུག་ཆེད་བཙུགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་མཉམ་འབྲེལ་གྱི་མཐུན་ཚོགས་དེའི་ནང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་དང་།Tibet Initiative Deutschland ཅེས་པའི་བོད་དོན་ཚོགས་སྡེ་གཉིས་ཀྱང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese