མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་བོད་མི་གྲངས་ ༡༠༡ འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་འབྲེལ་གྱི་ཕྱི་ལོ་ ༢༠༢༠ ལོའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ནས་ཕྱི་ལོ་ ༢༠༢༠ ལོ་མཇུག་བར་ཏུ་བོད་མི་ ༢༧༣ འཛིན་བཟུང་བྱས་ཡོད་པ་དང་ཚོགས་སྡེ་ཆེ་ཆུང་ཚང་མར་རྒྱ་ནག་གཞུང་གིས་ངོས་འཛིན་ངེས་པར་དགོས་པ་སོགས་ཀྱི་སྲིད་ཇུས་འོག་རང་དབང་ལ་བཀག་སྡོམ་ཤུགས་ཆེན་བྱས་ཡོད་སྐོར་བཀོད་འདུག

ཁ་སང་ཕྱི་ཚེས་ ༣༠ ཉིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཕྱི་ལོ་ ༢༠༢༠ ལོའི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་བཟུང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མུས་ཡིན་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་དང་ཁྲིམས་ཐག་དྲང་བདེན་ངང་མི་གཅོད་པ། ཁྲིམས་ཀྱི་བྱ་རིམ་ཕྱི་གསལ་ནང་གསལ་མེད་པ་སོགས་ཀྱི་གནད་དོན་མང་དག་ཅིག་སྙན་ཐོའི་ནང་བཀོད་དེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་འདུག

སྙན་ཐོ་དེའི་ནང་བོད་ནང་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་གྱི་སྐོར་ལ་ཕྱི་ལོ་ ༢༠༡༩ ཟླ་ ༦ ཙམ་གྱི་ནང་སི་ཁྲོན་དང་བོད་ལྗོངས་རིག་པའི་ཚོགས་པ་Sichuan Tibet Studies Societyཟེར་བའི་དྲུང་གཞོན་ཚེ་རིང་དོན་གྲུབ་ལགས་འཛིན་བཟུང་བྱས་རྗེས། ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༧ ནང་ཙམ་ལ་པོ་ཏཱ་ལའི་དོ་དམ་ཁང་གི་རྒན་བསོད་ནམས་ལགས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་ཕྱི་ལོ་ ༡༩༩༥ ལོ་ནས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་གཉིས་གར་སོང་ཆ་མེད་དུ་གྱུར་བ།  ཉེ་ལམ་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་སྐོར་བརྗོད་ཡོད་ནའང་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤྲད་མེད་སྐོར་བཀོད་འདུག

བོད་ཀྱི་ཆབ་སྲིད་བཙོན་མའི་སྐོར་ལ་བོད་རིགས་ཚོའི་ཆབ་སྲིད་དང་ཆོས་ལུགས་ཀྱི་བྱེད་སྒོ་ལ་བརྟེན། ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ཙམ་ནས་བོད་མི་གྲངས་ ༢༧༣ འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་ཁྲོད། བོད་མི་གྲངས་ ༡༡༥ ཡི་གྱོད་དོན་གསལ་ཁ་ཡོད་པ་དང་། ཁོང་རྣམས་ཟླ་ ༡༥ ནས་ཚེ་བཙོན་གྱི་བར་ཁྲིམས་ཐག་བཅད་ཡོད་པ་དང་། འཛིན་བཟུང་བཙོན་འཇུག་གི་གྲངས་ཀ་དེ་ནི་ཉུང་ཤས་ཤིག་ལག་སོན་བྱུང་ཙམ་ཡིན་པ་ལས་བོད་ནང་བཙོན་འཇུག་གི་གྲངས་ཧ་ཅང་མང་སྐོར་བཀོད་འདུག་ལ། ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་༧གོང་ས་མཆོག་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་བོད་མི་གྲངས་ ༡༠༡ འཛིན་བཟུང་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་དང་། ད་ལྟ་ཁོང་རྣམས་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་བཀོད་འདུག

དེ་བཞིན་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་མི་ཚོར་གཅར་རྡུང་མནར་གཅོད་གཏོང་བཞིན་པ་དང་། མི་སྤྱོད་ལས་འདས་པའི་ཉེས་ཆད་གཅོད་པ། གང་བྱུང་འཛིན་བཟུང་དང་བཀག་ཉར་བྱེད་པ། ཆབ་སྲིད་ཀྱི་ཀུན་སློང་ཡོད་ཚུལ་བརྗོད་དེ་འཁོན་ལན་སློག་པ་དང་། གང་བྱུང་ཁྲིམས་འགལ་སྒོས་མི་སྒེར་ལ་གནོད་འཚེ་གཏོང་བ། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། དྲ་རྒྱའི་རང་དབང་སོགས་ལ་བཀག་སྡོམ་དང་སྟངས་འཛིན་ནན་མོ་བྱེད་པ། ཞི་བའི་འདུ་འཛོམས་དང་འབྲེལ་འདྲིས་རང་དབང་ལ་བཀག་སྡོམ་བྱེད་པ་དང་། ཆོས་དད་རང་དབང་ལ་སྟངས་འཛིན་དང་ཐེ་གཏོགས་བྱེད་པ། དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་འོག་ཡོད་པ་དང་། བོད་མིའི་འགྲོ་འོང་རང་དབང་ལ་སྟངས་འཛིན་ནན་མོ་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྐོར་བཀོད་འདུག

བོད་མིའི་ཐོག་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་ཐད། རྒྱ་ནག་གཞུང་གིས་རྟོག་ཞིབ་བརྙན་མིག་ས་ཡ་མང་པོ་བཙུགས་ཏེ། བརྙན་མིག་ལ་བརྟེན་ནས་མི་མང་གི་འགྲོ་འོང་ལ་སྟངས་འཛིན་བྱེད་པ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་།  འདུ་འཛོམས་ཆེན་པོ་ཁག་གི་ནང་བོད་མིའི་ཆབ་སྲིད་དང་ཆོས་ལུགས་ཀྱི་མགོ་ཁྲིད་དག་གི་གདོང་རིས་དང་འགྲོ་སྟངས་ངོས་འཛིན་ཐུབ་པའི་བརྙན་མིག་ནས་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ། འདས་ལོའི་ཕྱི་ཟླ་ ༡༢ ཙམ་གྱི་ནང་རྒྱ་ནག་གི་བརྙན་མིག་བཟོ་ལས་ཁང་ཁག་ཅིག་གིས་བོད་སོགས་གྲངས་ཉུང་མི་རིགས་ཁག་གི་གདོང་རིས་དབྱེ་བ་འབྱེད་ཐུབ་པ་ཞིག་གསར་བཟོ་བྱས་ཡོད་སྐོར་དང་། བོད་ཁུལ་གྱི་དགོན་སྡེ་ཁག་གི་ནང་རྒྱ་ནག་གཞུང་གིས་རྟོག་ཞིབ་བརྙན་མིག་བཙུགས་ཡོད་པ་དང་། ཁྲིམས་ཀྱི་ཐོག་ནས་བདེ་སྲུང་དང་འབྲེལ་བའི་དོན་རྐྱེན་སྐབས་ས་གནས་ཀྱི་བདེ་སྲུང་ལས་ཁུངས་ཁག་གིས་བོད་ཁུལ་གྱི་འབྲེལ་མཐུད་དྲ་རྒྱ་ཁག་བཅད་ཆོག་པའི་ཆོག་མཆན་སྤྲད་དེ་བོད་ཁུལ་དུ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྐོར་བཀོད་འདུག

ཡང་སྙན་ཐོའི་ནང་། རྒྱ་ནག་གི་རྩ་ཁྲིམས་ནང་ཚོགས་པ་ཁག་ལ་རང་དབང་ཡོད་པ་གསལ་ཡོད་ནའང་། རྒྱ་ནག་གཞུང་གིས་རང་དབང་ཁག་ཚོད་འཛིན་བྱས་ཏེ་ཚོགས་སྡེ་ཆེ་ཆུང་ཚང་མར་རྒྱ་ནག་གཞུང་གིས་ངོས་འཛིན་དགོས་པ་དང་། ངོས་འཛིན་གྱི་སྒྲིག་གཞི་དེ་དག་གིས་ཆབ་སྲིད་དང་ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་སོགས་ཀྱི་ཚོགས་པ་ལ་རང་བཞིན་གྱིས་བཀག་འགོག་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཕྱིའི་རྒྱལ་ཁབ་ཁག་གི་རོགས་དངུལ་ལེན་པར་མུ་མཐུད་དམ་དྲག་དང་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པ་དང་། བཙན་དབང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་འགྲུལ་བསྐྱོད་ཀྱི་བཀག་བསྡོམས་བྱེད་པ་དང་། ལས་བྱེད་ལ་སྡིགས་ར་སྐུལ་བ། དེ་ལ་བརྟེན་ནས་ས་གནས་ཀྱི་ལས་གཞི་ཁག་བསྐྱར་གསོ་བྱེད་མ་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༢ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༧ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese