མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇ་མུ་ཀ་ཤི་མུར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཇ་མུ་ཀ་ཤི་མུར་ནང་ཡོད་པའི་གནད་ཡོད་མི་སྣ་ཁག་ཅིག་གཙོ་བོར་གྱུར་བའི་ཇ་མུ་ཀ་ཤི་མུར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་དུ་བཙུགས་ཏེ་ས་གནས་སུ་བོད་དོན་གོ་རྟོགས་སྤེལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཇ་མུ་གྲོང་སྡེའི་ནང་ལ་དྭགས་པ་ཕུན་ཚོགས་ལགས་ཀྱིས་ཇ་མུ་ཀ་ཤི་མུར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མ་དེ་གསར་འཛུགས་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། སྐབས་དེར་ཁོང་གིས། ཇ་མུ་ཀ་ཤི་མུར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་ནི་ས་གནས་སུ་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་དང་བོད་དོན་དང་འབྲེལ་ནས་གོ་རྟོགས་སྤེལ་ཆེད་ཡིན་སྐོར་བརྗོད་འདུག

སྐབས་དེར་ལ་དྭགས་པ་ཕུན་ཚོགས་ལགས་ཀྱིས། རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༡༤༠ ཙམ་ཡོད་ནའང་། ད་སྔ་བར་དུ་ཇ་མུ་ཀ་ཤི་མུར་གྱི་ནང་བོད་མི་ཚོར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་ཀྱི་མེད་སྐོར་ལ་གོ་རྟོགས་སྤེལ་མཁན་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཅིག་ཀྱང་མེད་སྟབས། བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཡིས་ས་གནས་ཀྱི་སློབ་མ་དང་ཤེས་ཡོན་ཅན་ལ་བོད་དོན་གོ་རྟོགས་ཀྱི་གཏམ་བཤད་གོ་སྒྲིག་དང་། ཟབ་སྦྱོང་སོགས་སྤྲད་དེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐོར་ལ་གྲོས་བསྡུར་བྱེད་པའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་ཁོང་གིས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་དང་། དབུས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འོག་ནས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པས་རང་དབང་གི་སྡེ་ཚན་ཞིག་གི་ངོ་བོའི་ཐོག་ནས་ལས་ཀ་བྱ་རྒྱུ་ཡིན་པ་དང་། དེ་ནི་མི་མང་གི་ཚོགས་པ་ཞིག་ཡིན་སྐོར་དང་། ཚོགས་མིའི་ཁོངས་སུ་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་བྱས་ཡོད་པ་དང་། ཁོང་ཚོ་ནི་བོད་དོན་རྒྱབ་སྐྱོར་ལ་ཁ་ཞེ་གཉིས་མེད་ཡིན་པ་མ་ཟད། བོད་མིའི་རང་དབང་བསྐྱར་གསོ་དང་ངོ་བོ་སྲུང་སྐྱོབ་ཡོང་བར་རོགས་འདེགས་བྱ་རྒྱུར་འདུན་པ་ཡོད་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་གྱི་ཁོར་ཡུག་ཆེ་རུ་གཏོང་བ་དང་། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་ནང་ཁོར་ཡུག་གཏོར་བཅོམ་མཚམས་འཇོག་བྱེད་པར་ཆོད་སེམས་ཡོད་མཁན་ཤ་སྟག་ཡིན་སྐོར་བརྗོད་འདུག

ཇ་མུ་ཀ་ཤི་མུར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཇ་མུ་ཀ་ཤི་མུར་ནང་གི་གནད་ཡོད་མི་སྣ་ཁག་ཅིག་གིས་སྣེ་འཁྲིད་བྱེད་ཀྱི་ཡོད་འདུག་ལ། དེའི་ཁྲོད་རྒྱ་གར་གཞུང་འབྲེལ་བརྒྱུད་ལམ་དྷུར་ཌར་ཤིན་ (Doordarshan) གསར་ཁང་གི་འགན་འཛིན་ཟུར་པ་ར་ཇིན་དྷར་སིངྒ་རའེ་ནཱ་ (Rajinder Singh Raina) ལགས་དང་། ཉེན་རྟོག་མགོ་འཁྲིད་ཟུར་པ་ཨམ་ཇེཌ་པར་ཝེ་ཛི་མིར་ཛ་ (Amjad Pervez Mirza) ལགས། དངུལ་ཁང་གི་འགན་འཛིན་ཟུར་པ་དང་སློབ་དཔོན་ཆེན་མོ་ཚེ་རིང་ (Tsering Tundom) ལགས་སོགས་ཡོད་འདུག་ལ། ཚོགས་པ་དེ་ནི་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༠ ནང་ཇ་མུ་ཀ་ཤི་མུར་དང་ལ་དྭགས་གཉིས་ཁ་ཁར་ཕྱེས་ཏེ། རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ཁུལ་དུ་བཟོས་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱས་པ་ཐོག་མ་དེ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༡༩ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese