མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་གཞན་གཉིས་བཅས་འཕོ་འགྱུར་གཏོང་བའི་མང་མོས་ཐག་གཅོད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་པའི་སྔ་དྲོར། སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༩ པ་སྟེ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་དཔོན་གཞན་གཉིས་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དང་འགལ་ཡོད་པས་འཕོ་འགྱུར་གཏོང་དགོས་པའི་གྲོས་འཆར་བཏོན་ཏེ།  སྤྱི་འཐུས་ཁག་ཅིག་ནས་གྲོས་འཆར་དེར་རྒྱབ་སྐྱོར་ཡོད་མེད་དང་། ལས་ཐོག་གསུམ་འཕོ་འགྱུར་བཏང་བ་ཙམ་གྱིས་མི་ཕན་པར་མ་འོངས་པར་དཀའ་རྙོག་འདི་འདྲ་མ་ཡོང་བའི་ཆེད་དུ་ཁྲིམས་སྒྲིག་ཅིག་གསར་དུ་བཟོ་གལ་ཆེ་བ་སོགས་ཀྱི་དགོངས་ཚུལ་བྱུང་རྗེས། ཚོགས་གཙོ་མཆོག་གི་བཀའ་ལྟར་གསང་བའི་འོས་ཤོག་བླུགས་པ་བརྒྱུད། སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་བརྒལ་བ་སྤྱི་འཐུས་ ༣༡ ནས་འཕོ་འགྱུར་གཏོང་དགོས་གསུངས་བར་བརྟེན། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། ཁྲིམས་དཔོན་གཞན་ཀརྨ་དགྲ་འདུལ་ལགས་དང་བསྟན་འཛིན་ལུང་རྟོགས་ལགས་རྣམ་གཉིས་བཅས་འཕོ་འགྱུར་གཏོང་རྒྱུ་མང་མོས་ཐག་གཅོད་གནང་སོང་།

གཞུང་འབྲེལ་གྲོས་འཆར་སྙན་སྒྲོན་ཞུས་རྗེས། གྲོས་ཆོད་དེ་དང་འབྲེལ་ནས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་གསལ་བཤད་གནང་སྐབས། དེ་རིང་ང་ཚོས་གྲོས་ཆོད་གྲོས་འཆར་འཁྱེར་ཡོང་བ་དེ་ནི་དགའ་ནས་མིན་པར་འུ་ཐུག་ནས་འཁྱེར་ཡོང་བ་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དེ་འདྲ་ཞིག་མ་གནང་ན་བསམ་ནས་འབོད་སྐུལ་ག་ཚོད་ཞུས་པ་ཡིན་ནའང་དེ་འདྲ་གནང་སོང་། ང་ཚོས་ཡར་ཞུས་སྐབས་སུ་མང་པོ་ལབ་ཡོད། ད་ལྟ་འོས་བསྡུའི་ལས་རིམ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཆབ་སྲིད་ཅིག་མ་འཁྲབ་ན་ཡག་པོ་འདུག་ཞུས་པ་ཡིན། ཆབ་སྲིད་མེད་གསུང་གི་འདུག ཅེས་དང་། ད་ལྟའི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྐབས་སུ་སྤྱི་འཐུས་གྲོས་ཚོགས་སྒོ་བརྒྱབ་ཚེ་བར་བརྒལ་གྱི་བཀའ་ཁྲོལ་མང་པོ་ཞིག་འགག་འགྲོ་ཡི་ཡོད་པ་དང་། འོས་བསྡུའི་ལས་རིམ་ནང་སྤྱི་འཐུས་རྒྱུན་ལས་རྣམས་ཟུར་དཔང་འགྲོ་ཐུབ་ཀྱི་མེད་པ་སོགས་ལ་བརྟེན། རྙོག་དྲ་ཅི་འབྱུང་ལ་ཚོད་དཔག་དཀའ་བ་དང་། དེ་ལ་བརྟེན་ནས་དགྲ་དགའ་གཉེན་སྡུག་དང་རྒྱལ་བའི་དགོངས་པ་འཁྲུག་གཞིར་འགྱུར་བའི་ཉེན་ཁ་ཡོང་གི་ཡོད་པས་དེ་དག་གི་འགན་ཆ་ཚང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འཁུར་དགོས་སྐོར་ཞུས་ཡོད་ནའང་། ཁོང་ཚོས་འགྱུར་བ་གཏོང་གི་མིན་གསུངས་བྱུང་བ་དང་། དེ་འདྲ་ཡིན་ཚེ། སྤྱི་འཐུས་རྣམ་པས་ཀྱང་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་མི་བྱེད་ཀ་མེད་ཆགས་ཀྱི་ཡོད་སྐོར་ཞུ་སྐབས་རྣམ་པ་ཚོས་ག་རེ་གནང་ནའང་དེ་རྣམ་པ་ཚོས་གནང་ཡ་རེད་གསུངས་སྟབས། ཐེངས་འདིའི་གྲོས་ཆོད་གྲོས་འཆར་དེ་འཁྱེར་ཡོད་སྐོར་དང་། བཅའ་ཁྲིམས་ཆེས་མཐོ་ཁྲིམས་ཞིབ་ཁང་གི་སྲུང་མ་ཐུབ་ནའང་བོད་མི་མང་སྤྱི་འཐུས་ཀྱི་སྲུང་དགོས་པ་ཞིག་ཆགས་ཡོད་པ་དང་། གྲོས་ཆོད་དེ་བཅའ་ཁྲིམས་སྲུང་སྐྱོབ་རང་གི་ཆེད་དུ་ཡིན་སྐོར་གསུངས་བྱུང་།

ཡང་ཚོགས་གཙོ་མཆོག་གིས། སྤྱི་མང་གཏུག་བཤེར་སྒྲིག་གཞི་དོན་ཚན་ ༦༩ པའི་ནང་གསེས་ཏ་པ་དེ་བཅའ་ཁྲིམས་ཀྱི་སྒང་དུ་བསྡད་ནས་ཐག་གཅོད་བྱེད་ཀྱི་ཡིན་ཟེར་བ་དེ་རེད། དེ་རིང་ང་ཚོ་སྤྱི་འཐུས་རྒྱུན་ལས་ལ་ཐག་གཅོད་བྱས་པ་རེད། མ་འོངས་པར་སུ་ལ་ཡིན་ནའང་ཡོང་གི་རེད། ཞུ་གཏུག་གང་ཡང་བྱེད་མི་དགོས་པའི་ཐོག་ནས་ཁྲིམས་ཀྱི་ངོས་བཞེས་ཞེས་ཐག་གཅོད་བྱས་པ་རེད། ཞུ་ས་སྡོད་ས་གང་ཡང་མེད་པ་རེད། དེ་ནི་དམངས་གཙོའི་ལམ་ལུགས་ནང་དུ་ཏག་ཏག་སྡོད་ཀྱི་ཡོད་མེད་ཤེས་དཀའ་བ་དང་། དོན་ངོ་མར་རྒྱལ་ཁབ་གཞན་ལ་དཔེ་བླངས་བ་རེད། དཔེ་བལྟ་ཡ་མ་རེད། ད་ལྟ་ང་ཚོ་བཙན་བྱོལ་ནང་དུ་ཡོད་པ་རེད་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་གོང་ན་མེད་པ་དེ་རེད། དེའི་འོག་ཏུ་བསྡད་ནས་ང་ཚོས་ཕྱག་ལས་གནང་དགོས་པ་མ་གཏོགས། དེའི་སྒང་ལ་བསྡད་ནས་ཕྱག་ལས་གནང་ཚེ་བཅའ་ཁྲིམས་ལ་ནུས་པ་མེད་པ་བཟོ་ཡི་ཡོད་པ་རེད། ཅེས་གསུངས་སོང་།

གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་ཁག་ཅིག་ནས་དགོངས་ཚུལ་གསུང་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། བཅའ་ཁྲིམས་ནང་ཁྲིམས་ཞིབ་པ་འདེམས་དུས་དམ་འབུལ་ཞུ་ས་དེ་ཁྲིམས་ཞིབ་པ་ཆེ་བ་དེ་ཆགས་ཀྱི་ཡོད། ད་ཐེངས་ཁྲིམས་དཔོན་གསུམ་ཀ་གནས་དབྱུང་བཏང་བ་ཡིན་ན། གཞུག་ཏུ་ཁྲིམས་དཔོན་གསར་བ་གསུམ་དེར་དམ་འབུལ་ཇི་ལྟར་བྱ་རྒྱུ་ཡིན་མིན་གྱི་དོགས་འདྲི་གནང་བར། ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། གལ་ཏེ་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་སོང་ན། དེ་ལ་དཔག་པའི་རྩ་ཁྲིམས་བསྐྱར་བཅོས་གནང་དགོས་སྐོར་འགྲེལ་བརྗོད་གནང་སོང་།

སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས་ད་ཐེངས་ཀྱི་གནད་དོན་དང་འབྲེལ་ནས་བཅའ་ཁྲིམས་ནང་འགྱུར་བ་དང་ཁ་གསལ་རུ་གཏོང་དགོས་པའི་ཐུགས་ཚོར་བྱུང་སྟབས། ད་ལྟའི་གྲོས་ཚོགས་ངོས་ནས་འབྱུང་འགྱུར་ལེགས་བཅོས་གཏོང་དགོས་པ་གང་ཡོད་མེད་ཀྱི་གྲོས་འཆར་ཞིག་འཁུར་ཡོང་ན་ལེགས་པོ་ཡོད་སྐོར་གྱི་དགོངས་ཚུལ་བཏོན་གནང་སོང་བ་དང་། གཞན་ཡང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་ད་ཐེངས་བཅའ་ཁྲིམས་དང་ཁྲིམས་སྒྲིག་འགྲེལ་བརྗོད་བྱེད་སྟངས་ཀྱི་ཐོག་ནས་དཀའ་རྙོག་བྱུང་ཡོད་པ་དེ། ཁྲིམས་ཞིབ་པ་ལས་ཐོག་རྣམས་མར་ཕུད་ནས་སེལ་གྱི་མེད་སྐོར་དང་། ཁྲིམས་ཞིབ་ཁང་གིས་ཁྲིམས་ཡིག་དོན་ཚན་ ༦༩ པའི་ཀ་པ་དེ་ལྐོག་ལྐོག་སུད་སུད་ལ་བཞག་པ་ཞིག་རྩ་བ་ནས་ཡིན་གྱི་མ་རེད་བསམ་གྱི་ཡོད་ལ། ཁྲིམས་ཁང་ལ་དགོས་ངེས་ཀྱི་ཁྲིམས་དང་སྒྲིག་གཞི་དེ་ཚོ་ཁོང་ཚོས་བཟོ་ཡི་ཡོད་པ་དང་། ཁྲིམས་སྒྲིག་གསར་པ་བཟོས་པ་དང་འགྱུར་བ་ཕྱིན་པ་དེ་དག་སྤྱི་འཐུས་རྒྱུན་ལས་ལ་སླེབས་ཀྱི་ཡོད་བསམ་གྱི་ཡོད་སྐོར་དང་། ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བ་དེས་དཀའ་རྙོག་སེལ་གྱི་མེད་སྟབས། གྲོས་འཆར་དེར་རྒྱབ་སྐྱོར་ཞུ་ཡི་མེད་སྐོར་དང་། དེའི་ཚབ་ཏུ་མཁས་པའི་ཚོགས་ཆུང་ཞིག་བཙུགས་ནས་དཀའ་རྙོག་སེལ་དགོས་པའི་དགོངས་ཚུལ་གསུངས་སོང་།

ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གྲོས་འཆར་བཏོན་ཞིང་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་རྒྱབ་སྐྱོར་གནང་པའི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༩ པའི་ནང་གྲོས་ཚོགས་ཚོགས་དུས་ ༡༠ པ་འཕར་འགྱང་གནང་དགོས་བྱུང་བའི་བརྒྱུད་རིམ་གསལ་བཤད་དང་སྦྲགས། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་ཕར་འགྱངས་བྱས་པ་དང་འབྲེལ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ནས་ཁྲིམས་ཀྱིས་ངོས་བཞེས་ཞེས་པ་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་བརྩད་གཅོད་དང་། ཁྲིམས་ཀྱིས་ངོས་བཞེས་ཞེས་པའི་དབང་ཚད་ཡོད་ཚུལ་རྒྱལ་ཁབ་གཞན་གྱི་ཁྲིམས་སྒྲིག་དང་སྦྱར་ནས་ཞྭ་དཔེ་ལྷམ་འགེབས་བྱས་ནས་དེ་འབྲེལ་ཐག་གཅོད་ཀྱི་བཀའ་ཁྱབ་བཏང་བ་བཅས་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བར་བརྟེན། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་བཅས་གྲོས་ཆོད་འདི་བཞག་ཉིན་ནས་འཕོ་འགྱུར་དགོས། ཞེས་བཀོད་འདུག

གྲོས་ཆོད་དེ་དང་འབྲེལ་ནས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་གསལ་བཤད་གནང་སྐབས། དེ་རིང་ང་ཚོས་གྲོས་ཆོད་གྲོས་འཆར་འཁྱེར་ཡོང་བ་དེ་ནི་དགའ་ནས་མིན་པར་འུ་ཐུག་ནས་འཁྱེར་ཡོང་བ་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དེ་འདྲ་ཞིག་མ་གནང་ན་བསམ་ནས་འབོད་སྐུལ་ག་ཚོད་ཞུས་པ་ཡིན་ནའང་དེ་འདྲ་གནང་སོང་། ང་ཚོས་ཡར་ཞུས་སྐབས་སུ་མང་པོ་ལབ་ཡོད། ད་ལྟ་འོས་བསྡུའི་ལས་རིམ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཆབ་སྲིད་ཅིག་མ་འཁྲབ་ན་ཡག་པོ་འདུག་ཞུས་པ་ཡིན། ཆབ་སྲིད་མེད་གསུང་གི་འདུག ཅེས་དང་། ད་ལྟའི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྐབས་སུ་སྤྱི་འཐུས་གྲོས་ཚོགས་སྒོ་བརྒྱབ་ཚེ་བར་བརྒལ་གྱི་བཀའ་ཁྲོལ་མང་པོ་ཞིག་འགག་འགྲོ་ཡི་ཡོད་པ་དང་། འོས་བསྡུའི་ལས་རིམ་ནང་སྤྱི་འཐུས་རྒྱུན་ལས་རྣམས་ཟུར་དཔང་འགྲོ་ཐུབ་ཀྱི་མེད་པ་སོགས་ལ་བརྟེན། རྙོག་དྲ་ཅི་འབྱུང་ལ་ཚོད་དཔག་དཀའ་བ་དང་། དེ་ལ་བརྟེན་ནས་དགྲ་དགའ་གཉེན་སྡུག་དང་རྒྱལ་བའི་དགོངས་པ་འཁྲུག་གཞིར་འགྱུར་བའི་ཉེན་ཁ་ཡོང་གི་ཡོད་པས་དེ་དག་གི་འགན་ཆ་ཚང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འཁུར་དགོས་སྐོར་ཞུས་ཡོད་ནའང་། ཁོང་ཚོས་འགྱུར་བ་གཏོང་གི་མིན་གསུངས་བྱུང་བ་དང་། དེ་འདྲ་ཡིན་ཚེ། སྤྱི་འཐུས་རྣམ་པས་ཀྱང་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་མི་བྱེད་ཀ་མེད་ཆགས་ཀྱི་ཡོད་སྐོར་ཞུ་སྐབས་རྣམ་པ་ཚོས་ག་རེ་གནང་ནའང་དེ་རྣམ་པ་ཚོས་གནང་ཡ་རེད་གསུངས་སྟབས། ཐེངས་འདིའི་གྲོས་ཆོད་གྲོས་འཆར་དེ་འཁྱེར་ཡོད་སྐོར་དང་། བཅའ་ཁྲིམས་ཆེས་མཐོ་ཁྲིམས་ཞིབ་ཁང་གི་སྲུང་མ་ཐུབ་ནའང་བོད་མི་མང་སྤྱི་འཐུས་ཀྱི་སྲུང་དགོས་པ་ཞིག་ཆགས་ཡོད་པ་དང་། གྲོས་ཆོད་དེ་བཅའ་ཁྲིམས་སྲུང་སྐྱོབ་རང་གི་ཆེད་དུ་ཡིན་སྐོར་དང་།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གནང་སྟངས་དེ་བཅའ་ཁྲིམས་དོན་ཚན་ ༦༦ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་དང་། དོན་ཚན་ ༥༨ པ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་དེར་འགལ་ཡོད་སྐོར་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༢༢ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་པ་ཚོར་རྒྱུ་ཚན་འབྲེལ་བཤད་རྒྱག་རྒྱུའི་སྒོ་སྐབས་མེད་པ་དུས་གཅིག་ལ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏོང་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གང་གི་འོག་ཏུ་འགན་ཁུར་ནས་ཐག་གཅོད་གནང་བ་ཡིན་ནམ་?

    Reply
  2. Abharu Jigwang says:
    ལོ་ 5 སྔོན།

    ཞབས་འདྲེན་བཞག་དང་མི་བཞག་སྤྱི་འཐུས་ལྷན་ནས་བཞག་་སོང། མང་གཙོའི་ཀ་བ་གསུམ་ནས་གཅིག་གི་རྐང་པ་བཅག་སོང།
    དགྲ་ལ་བཤད་ན་དགའ་འགྲོ་གཉེན་ལ་བཤད་ན་སྐྱོ་འགྲོ། དེ་འདྲའི་ཤེས་མེད་སྤྱི་འཐུས་གང་འདྲ་ཞིག་ནི་ཡིན་ནམ།
    ཁྲིམས་ཞིབ་རྣམ་པ་གསུམ་པོར་དགྲ་ཤ་དངོས་ལེན་ཆགས་འདུག། ཕོ་འགྱུར་གཏོང་དགོས་བྱུང་ན་སྔོན་དུ་བགྲོ་གླེང་བྱེད་དགོས།
    ལམ་དང་ལུགས་སྲོལ་མེད་པར་འཕོ་འགྱུུར་བཏང་པ་ཁྲིམས་འགལ། འ་རེ་འུ་རེའི་ངང་ནས་གསང་བའི་བསྡུ་བྱས་ཏེ།
    གློ་བུར་འཚབ་བེ་འཚོབ་བེས་ཁྲིམས་ཞིབ་འཕོ་འགྱུར་བཏང་སོང། ལམ་ལུགས་གང་གི་འོག་དང་ཆ་སྐྱེན་གང་གི་འོག་ནས།
    འཕོ་འགྱུར་བཏང་པ་ཡིན་ནམ་རྒྱ་ཚེའི་མི་མང་ཀུན་ལ་། གསལ་བཤད་གསལ་བསྒྲགས་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese