མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་ཀ་ཆེན་ཞིག་འདི་ལྟར་བསྒྱེལ་སོང།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp
སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

ཀ༽ གྲོས་ཚོགས་ཚོགས་དུས་༡༠ པ་མེད་པར་བཟོས་པ།

ཁྲིམས་ཞིབ་ཁང་གིས། ཚོགས་དུས་༡༠ དེ་ཕར་འགྱངས་བཏང་བ་ཡིན་ཞེས་དོན་ལ་ཚོགས་དུས་གཅིག་ཕྱིར་བསྡུ་བྱས་པ་དེ། བཅའ་ཁྲིམས་དོན་ཚན་༤༠ པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྔོན་མ་གྲོལ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་པའི་དགོངས་དོན་དང་གནོད་འགལ་བྱས་པ་ཞིག་ཡིན་པས། དེ་ཁྲིམས་མཐུན་བཟོ་དགོས་པའི་ལམ་སྟོན་བཀའ་ཁྱབ་བཏང་ཡོད། སྤྱི་འཐུས་རྒྱུན་ལས་ཀྱིས་དེ་ཁས་ལེན་མ་བྱས་པར་ཁྲིམས་ཞིབ་ཁང་དང་ཁྲིམས་བཟོ་ལྷན་ཚོགས་བར་གྱི་ཆད་པ་གཅོད་རེས་ཀྱི་གནས་ཚུལ་འདི་དག་བྱུང་བ་རེད།

གང་ལྟར་ཚོགས་དུས་༡༠ ཕྱིར་འགྱངས་བྱས་པའི་མིང་ཐོག་ནས་ཚོགས་མེད་པ་དེ་བདེན་པ་རེད། ཡིན་ན་ཡང་ད་ལྟ་ཚོགས་དུས་བཅུ་གཅིག་པ་ལ་ཚོགས་དུས་༡༠ ཞེས་འཚོག་བཞིན་ཡོད། འོ་ན་ཚོགས་དུས་༡༡ པ་ག་དུས་འཚོག་རྒྱུ་ཡིན་ནམ།

ཏོག་དབྱིབས་གཉན་རིམས་ཀྱིས་ཚོགས་དཀའ་བའི་གནས་སྟངས་ཆགས་པ་ཡིན་ན་ཡང་དེ་བཅའ་ཁྲིམས་དང་མ་འགལ་བ་ཞིག་ངེས་པར་གནང་དགོས་པ་རེད། ཚོགས་དུས་ཕྱིར་འགྱངས་ཀྱི་མིང་ཐོག་ནས་ཚོགས་དུས་ཤིག་མེད་པར་གཏོང་བའི་སྐུ་དབང་དེ་ཐལ་དྲགས་པ་དང་ཉེན་ཁ་ཆེ་བ་ཞིག་ཅི་ལ་མིན།

ཁ༽ ཁྲིམས་ཀྱིས་ངོས་བཞེས།(suo moto)

ཁྲིམས་ཀྱིས་ངོས་བཞེས་ཞེས་ནི། ཁྲིམས་ཞིབ་ཁང་གིས། བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་ཁྲིམས་ཀྱི་ཐོབ་ཐང་། སྤྱི་པའི་ཁེ་ཕན་བཅས་གནད་དོན་གསུམ་གྱི་ཐོག་ལ་ཐད་ཀར་དུ་ཁྲིམས་ཞིབ་ལག་བསྟར་བྱེད་ཆོག་པའི་དབང་ཚད་ཅིག་རེད།

དེ་ཡང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཞིག་ཚོགས་གཙོ་དང་། ཁྲིམས་ལུགས་རིག་པ་མཐར་ཕྱིན་པའོ་མི་སྣ་གཙོ་བོར་གྱུར་བའི་མི་སྣ་༥ དང་ལས་རོགས་ཁྲིམས་དོན་ལས་བྱེད་༢ བཅས་བསྐོ་འཛུགས་བྱས་པའི་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་ལྟར་དུ། བཅའ་ཁྲིམས་དོན་ཚན་༦༧ པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི་ཞེས་པའི་དགོངས་དོན་ལྟར་དུ། སྤྱི་མང་གཏུག་བཤེར་བསྐྱར་བཅོས་ལྔ་པའི་སྐབས། ༢༠༡༩ ལོའི་ཟླ་༡༠ ཚེས་༡༤ ཉིན་གཏན་དུ་ཕབ་ཅིང་ཚེས་༡༦ བཀའ་སྤྱི་གཉིས་སུ་ཡིག་ཆ་ཕུལ་འདུག

དེ་བས་སྤྱི་འཐུས་རྒྱུན་ལས་ཀྱིས། “དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད། ༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌་་་ ” ཞེས་པ་ལུང་དྲངས་ནས་ཡར་ཞུ་གཏུགས་བྱེད་མཁན་མེད་པར་ཐད་ཀར་ཁྲིམས་ཞིབ་གནང་རྒྱུའི་དབང་ཚད་མེད་ཚུལ་བཤད་པ་དེ་ཁྲིམས་དོན་ལ་མ་གནས་པ་ཞིག་རེད་སྙམ།

ག༽ ཐལ་ཆ་ཆེ་བའི་འཕོ་འགྱུར།

“སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། ་་་་” གྲོས་ཚོགས་ཀྱིས་དབང་ཚད་འདིའི་ཐོག་ནས། “༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག” ཅེས་པའི་ཁྲིམས་དོན་ལ་ཁྲིམས་ཞིབ་ཁང་གིས་གནོད་འགལ་བྱས་ཚུལ་བཤད་དེ་ཁྲིམས་ཞིབ་པ་རྣམ་པ་གསུམ་ག་འཕོ་འགྱུར་གཏོང་བའི་གྲོས་ཆོད་གྲོས་འཆར་ལ་༼སྤྱི་འཐུས་༣༡༽མང་མོས་ཐག་གཅོད་བྱས་པ་རེད།

དེར་མཐུད་དེ་གྲོས་ཚོགས་སུ་སྤྱི་འཐུས་རྒྱུན་ལས་ངོས་ནས་བཅའ་ཁྲིམས་བསྐྱར་བཅོས་ལས་རིམ་ནང་དུ།  “དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ། ༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག” ཅེས་པ་དེ་ལ། བསྐྱར་བཅོས་ཚིག་བརྗོད་དུ།

“སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་གི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་། ཐག་གཅོད་བྱེད་ཕྱོགས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག” ཅེས་པའི་གཞུང་འབྲེལ་བསྐྱར་བཅོས་གྲོས་ཆོད་གྲོས་འཆར་ཡང་བཏོན་འདུག སྟབས་ཡག་ནས་གཏན་འབེབས་ཐུབ་མི་འདུག

བསྐྱར་བཅོས་འདི་ལྟར་བྱེད་པའི་དམིགས་ཡུལ་ཅི་ཡིན་ནམ། ཁྲིམས་ཞིབ་པ་གསུམ་ཆ་འཕོ་འགྱུར་བཏང་བ་མ་ཟད། འབྱུང་འགྱུར་ཡང་སྤྱི་འཐུས་ལྷན་ཚོགས་ལ་བཅའ་ཁྲིམས་ཀྱིས་ཀྱང་སྟངས་འཛིན་མི་དགོས་པ་ཞིག་བྱ་འདོད་པ་མ་རེད་དམ། འདི་ལ་ཕན་གནོད་གང་ཆེའམ།

མདོར་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། “སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་པ”མིན་པར་བཅའ་ཁྲིམས་ཀྱི་ཁྲིམས་དོན་དང་མཐུན་མིན་ལ་གཟིགས་ཏེ། ཁྲིམས་ཀྱིས་ངོས་བཞེས་བྱ་རིམ་ལག་བསྟར་གནང་བའི་དབང་ཚད་ཅིག་ཡིན་འདུག་ན། བཅའ་ཁྲིམས་དང་འགལ་འཛོལ་བྱུང་བ་དེ་སྤྱི་འཐུས་ལྷན་ཚོགས་མ་ཡིན་ན་ཁྲིམས་ཞིབ་ཁང་མིན་པར་མཐོང་། ལྷག་པར་དུ་ཡང་ཁྲིམས་ཞིབ་པ་རྣམ་གསུམ་སྐད་ཅིག་ལ་འཕོ་འགྱུར་བཏང་བ་འདི། དམངས་གཙོའི་ཀ་ཆེན་ཞིག་གློ་བུར་དུ་བཅག་པ་དང་འདྲ་བས་ནོར་འཁྲུལ་ཆེན་པོ་རེད། གལ་ཏེ་འཕོ་འགྱུར་གཏོང་དགོས་ངེས་ཀྱང་ཚབ་གསར་བསྐོ་འཇོག་གི་དུས་ཚོད་འདང་ངེས་ཞིག་ཡོད་པའི་སྒོ་ནས་འཕོ་འགྱུར་བཏང་ན། ལས་དོན་ཚང་མ་རྒྱུན་ཆད་མེད་པར་མཇུག་སྐྱོང་ཚགས་ཚུད་ཡོང་ཐུབ། དམངས་གཙོའི་གྲུབ་ཆ་གཙོ་བོ་ཀ་བ་ཞིག་སྟོངས་པར་གྱུར་བའི་བར་སྟོང་འདི་འདྲ་ཡོང་དགོས་དོན་མེད། དམག་འཁྲུག་དང་ནད་ཡམས་ཀྱི་ཛ་དྲག་གནས་ཚུལ་ནི་མ་རེད།

མཇུག་ཏུ། རྒྱ་ཆེའི་མི་མང་ལ་རེ་སྐུལ་ཞུ་འདོད་པ་ཞིག་ནི། སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཡིན་པས། སྤྱི་ཚོགས་ཀྱི་ཉམས་མྱོང་ཞན་པ་དང་ཁྲིམས་ལུགས་ཀྱི་གོ་རྟོགས་དམན་པའི་སྐྱེ་བོ་རྣམས་བོད་མི་མང་གི་སྤྱི་འཐུས་སུ་ཧ་ཅང་མི་འཚམ་པས་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམས་སུ་སྤྱི་འཐུས་སྤུས་དག་གང་མང་ཞིག་འདེམས་གནང་ཡོང་བ་ཞུའོ།།

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 5

  1. namgyal says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་མི་ལོ་དྲུང་བཅུའི་རིང་གི་ལོ་རྒྱུས་ཁྲོད་སྐྱུག་བྲོ་བའི་མིན་ནག་གི་ལོ་རྒྱུས་ཞིག་བསྩམས་པ་དང་དེ་ཡང་སྤྱི་འཐུས་རྒྱུན་ལས་རྣམས་ནས་དབང་ཆ་ལོག་སྦྱོད་དང་སྒྲིག་ཁྲིམས་ལ་འགྲེལ་ལོག་དང་། སྒེར་གྱི་དགྲ་ཤ་ཚང་མས་སེམས་ལ་གཉེར་ནས་ལོ་རྒྱུས་ནག་པ་ཞིག་བཟོས་སོངྲ
    དེང་སང་བོད་མི་ཚང་མས་འགོ་འཚོས་ཀྱི་ཡོད་པ་དང་། ཁྲིམས་ཞིབ་པ་རྣམས་ནས་ཁྲིམས་ལག་བསྟེར་གནང་སྟངས་ལ་འདོད་པ་ཁེངས་མིན་ལ་བརྟེན་ནས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏོང་བ་ནི་ལྐུག་རྟགས་དང་བླན་རྟགས་ཙམ་ལས་ཆོས་འཇིག་རྟེན་གང་ནས་བལྟས་ཀྱང་ཁྲིམས་མེད་ལུགས་མེད་ཁོ་ན་རེད་།།།།་ རྒྱུན་ལས་བ་ཚང་མ་ཉེས་ཅན་པ་ཤ་རྟག་རེད
    སྤྱི་བཏིང་ཁྲིམས་ཞིབ་འཕོ་འགྱུང་གཏོང་དགོས་བྱུང་ན་ཁྲིམས་ལུགས་ཀྱི་འགྲོ་སྟངས་སམ་བྱ་རིམ་ཆ་ཚང་འགྲོ་དགོས་པ་ལས་ལྐོག་ལྐོག་སེལ་སེལ་ཡོང་ཐབས་མེད་པ་ཞིག་རེད་
    ཁྲིམས་ཁང་ནི་གོང་ན་མེད་པའི་ཞུ་གཏུགས་བྱ་ཡུལ་དེ་རེད་ Apex Body of democratic institution .. སུ་གང་ཡང་ཁྲིམས་ཀྱི་གོང་ན་མེད།་ no One is above Law.. ཁྲིམས་ལུགས་ལ་བྱ་རིམ་མེད་ན་ཁྲིམས་མེད་ལུགས་མེད་ཟེར་་་ Law without due process is Anarchy … གོང་གསལ་གནད་དོན་རྣམས་འཛམ་གླིང་གཅིག་འགྱུར་ལ་ཁྱབ་པའི་ཡོངས་གྲགས་རྩོད་མེད་ཀྱི་ལྟ་གྲུབ་ཡིན་ན་ད་ཐེངས་གྲོས་ཚོགས་ལུགས་འདྲ་བ་འདི་འཚོས་གནས་ལུགས་འདི་ཙམ་ཡང་ཤེས་ཀྱི་མི་འདུག་

    Reply
  2. ཕུན་ཚོགས། says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་འདི་གནོད་སྐྱལ་མཁན་དང་། ངན་པར་རྒྱབ་ལངས་བྱེད་མཁན་ཙམ་མ་གཏོགས། གཞན་ཕན་ཐོགས་གང་ཡང་མི་འདུག་པས། ཡོད་མེད་ཁྱད་པར་ཅང་མ་མཐོང་།

    Reply
  3. ཤེས་རབ says:
    ལོ་ 5 སྔོན།

    དངོས་ཡོད་གནད་དོན་དེ་ཡིག་ཐོག་ལ་ཕབ་འདུག

    Reply
  4. ཐུབ་དབྱིག says:
    ལོ་ 5 སྔོན།

    དང་པོ། སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་བ་དེས་བཙན་བྱོལ་བོད་མིའི་མང་གཙོའི་ཀ་གཅིག་སྟོང་ཆ་ཆགས་པར་བརྟེན། ད་ལྟའི་གནས་སྐབས་འདིར་བཙན་བྱོལ་བོད་མིའི་མང་གཙོ་མཚན་ཉིད་དང་མ་ལྡན་པར་གྱུར་བ་དེའི་འགན་་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་དང་སྤྱི་འཐུས་༣༡གིས་འཁྱེར་དགོས་ཀྱི་རེད། དེའི་ལོ་རྒྱུས་ཀྱི་འགན་དེ་ཚོགས་གཙོ་པདྨ་འབྱུང་ནས་འཁྱེར་དགོས་ཀྱི་རེད། གང་ཡིན་ཞེ་ན་སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་འཆར་འཁྱེར་ཡོང་བ་དང་། ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་ཚོགས་འདུ་གཙོ་སྐྱོང་བྱེད་མཁན་ཁོང་རེད།
    གཉིས་པ། མང་གཙོའི་ལལ་ལུགས་ནང་ཆེས་གོ་གནས་མཐོ་བའི་མི་སྣ་གནས་དབྱུང་གཏང་དགོས་བྱུང་ན་དེར་ཚད་ལྡན་གྱི་བརྒྱུད་རིམ་ཡོད་དགོས་པ་ལས། སྤྱིར་བཏང་གྲོས་ཆོད་གྲོས་འཆར་འཁྱེར་ཡོང་བ་བཞིན་བྱེད་སྲོལ་ནི་མང་གཙོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་མཐོང་རྒྱུ་མེད། གནས་སྟངས་དེ་བོད་མི་བཙན་བྱོ་བའི་མང་གཙོའི་ལམ་ལུགས་ཀྱིས་འཛམ་གླིང་ནང་ལོ་རྒྱུས་དང་པོ་གསར་གཏོད་བྱས་པ་རེད།
    གསུམ་པ། གནད་དོན་དེ་དང་དེའི་འབྱུང་རྐྱེན་གྱི་གནས་ཚུལ་རྣམས་སྤྱི་འཐུས་ཡོངས་ལ་གསལ་བཤད་དྲང་བདེན་མ་གནང་བར་སྤྱི་འཐུས་རྒྱུན་ལས་ཚོའི་གང་བྱས་ཁོ་ན་གྲོས་ཚོགས་འཐུས་མི་ཚོར་གསལ་བཤད་བྱས་པ་དེས་སྤྱི་འཐུས་སྤྱི་འབྱིངས་ལ་མགོ་བསྐོར་བཏང་བ་དེ་རེད།
    བཞི་པ། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཉེས་ཆད་འཕོགས་པའི་མི་སྣ་གཅིག་ཡིན་བཞིན་དུ་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏང་རྒྱུའི་གནད་་དོན་དེའི་སྐོར་གྲོས་ཚོགས་སུ་བགྲོ་གླེང་གནང་སྐབས་རང་ཉིད་ཚོགས་གཙོ་ནས་དགོངས་ཞུ་བྱས་ཏེ། སྤྱི་་འཐུས་གཞན་བཞིན་བགྲོ་གླེང་གནང་མཉམ་ཞུགས་བྱེད་དགོས་པ་ལས་ཚོགས་གཙོའི་ཞབས་སྟེགས་ནས་བགྲོ་གླེང་གནང་བ་མ་ཟད།་ མཚམས་རེ་སྐད་ཤུགས་ཆེན་པོ་དང་ཚོར་བ་དྲག་པོས་བགྲོ་གླེང་གནང་བ་སོགས་ནི་ཚོགས་གཙོའི་འགན་འཁུར་གྱི་རིགས་ལམ་ལས་ཡོངས་སུ་ལྡོག་པ་མ་ཟད། བཟང་སྤྱོད་གཏན་ནས་མེད་པའི་གནས་སྟངས་ཤིག་རེད།

    ལྔ་པ། གནས་སྟངས་དེ་ལ་བརྟེན་ནས་བཅའ་ཁྲིམས་ལ་བཟོ་བཅོས་ཡང་ནས་ཡང་དུ་བྱེད་དགོས་བྱུང་སྟེ་ད་ལམ་གྱི་སྤྱི་འཐུས་གྲོས་ཚོགས་འདི་བཅའ་ཁྲིམས་ལ་རྩེད་མོ་རྩེད་མཁན་གཅིག་ལ་གྱུར་ནས་བོད་མི་བཙན་བྱོལ་བའི་བཅའ་ཁྲིམས་འདི་གང་ཟག་སྒེར་པ་འགའ་ཞིག་གི་དགོས་མཁོ་དང་མཐུན་པ་ཞིག་འགྱུར་ནས་ཚོགས་པ་སྐྱིད་སྡུག་གི་སྒྲིག་གཞི་ལས་བསྐྱར་བཅོས་བྱེད་བདེ་བའི་གནས་ཚད་ཤིན་ཏུ་དམའ་བོར་གྱུར།
    མདོར་བསྡུས་ན་སྤྱི་ནོར་༧གོང་ས་༧སྐབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་མཛད་པའི་མང་གཙོའི་སྒྲོམ་གཞི་ཡང་དག་པ་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་མིང་འཁྱེར་གནས་ལུགས་མི་ཤེས་ལ་ཧམ་སེམས་ཅན། རང་དོན་དང་ཆོལ་ཁའི་འཐེན་འཁྱེར་བའི་སྤྱི་འཐུས། ནོར་འཁྲུལ་ལ་ངོས་ལེན་གཏན་ནས་བྱེད་མ་ཐུབ་པར་རང་སྲུང་ཅན་གྱི་ཚོགས་གཙོའི་གཙོས་རྒྱུན་ལས་རྣམས་ཀྱིས་རྩ་གཏོར་གཏོང་རྒྱུ་འགོ་འཛུགས་བྱས་པ་རེད།
    རྒྱུ་མཚན་དེ་དག་ལ་བརྟེན་ནས་རིང་མིན་ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་འོས་བསྡུ་གནང་སྐབས་བཙན་བྱོལ་བོད་མིའི་མང་གཙོ་རྩབ་རལ་གཏོང་མཁན་ཚོགས་གཙོ་པདྨ་འབྱུང་གནས་གཙོས་རྒྱུན་ལས་བཅུ་གཅིག་དང་སྤྱི་འཐུས་གཞན་རྣམས་ལ་འོས་ཤོག་འཕེན་རྒྱུ་མེད་།པའི་འབོད་བསྐུལ་ནན་ཏན་ཞུ།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༤ པའི་འབྲུ་དོན་འོག་ཆེས་མཐོའི་ཁྲིམས་ཞིབ་ཚོར་གནས་ལུགས་འབྲེལ་བཤད་རྒྱག་རྒྱུའི་སྒོ་སྐབས་ཙམ་མེད་པར་གསང་བའི་འོས་བསྡུའི་ལམ་ནས་ཆེས་མཐོའི་ཁྲིམས་ཞིབ་ཆ་ཚང་འཕོ་འགྱུར་བཏང་བ་དེ་བཟང་སྤྱོད་དང་ཁྲིམས་མཐུན་འོག་ཏུ་བསྡད་ཡོད་མེད་ཐོག་རྒྱ་མི་མང་གི་ཚོར་ཤུགས་སླེབས་དགོས་པ་དེ་བཙན་བྱོལ་བོད་མིའི་མང་གཙོའི་སྲུང་སྐྱོབས་ཀྱི་འགན་དེ་འོས་འཕེན་རྒྱ་ཆེ་མི་མང་གི་ལག་ཏུ་ཡོད་པའི་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese