མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་པར་སྒྲིག་གཤོམ་མི་ཆོག་པ་སོགས་ཀྱི་བཀག་སྡོམ་དོན་ཚན་ ༥ བསྒྲགས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་ཉེན་རྟོག་པས་བོད་མིའི་ཁྱིམ་ཚང་རེ་རེར་ཕྱིན་ནས་གུང་ཁྲན་ཏང་ལ་མིག་དཔེ་བལྟས་ནས་དེའི་རྗེས་སུ་འབྲང་དགོས་ལུགས་དང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་ན་སྲིད་གཞུང་གི་རོགས་སྐྱོར་ཡོངས་རྫོགས་མེད་པ་བཟོ་རྒྱུ་ཡིན་པའི་དོན་ཚན་ ༥ ཅན་གྱི་བཀའ་རྒྱ་བསྒྲགས་ཡོད་འདུག

ཁ་སང་ཕྱི་ཚེས་ ༧ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༥ ཉིན་རྒྱ་ནག་གཞུང་གིས་ཆེད་དམིགས་འཇིགས་སྐུལ་དྲག་སྤྱོད་ལ་འགོག་རྒོལ་ཆེད་བཙུགས་པའི་དྲག་ཆས་ཉེན་རྟོག་རུ་ཁག་ (The Snow Wolf Commando)ཟེར་བ་ཞིག་གིས། དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་དབོན་པོ་ཡུལ་ཚོའི་བོད་མིའི་ཁྱིམ་ཚང་རེ་རེར་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་རྣམས་བཙན་གྱིས་མར་ལེན་དུ་བཅུག་སྟེ། དེའི་ཚབ་ཏུ་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོའི་པར་བཀལ་བ་མ་ཟད། ཚོགས་འདུ་ཞིག་གི་ཐོག་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མི་བཤམ་རྒྱུའི་དོན་ཚན་ ༥ ཅན་གྱི་ཁས་ལེན་ཡི་གེ་ཞིག་ལ་མིང་རྟགས་བཀོད་བཅུག་ཡོད་པ་སོགས་དམ་དྲག་དོགས་གཟོན་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་འདུག

འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར་ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་སྤེལ་བའི་ཁས་ལེན་ཡི་གེ་དེ་མཁོ་སྤྲོད་བྱས་པའི་ནང་། ཏང་གི་བཀའ་དྲིན་ཚོར་བ་དང་མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་སྲུང་བའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། རང་ཁྱིམ་དུ་བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་བྲིས་བཞག་མི་ཆོག་པ་དང་། རང་ཉིད་ཀྱི་གཉེན་ཉེ་ཁྱིམ་ཚང་ལ་བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་པར་བཞག་མི་ཆོག་པའི་སྐུལ་སློང་བྱེད་དགོས་པ། བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་པར་སྒེར་ཉར་དང་། བརྒྱུད་སྤྲོད། པར་འགྲེམ་བཅས་བྱེད་མི་ཆོག དེ་བཞིན་དྲ་ཐོག་ནས་ཏཱ་ལའི་སྐུ་པར་དང་རི་མོ། དེ་བཞིན་ཁྲིམས་འགལ་གྱི་གཏམ་བརྗོད། རྩོམ་སྒྲིག་དང་བརྒྱུད་སྤེལ་བྱ་རྒྱུ་གཏན་འགོག་བྱེད་དགོས་པ། རང་ཉིད་ཆབ་སྲིད་ཀྱི་ལམ་ལ་ཕྱོགས་ནས། ཏང་ལ་མིག་དཔེ་བལྟས་ཏེ་ཏང་གི་རྗེས་སུ་འབྲང། ཁྲིམས་འགལ་གྱི་རིགས་དབྱེ་བར་འཐབ་རྩོད་བྱས་ནས་དྲང་བདེན་གྱི་ལམ་ལ་བསྒྱུར་དགོས། ཞེས་དོན་ཚན་ ༥ བཀོད་ཡོད་པའི་ཐོག གལ་ཏེ་བོད་མི་སུ་རུང་དོན་ཚན་དེ་དག་དང་འགལ་ཚེ། རྒྱལ་ཁབ་ཀྱི་འཚོ་བའི་རོགས་དངུལ་ཡོངས་རྫོགས་དང་རོགས་སྐྱོར་གཅིག་ཀྱང་མེད་པར་བྱ་རྒྱུ་ཡིན་སྐོར་བཀོད་འདུག

ས་གནས་ཀྱི་འབྲེལ་ཡོད་བོད་མི་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྤྱི་ཚོགས་དྲ་ལམ་སྟེང་ཉེ་ལམ་རྒྱ་ནག་གི་བཙོན་འོག་ཏུ་གདུག་རྩུབ་མནར་གཅོད་མྱངས་རྗེས་འདས་གྲོངས་སུ་ཕྱིན་པའི་རྫ་དབོན་པོའི་གྲྭ་བསྟན་འཛིན་ཉི་མ་ལགས་ཀྱི་གནས་ཚུལ་སྤྱི་ཚོགས་དྲ་ལམ་དུ་འགོད་སྤེལ་བྱས་པའི་རྐྱེན་གྱིས། ས་གནས་བོད་མི་འགའ་འཛིན་བཟུང་བྱས་ཏེ་གང་དུ་ཡོད་མེད་ཁ་གསལ་མེད་སྐོར་དང་། ཡང་ས་གནས་མི་མང་རྣམས་ལ་ཁ་པར་ནང་མཉེན་ཆས་ཤིག་ཕབ་ལེན་བྱེད་དུ་བཅུག་སྟེ། སྒེར་གྱི་གནས་ཚུལ་རྣམས་ཐད་ཀར་གཞུང་གིས་ལྟ་ཆོག་པར་བཟོས་ཡོད་སྐོར་བཀོད་འདུག

གཞན་ཡང་། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་རྫ་དབོན་པོ་ཁུལ་གྱི་བོད་མིའི་དུད་ཚང་རྣམས་སྔོག་བཤེར་མ་བྱས་གོང་གི་སྔར་ཉིན་ཏག་ཏག་དེར། རྒྱ་ནག་གི་དམར་ཤོག་ཚོགས་པའི་དྲུང་ཆེ་དབྱང་མིང་ཀོང་ (Yang Mingguang) ཟེར་བ་ཞིག་རྫ་དབོན་པོའི་ས་གནས་ས་ཐོག་གི་གནས་ཚུལ་ལ་རྟོག་ཞིབ་ཆེད་བསླེབས་ཏེ། རྫ་དབོན་པོ་དགོན་པའི་གྲྭ་པ་རྣམས་ལ་སློབ་གསོ་སྤྲད་པས་མི་ཚད། ཉེན་རྟོག་པ་རྣམས་ལ་སྤྱི་ཚོགས་བསྲ་བརྟན་གྱི་ཕྱོགས་སུ་ཤུགས་བརྒྱབ་དགོས་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

ཆུ་ཚོད་ ༡༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese