མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་དགོངས་སེལ་དང་སྦྲགས་རྩ་དགོངས་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་ནོར་འཁྲུལ་ཤོར་ན་ངོས་ལེན་ཞུས་ནས་དགོངས་པ་ཞུ་རྒྱུ་དེ་འོས་འདེམས་བྱུང་བའི་མགོ་འཁྲིད་ཅིག་གི་བཟང་སྤྱོད་ཆགས་ཡོད་པས་རྩ་དགོངས་ཞུས་པ་ཡིན་ཞེས་གསལ་བསྒྲགས་གནང་སོང་།

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་མདུན་ཐང་དུ་བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དང་འབྲེལ་ནས་ཁྲིམས་དོན་ཁག་ཅིག་ལ་གོ་བ་ལེན་སྟངས་ནོར་འདུག་པས། སེམས་གཏིང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་བཅས་ལ་དགོངས་སེལ་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་གནས་ནས་དགོངས་པ་ཞུས་པ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་སོང་།

ཁོང་གི་ཡིག་ཐོག་གསལ་བསྒྲགས་ནང་། དེ་རིང་ ༢༠༢༡ ཟླ་ ༤ ཚེས་ ༨ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བདག་གི་སློབ་དཔོན་ཟམ་གདོང་རིན་པོ་ཆེར་གནད་འདིའི་ཐོག་བཅར་འདྲི་ཞུ་སྐབས། བཅའ་ཁྲིམས་དོན་ཚན་ ༦༧ འོག་ཁྲིམས་ཞིབ་ཁང་ལ་དེ་ལྟར་ཁྲིམས་བཟོ་བའི་དབང་ཚད་ཡོད་པ། དེ་ནི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་མེད་པ། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་ ༤༩ གཙོས་པའི་གོ་བ་ལེན་སྟངས་ཐད་ཀྱང་རང་ཉིད་ལ་ནོར་འཁྲུལ་བྱུང་འདུག་ན། སྙིང་ཁོང་རུས་པའི་གཏིང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ། བོད་མི་མང་བཅས་ལ་དགོངས་སེལ་ཞུ་རྒྱུ་མ་ཟད། སྤྱི་འཐུས་ཀྱི་ལས་འགན་ནས་ཀྱང་དགོངས་པ་ཞུས་པ་ཡིན། གནད་དོན་འདིའི་སྔ་ཕྱི་བར་གསུམ་ཡོངས་རྫོགས་ལ་རང་ཉིད་ཀྱི་རྣམ་དཔྱོད་གཞན་བྲན་དུ་མ་བཏང་བར། སྤྱི་འཐུས་ཀྱི་ལས་འགན་འབད་སྒྲུབ་བྱས་པ་ལས། ཤེས་བཞིན་ཁྱད་གསོད་བྱས་པ་ཏིལ་འབྲུ་ཙམ་མེད་པ་དམ་གཙང་ལྷ་མི་ཡོངས་ནས་དགོངས་འཇགས་ཞུ། ཞེས་བཀོད་ཡོད་འདུག

དེ་རྗེས་གསར་འགོད་པས་ད་ལྟ་སྤྱི་འཐུས་ལས་ཐོག་ནས་དགོངས་པ་ཞུ་ཡི་ཡོད་ནའང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིའི་ནང་དུ་ཡོད་སྟབས། མུ་མཐུད་སྤྱི་འཐུས་ནང་དུ་བཞེངས་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས། སྐབས་བཅུ་བདུན་པའི་སྤྱི་འཐུས་འོས་མིའི་ཁོངས་ནས་དེ་སྔོན་དབུས་འོས་བསྡུའི་ལས་ཁང་ནས་འོས་མི་རྣམས་སྤྱི་འཐུས་ལ་ལངས་མིན་གྱི་ཐག་གཅོད་བྱེད་པར་ཆུ་ཚོད་དུས་བཀག་བྱས་ཏེ་གཏན་འཁེལ་ཟིན་ཡོད་སྟབས། དོ་བདག་གིས་འོས་ཁོངས་ནས་ཕྱིར་འཐེན་བྱེད་འདོད་ཡོད་ཚེ་དེ་དུས་བྱེད་པ་ལས་ད་ལྟ་བྱ་ཐབས་མེད་པ་དང་། སྐབས་བཅུ་བདུན་པའི་སྐབས་སུ་འོས་ལྡུག་མིན་དེ་མདོ་སྨད་རྒྱ་ཆེ་མང་ཚོགས་ཀྱིས་ཐག་གིས་གཅོད་ཀྱི་ཡོད་པ་རེད། ད་ལྟའི་ཆར་བཟང་སྤྱོད་ཀྱི་ཐོག་ནས་ནོར་བ་དེ་ནོར་བ་ལ་ངོས་ཟིན་པའི་ཐོག་ནས་མི་མང་ལ་དགོངས་སེལ་ཞུས་ནས་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། མ་འོངས་བར་གང་འདྲ་གནང་མིན་དེ་མདོ་སྨད་མི་མང་ནས་ཐག་གིས་གཅོད་ཀྱི་ཡོད་སྐོར་བརྗོད་སོང་།

ཡང་གསར་འགོད་པས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་ཟིན་པ་དང་། ད་ལྟ་སྤྱི་འཐུས་རྒྱུན་ལས་ཀྱིས་རིམ་པར་དགོངས་པ་ཞུས་ཚེ། ཁྲིམས་གཞི་བསྐྱར་བཅོས་མང་པོ་ཞིག་ལྷག་ཡོད་པ་དང་། ཕྱི་ཟླ་ ༥ གྲོས་ཚོགས་ཀྱི་གྲུབ་ཆ་ཚང་མིན་གྱི་གནད་དོན་ཡོང་སྲིད་པས་དེའི་ཐད་ལ་དགོངས་ཚུལ་ཅི་ཡོད་འདྲི་སྐབས་ཁོང་གིས། ང་རང་གི་བསམ་ཚུལ་ཡིན་ན་སྤྱི་འཐུས་དགོངས་པ་ཞུ་མཁན་མང་པོ་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་མེད་པ་དང་། དགོངས་པ་ཞུ་མཁན་མང་པོ་ཡོང་གི་ཡོད་མེད་ལ་མ་བལྟོས་པའི་ཐོག་ནས་ནམ་རྒྱུན་གྱི་འགྲོ་སྟངས་ཤིག་ཡོད་པ་རེད། ནོར་འཁྲུལ་ཞིག་ཤོར་བ་ཡིན་ན་ངོས་ལེན་ཞུས་ནས་དགོངས་པ་ཞུ་རྒྱུ་དེ་དམངས་གཙོའི་ལམ་ནས་འདེམས་འཐོན་བྱུང་བའི་མགོ་ཁྲིད་ཅིག་གི་བཟང་སྤྱོད་ཆགས་ཡོད་པ་དང་། མ་འོངས་པའི་གནས་སྟངས་དེ་སྐབས་དེ་དུས་ཀྱི་མི་ཡིས་ཐག་གཅོད་བྱས་འགྲོ་གི་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

ཡང་གསར་འགོད་པས་བློ་བཟང་ཆོས་འབྱོར་ལགས་ནས་ཁྲིམས་ཀྱི་ངོས་བཞེས་ཐད་རྩོམ་ཡིག་བྲིས་པ་དང་༧གོང་ས་མཆོག་ལ་དགོངས་སྐོར་ཞུ་དགོས་པ་སོགས་ཀྱི་འགན་འཁུར་བ་ཞིག་གསུངས་ཡོད་ནའང་། གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་འགན་འཁུར་ངོ་མ་དེ་གྲོས་ཚོགས་ར་བའི་ནང་གསུངས་དགོས་པ་ཞིག་ཆགས་ཡོད་སྟབས། ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏོང་སྐབས་ཁྱེད་རང་ངོས་ནས་གནད་དོན་དེ་དུས་ཡུན་ཐུང་ངུ་ཞིག་གི་ནང་ཐག་གཅོད་ཐུབ་པ་ཞིག་མིན་པ་དང་༧གོང་ས་མཆོག་ལ་དགོངས་སྐོར་ཞུ་དགོས་པ་སོགས་གསུངས་མེད་པའི་རྒྱུ་མཚན་ཅི་ཡིན་བཀའ་འདྲི་ཞུ་སྐབས། ཁོང་གིས། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༨ ནས་བཟུང་ཕྱོགས་བཞུགས་སྤྱི་འཐུས་རྣམས་ལ་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་རྒྱུན་ལས་དབར་གྱི་ཡིག་ཆ་ག་རེ་བྱུང་བ་རྣམས་ཆ་ཚང་བཏང་ཡོད་པ་དང་། དེ་ཙམ་དུ་མ་ཟད་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་གཉིས་མཇལ་འཕྲད་གནང་བའི་ཚིག་ཐོའང་བཏང་ཡོད་པ་རེད། ཕྱོགས་བཞུགས་སྤྱི་འཐུས་རྣམ་པས་སྔ་དུས་ནས་ཐག་གཅོད་གནང་ཚར་བ་རེད། ང་རང་ལ་ཆ་མཚོན་ན་བློ་མཐུན་པ་དང་། ནམ་རྒྱུན་ལྟ་གྲུབ་དང་ཁྲིམས་སྒྲིག་གི་ཐོག་དོ་སྣང་ཡོད་མཁན་གྱི་སྤྱི་འཐུས་མང་པོ་དང་མཉམ་དུ་རབ་དང་རིམ་པར་གྲོས་བསྡུར་ཕྱིན་ཚར་བ་ཡིན། ད་ལྟ་གློ་བུར་དུ་གྲོས་ཚོགས་ཀྱི་ཚོགས་ཐེངས་གཅིག་གི་རིང་ལ་ཟེར་བའི་སྐད་ཆ་ཞིག་ཡོད་པ་རེད། དེ་ནི་ཟླ་གསུམ་དང་བཞི་ཡི་ལས་ཀ་ལྟ་བུ་ཞིག་ཆགས་ཡོད་པ་རེད། དེ་བས་དེའི་ཐོག་ལ་བསམ་བློ་ཆ་ཚང་བཏང་ནས་ཐག་གཅོད་བྱས་པ་ཞིག་རེད། རིན་པོ་ཆེའི་བཀའ་སློབ་ཕེབས་ཡོང་དུས་གནས་ཚུལ་ཁ་ཁ་རེད་མ་གཏོགས། དེའི་སྔོན་ལ་ང་རང་ཚོའི་ཐག་གཅོད་དེ་ལ་ང་རང་ཕྱི་གསལ་ནང་གསལ་དང་གནོངས་འགྱོད་མེད་པ་ལྟ་བུ་ཡིན་པ་དང་། དེའི་ཆ་ནས་གྲོས་ཚོགས་ནང་ནས་དམིགས་བསལ་གྱིས་ཞུ་དགོས་པ་ཞིག་ལ་མཐོང་གི་མེད་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༢༡ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 2

  1. Tseten Gyurmae says:
    ལོ་ 5 སྔོན།

    ང་ཚོ་ལ་དྲང་བདེན་གྱི་འོས་འདེམས་དགོས་ལ། དེ་བས་ཀྱང་དྲང་པོའི་སྲིད་སྐྱོང་ཞིག་དགོས་པ་ཤིན་ཏུ་ནས་གལ་ཆེན་ནང་གི་དོན་ཆེན་རེད། པད་མ་ཆོས་འཕེལ་ནས་ལྷག་བསམ་བཟང་པོའི་ཐོག་ནས་་བྲིས། ཞེས་པར། དྲང་བདེན་དང་དྲང་པོའི་སྲིད་སྐྱོང་ཞིག་དགོས་རྒྱུ་ཡང་ད་ག་གང་རེད། ཡིན་ཀྱང་དྲང་པོ་དེ་གཞན་ལ་མིན་འདུག་ཞུ་བར་དང་པོ་རང་གཙང་མ་དགོས་མ་རེད་པས། གོང་གི་ལྷག་བསམ་བཟང་པོའི་བོད་མི་ཞིག་གི་བསམ་ཚུལ་ལ་གཟིགས་དང་གོང་འདིར་དཀུན་དགའ་ Says : དང་མཐའ་བསྡོམས་དེར་པད་ཆོས་འཕེལ་ནས་ཞེས་པ་དྲང་བདེ། མི་བདེན། སྐུ་དཔར་སྐོར་དེ་བདེན་པ་ཡང་རེད་ལ་མི་བདེན་པའང་ཡིན་སྲིད། ཇི་ལྟར་བདེན་ཟེར་ན། དབུ་དཀར་ཚང་གི་ནིའུ་ཡོག་དོན་ཁང་ཌི་སི་ལ་སྤོ་སྐབས་དོན་ཁང་དུ་ཡོད་པའི་༧སྐུའི་སྐུ་པར་དང་གཞན་རྣམས་ཚང་མ་མར་ཕབ་ནས་ཌི་སི་ལ་གདན་ཞུས་པ་རེད། སྐུ་པར་སྐོར་མི་བདེན་པ་ཡིན་སྲིད་པ་དེ་ཌི་སི་དོན་ཁང་སྣེ་ལེན་འཚོམ་ཁང་་ Reception དུ་༧སྐུ་པར་མར་ཕབ་པ་ལ་དང་ཐོག་ཡར་གཤམ་དགོས་ཡིན་པ་གཤམ་མེད་ན་མར་ཇི་ལྟར་ཕབ།
    ད་ཆ་སྲིད་སྐྱོང་འོས་མི་གཉིས་ལས་མེད་པས་དབུ་དཀར་ཚང་མིན་ན་སྤེན་ཚེ་ལས་གཞན་མེད་དོ། པད་མ་ཆོས་འཕེལ་ཁྱེད་ཀྱི་ལྷག་པའི་བསམ་པ་དེ་ལ་གཟིགས་དང་སྤེན་ཚེ་མི་དབུ་དཀར་ལས་བརྒྱ་ཕྲག་གི་རྙོག་འཁྲ་ཆེ་བའི་མི་ད་བར་བྱུང་མ་མྱོང་བའི་རྒྱ་གར་གསང་བའི་ལས་ཁུངས་ནས་ཀྱང་ཞིབ་འཇུག་ཞུ་དགོས་པའི་གནས་ཡིན་པ་ལའང་རྒྱབ་སྐྱོར་བྱས་། དེ་ལས་ལྷག་པའི་བོད་གཞུང་ལས་བྱེད་པ་དབུ་དཀར་ལ་གཞུང་དངུལ་ཟས་པའི་ཁག་བཙུགས། བོད་གཞུང་གི་རྩིས་ལ་ལོ་ལྟར་རྩིས་ཞིབ་ཞུ་ཡི་ཡོད། དབུ་དཀར་ཚང་བོད་གཞུང་དོན་གཅོད་དང་རྡ་སར་ལས་བྱེད་ཞུས་པས་ལོ་བཅུ་ཙམ་སོང་ཡོད་པས་རྩིས་ཞིབ་ཡིག་ཆ་ག་པར་གསལ་འདུག ཁྱེད་ཀྱི་ལྷག་བསམ་དེ་བུ་ལྐུག་པས་ཕ་མགོ་བཅོམ་པའི་དཔེ་ལྟར་ཡིན་འདུག གང་གིས་ན་རང་དོན་ཆེད་བོད་གཞུང་ཀྱང་ནག་པོ་བཟོས་པ་མ་རེད་པས། ང་དབུ་དཀར་ཚང་ལ་སྒེར་དོན་ཆེད་རེ་དགོས་གང་ཡང་མེད་དོ་། དྲང་པོ་ཞུ་དགོས་མཁན་དང་བོད་གཞུང་ནག་མེད་ལ་དགོས་མེད་ཀྱི་དྲིབ་ནག་གཡོག་མཁན་ལ་ལན་རྒྱབ་དགོས་མཁན་ཞིན་ཡིན།།

    Reply
  2. བོད་ཕྲེང་འཛིན་ཅན། says:
    ལོ་ 5 སྔོན།

    སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།
    https://www.khabdha.org/?p=103480#more-103480

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese