མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་ལེགས་སྨན་ཁང་ནས་ལོ་ ༦༠ ཡན་རྣམས་ལ་ཏོག་དབྱིབས་འགོག་ཁྱབ་རྒྱག་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

བདེ་ལེགས་སྨན་ཁང་གིས་རང་ལོ་ ༦༠ ཡན་རྣམས་ལ་དངོས་སུ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རྒྱག་པའི་མགོ་བཙུགས་ཡོད་པ་དང་དང་པོ་རྒྱ་གར་གཞུང་གི་ཏོག་དབྱིབས་སྐོར་གྱི་མཉེན་ཆས་ཨ་རོ་གྱ་སེ་ཏུ་ནང་ཐོ་འགོད་བྱེད་དགོས་ཀྱི་འདུག

དེ་རིང་བཞུགས་སྒར་དྷ་སའི་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གིས། དྷ་སར་གནས་སྡོད་བོད་མི་དགུང་ལོ་ ༦༠ ཡན་རྣམས་ལ་དངོས་སུ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རྒྱག་པའི་མགོ་བརྩམས་པ་དང་བསྟུན། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་མི་རྣམས་ཀྱིས་རྒྱ་གར་གཞུང་གི་ཨ་རོ་གྱ་སེ་ཏུ་ (aarogya setu) དྲ་རྒྱ་བརྒྱུད་སྔོན་འགོག་སྨན་ཁབ་ཆེད་ཐོ་འགོད་ཞུ་དགོས་སྐོར་དང་། བོད་མིའི་སྤྱི་ཚོགས་ནང་ཁྲག་ཤེད་དང་གཅིན་སྙིའི་ནད་གཞི་ཡོད་མཁན་ཚོར་སྔོག་འགོག་སྨན་ཁབ་བརྒྱབ་མི་ཆོག་པའི་གནས་ཚུལ་རྫུན་མ་ཞིག་ཁྱབ་གདལ་འགྲོ་བཞིན་འདུག་ཀྱང་། དོན་དངོས་ཐོག་ནད་གཞི་དེ་དག་ཡོད་མཁན་ཚོས་ངེས་པར་དུ་འགོག་ཁབ་བརྒྱབ་དགོས་ཀྱི་ཡོད་སྐོར་བརྗོད་བྱུང

འདི་གའི་གསར་འགོད་པ་ཡུལ་དངོས་སུ་བཅར་ཏེ་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཁ་སང་ནས་ང་ཚོ་བདེ་ལེགས་སྨན་ཁང་ལ་སྔོན་འགོག་སྨན་ཁབ་རག་ནས་མང་ཚོགས་ཁྲོད་ནས་དགུང་ལོ་ ༦༠ ཡན་རྣམས་ལ་བརྒྱབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད། སྤྱིར་བདེ་ལེགས་སྨན་ཁང་འདི་ཁེ་མེད་ཀྱི་ཚོགས་སྡེ་ཞིག་ཡིན་ནའང་། ད་ལྟའི་ཆར་རྒྱ་གར་གཞུང་ངོས་ནས་བདེ་ལེགས་སྨན་ཁང་འདི་སྒེར་པའི་སྨན་ཁང་ཞིག་ལ་ངོས་འཛིན་བྱས་ཡོད་སྟབས། ང་ཚོས་གཞུང་ལ་སྙན་ཞུ་བརྒྱབ་ནས་སྨན་ཁབ་ཉོ་དགོས་ཀྱི་ཡོད་ཅིང་། མི་རེ་རེའི་ཆེད་ཧིན་སྒོར་ ༡༥༠ གཞུང་ལ་འབུལ་དགོས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ང་ཚོས་དགུང་ལོ་ ༦༠ ཡན་རྣམས་ཀྱི་ས་ནས་དངུལ་ལེན་མི་དགོས་པར་རྒྱ་གར་གཞུང་ལ་བདེ་ལེགས་སྨན་ཁང་རང་ནས་འབུལ་རྒྱུ་ཡིན། ཅེས་བརྗོད་བྱུང་།

འགོག་ཁབ་ཐོ་འགོད་བྱེད་སྟངས་སྐོར་ལ་ཁོང་གིས། ད་ལྟའི་ཆར་གལ་ཆེ་ཤོས་དེ་མང་ཚོགས་ངོས་ནས་རྒྱ་གར་གཞུང་གི་མཉེན་ཆས་ཨ་རོ་གྱ་སེ་ཏུ་ (https://www.aarogyasetu.gov.in/applink/) ནང་སོ་སོའི་ཁ་པར་ཨང་གྲངས་ཐོག་ནས་ཐོ་འགོད་བྱེད་དགོས་པ་དང་། ཐོ་འགོད་བྱེད་སྐབས་དེ་སྔ་ཡིན་ན་རིན་མེད་(Free)ཀྱི་གདམ་ཀ་དེར་མནན་ཏེ། རྒྱ་གར་གཞུང་གི་སྨན་ཁང་ལ་འགྲོ་དགོས་ཀྱང། ད་ལན་རིན་པ་སྤྲོད་དགོས་པའི་(Paid)གདམ་ཀ་དེར་བདམས་དགོས་ལ། དེའི་རྗེས་སྨན་ཁབ་རྒྱག་སའི་ས་ཚིགས་དེ་བདེ་ལེགས་སྨན་ཁབ་གདམ་དགོས་སྐོར་འགྲེལ་བརྗོད་གནང་བྱུང་ལ། མང་ཚོགས་ངོས་ནས་རྒྱ་གར་གཞུང་གི་འགོག་ཁབ་ཀྱི་ལས་གཞིའི་ལམ་སྟོན་གཞིར་བཟུང་ཐོ་འགོད་བྱེད་དགོས་སྐོར་བརྗོད་བྱུང་།

ཡང་མང་ཚོགས་ཁྲོད་ནད་གཞིའི་རྐྱེན་པས་སྨན་ཁབ་བརྒྱབ་ཆོག་མིན་གྱི་ཐད་ལ་གནས་ཚུལ་བདེན་པ་མིན་པ་མང་པོ་ཞིག་ཁྱབ་བཞིན་པར་བརྟེན། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་ནད་གཞི་ག་རེ་ཡོད་ན་སྔོན་འགོག་སྨན་ཁབ་བརྒྱབ་ཆོག་གི་མེད་པ་རེད་ཅེས་དྲིས་པར་ཁོང་གིས། ཟླ་བ་གཅིག་ནང་ཚུད་ལ་སྔོན་འགོག་སྨན་ཁབ་གང་རུང་བརྒྱབ་མྱོང་བ་དང་། སྦྲུམ་མ་རྣམས། ལོ་ན་ ༡༨ མན་ཆད། དེ་བཞིན་ཁྲག་འབྱམས་པའམ་ཁྲག་ཤོར་བ་ (Bleeding disorder)། གཞན་ཡང་ཁབ་ཀྱི་རྒྱུ་ཆ་ལ་མི་འཕྲོད་མཁན་བཅས་ཀྱིས་གནས་སྐབས་རིང་སྔོག་འགོག་སྨན་ཁབ་བརྒྱབ་མི་ཆོག་སྐོར་བརྗོད་བྱུང་ལ། ཡང་སྤྱི་ཚོགས་ཁྲོད་ཁྲག་ཤེད་དང་གཅིན་སྙིའི་ནད་གཞི་ཅན་རྣམས་ཀྱིས་འགོག་ཁབ་བརྒྱབ་མི་ཉན་པའི་སྐད་ཆ་ཞིག་འགྲོ་བཞིན་པའི་ཐད་ཁོང་གིས། རྒྱ་གར་གཞུང་ངོས་ནས་ནད་གཞི་དེ་དག་ཡོད་མཁན་ཚོས་སྔོན་འགོག་སྨན་ཁབ་བརྒྱབ་དགོས་པ་མ་ཟད། ད་དུང་རང་ལོ་ ༤༥ ཡན་རྣམས་ཀྱི་ཁྲོད་འདས་པའི་ལོ་ ༡༠ ནང་ཁྲག་ཤེད་དང་གཅིན་སྙིའི་ནད་གཞི་ཕོག་ཡོད་ཚེ་སྔོན་འགོག་སྨན་ཁབ་བརྒྱབ་དགོས་པའི་ལམ་སྟོན་གནང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ད་ཐེངས་བདེ་ལེགས་སྨན་ཁབ་ཀྱིས་རྒྱག་བཞིན་པའི་སྔོན་འགོག་སྨན་ཁབ་དེ་ཨེས་ཏྲ་ཛེ་ནེ་ཁ་ (AstraZeneca) དང་ཨོག་སི་ཧྥོར་ཌི་གཉིས་ཀྱིས་བཟོས་པའི་ཀོ་ཝི་ཤིལ་ཌི་ (Covishield) དེ་ཡིན་ཞིང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྫོང་གི་ཛོ་ནལ་སྨན་ཁང་དུ་སྔོག་འགོག་སྨན་ཁབ་དེ་སྒྲོན་སྐབས། མགོན་པོ་ཁོང་ཉིད་ཀྱིས། ནད་པ་ཚོས་ཀྱང་ཕྱོགས་ཡོངས་ཀྱི་ཁེ་ཕན་གྱི་ཆེད་དུ་འགོག་ཁབ་འདི་བརྒྱབ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ངོས་ཀྱིས་འགོག་ཁབ་འདི་བརྒྱབས་པ་ཡིན། མི་མང་པོ་ཞིག་ལ་འགོག་ཁབ་འདི་རྒྱག་པའི་བློ་སྤོབས་ཡོང་བར་ངོས་ཀྱིས་སྐུལ་མ་བྱེད་འདོད་བྱུང་། ཞེས་བཀའ་སློབ་གནང་ཡོད་པ་རེད།

ཐོ་འགོད་བྱེད་སྟངས།  https://www.youtube.com/watch?v=XmA0-_e2gpQ

https://tibettimes.net/wp-content/uploads/2021/03/CoWIN-Registration-with-Aarogya-Setu-App.mp4

 

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese