མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ ༡༣ པ་མགོ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

དབུས་ཚོགས་གཞོན་་སྐལ་བཟང་གཡུ་སྒྲོན་ལགས་ནས་ཐེངས་འདིའི་ཚོགས་ཆེན་ཐོག་ནེའུ་ཡོག་དང་ནེའུ་འཇར་སིའི་སྐབས་བཅོ་ལྔ་པའི་རྒྱུན་ལས་བསླེབས་འདུག་པ་ལྟར་ནང་ཁུལ་གྲོས་བསྡུར་བྱས་ནས་དཀའ་རྙོག་སེལ་བ་ལྟ་བུ་དང་མཐའ་མའི་ཐག་གཅོད་བྱུང་ཡོད་སྐོར་བརྗོད་བྱུང་།

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་ཐོག བཞུགས་སྒར་དྷ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉིན་གསུམ་རིང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མགོ་འཛུགས་གནང་སོང་བ་དང་།   ཚོགས་ཐོག་ཏུ་དམིགས་བསལ་སྐུ་མགྲོན་བོད་ཀྱི་བཙུན་མའི་ལས་འཆར་གྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་རྣམ་གཉིས་ཀྱི་དབུས་བུད་མེད་ཀྱི་རྒྱུན་ལས་ཟུར་པ་ཁག་ཅིག་དང་། ཚོགས་སྐྱིད་ཁག་གི་འཐུས་ཚབ། དེ་བཞིན་ས་གནས་བུད་མེད་ ༡༨ ཀྱི་འཐུས་ཚབ་བཅས་མཉམ་ཞུགས་གནང་ཡོད་འདུག

ཚོགས་ཆེན་གྱི་ཐོག་མར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་ལས་བསྡོམས་དང་འབྲེལ་ནས་གསུང་བཤད་གནང་སྐབས། བུད་མེད་ལྷན་ཚོགས་ཀྱི་དམིགས་ཡུལ་དེ་བཞིན་དྲན་གསོ་ཡང་ཡང་གཏོང་དགོས་པ་གལ་ཆེན་པོ་ཡིན་པ་དང་། ཚོགས་པའི་དམིགས་ཡུལ་ཞུས་པ་ཡིན་ན། དེ་ནི་མ་ཎི་བགྲངས་བ་དང་གཅིག་མཚུངས་ཡིན་ལ། མ་ཎི་ག་ཚོད་བགྲངས་བ་ཡིན་ནའང་ཕན་ཐོགས་མ་གཏོགས་གནོད་སྐྱོན་མེད་པ་མ་ཟད། བུད་མེད་ལངས་གླུའི་ཚིག་དེ་དག་ལ་བལྟས་ནས་བོད་མི་རེ་རེ་ཡིས་ཉིན་རེའི་བྱེད་སྒོ་དང་བོད་སྤྱི་དོན་ཐད་ནུས་པ་སྤུངས་ཐབས། དེ་བཞིན་མཐུན་སྒྲིལ་བྱེད་ཕྱོགས་སོགས་གསལ་བོ་བསྟན་ཡོད་སྐོར་དང་། དེང་སྐབས་བོད་མིའི་སྤྱི་ཚོགས་ནང་ཟ་ངེ་ཟིང་ངེ་ཡོད་པ་དེ་མི་ཡོང་ཆེད་བུད་མེད་ལྷན་ཚོགས་ཀྱི་ལངས་གླུ་ལ་བལྟ་དགོས་སྐོར། དེ་བཞིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་སླེབས་རྗེས་ནས་བོད་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་སྟབས། མི་སྒེར་དང་ཚོགས་སྡེ་ཁག་གིས་རང་ནུས་ལ་དཔག་པའི་ལས་འགུལ་སྤེལ་གྱི་ཡོད་པ་དང་། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཀྱང་གང་ཐུབ་བྱེད་ཀྱི་ཡོད་སྐོར། བོད་ནང་གི་བུད་མེད་གནས་སྟངས་ལོ་རེར་ཕྱི་རྒྱལ་ཀྱི་ཉམས་ཞིབ་པ་དང་། དགེ་རྒན་ཆེན་མོ་སོགས་མི་གྲངས་ ༡༠༠ ཙམ་ངོ་སྤྲོད་བྱེད་ཀྱི་ཡོད་སྐོར། མཚམས་རེར་སྤྱི་ཚོགས་ནང་གི་དཀའ་ངལ་ཁག་ས་གནས་ཀྱིས་སེལ་ཐབས་བྱེད་ཀྱི་ཡོད་ནའང་། ས་གནས་ཀྱི་སེལ་མ་ཐུབ་པ་རྣམས་དབུས་ལ་ཞུས་ནས་སེལ་ཐབས་གང་ཐུབ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཚོགས་ཆེན་ཐོག་ཏུ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས། ཉེ་ཆར་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་བའི་གནད་དོན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ནི་དམངས་གཙོའི་སྒྲོམ་གཞི་ཞིག་གི་ནང་ཡོད་ནའང་བཙན་བྱོལ་ནང་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན། གནད་དོན་དེའི་རིགས་ལ་བཀའ་བསྡུར་དང་ལྷག་པར་དུ་དམངས་གཙོའི་ཀ་བ་གསུམ་པོ་ནས་གུ་ཡངས་གནང་ཇི་ཐུབ་བྱ་དགོས་པ་གལ་ཆེན་ཡིན་ལ། ད་ལན་གྱི་དཀའ་ངལ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སེལ་ཐབས་དགོས་སྐོར་གསུངས་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས། བོད་མི་རྣམས་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་སོགས་ལ་དགོངས་པ་བཞེས་ཐུབ་ན་དཀའ་རྙོག་ཆུང་རིགས་སྔོན་འགོག་ཐུབ་ལ། ཚང་མས་རྒྱ་ཆེ་ས་དང་སྤྱི་པར་བསམ་བློ་གཏང་ནས་ལས་དོན་སྒྲུབ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་གསུངས་སོང་།

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཉེ་ལམ་གྱི་ནེའུ་ཡོག་དང་ནེའུ་འཇར་སིའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་སྐབས་ ༡༥ དང་༡༦ དབར་གྱི་རྩིས་སྤྲོད་ཀྱི་དཀའ་རྙོག་དེ་ཚོགས་ཆེན་འདིའི་ཐོག་ཐག་གཅོད་བྱུང་མེད་དྲིས་པར་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས། རྩ་བའི་ནེའུ་ཡོག་དང་ནེའུ་འཇར་སིའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཡིན་པ་དེ་སྐབས་བཅུ་དྲུག་པ་དེ་ཆགས་ཡོད་པ་རེད། འོན་ཀྱང་ཐེངས་འདིར་སྐབས་བཅོ་ལྔ་པ་ཕེབས་འདུག་པ་དང་། ང་ཚོའི་ལས་ཁུངས་སུ་བཅར་ནས་བཀའ་མོལ་བྱུང་སོང་། སྤྱིར་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༦ ཉིན་ཐག་གཅོད་ཟིན་པ་རེད། སྐབས་བཅོ་ལྔ་པ་ཕེབས་ཡོད་སྟབས། ང་ཚོས་ཡར་མར་བཀའ་མོལ་ཞུས་ཏེ་སྐབས་བཅོ་ལྔ་པས་སྐབས་བཅུ་དྲུག་པར་ལས་ཐམ་དང་ལས་ཤོག ངོ་དེབ་བཅས་རྩིས་སྤྲོད་བྱས་མེད་སྟབས། ད་ལན་དེ་དག་རྩིས་སྤྲོད་བྱེད་པའི་ཐོག ཚོགས་ཆེན་འདི་གོ་སྐབས་སུ་བཟུང་སྟེ་སྐབས་བཅོ་ལྔ་པར་ཕྱག་འཁྱེར་ཕུལ་བ་དང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༥ ཚེས་ ༩ ཉིན་ས་གནས་སུ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱུང་སོང་། ད་ལྟའི་ནེའུ་ཡོག་དང་ནེའུ་འཇར་སིའི་དཀའ་རྙོག་དེ་སེལ་བ་ལྟ་བུ་ཞིག་དང་མཐའ་མའི་ཐག་གཅོད་བྱུང་བ་དང་། གཉིས་ཀས་མོས་མཐུན་ཡོད་པ་དང་མཚན་རྟགས་བརྒྱབས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པས་དེ་སྔོན་ས་གནས་སུ་དངུལ་བྱང་རྩིས་སྤྲོད་བྱུང་ཡོད་མེད་ཀྱི་གནད་དོན་ཞིག་བྱུང་ཡོད་པས་དེའི་ཐད་གང་འདྲ་བྱུང་ཡོད་དྲིས་པར་ཚོགས་གཞོན་ལགས་ཀྱིས། དངུལ་བྱང་དེ་སྐབས་བཅོ་ལྔ་པའི་ཕྱག་ལས་གནང་སྐབས་དངུལ་གཉེར་གྱི་མཚན་ཐོག་ལ་ཡོད་འདུག་པ་དང་། སྐབས་བཅོ་ལྔ་པའི་དངུལ་གཉེར་གྱིས་སྐབས་བཅུ་དྲུག་པའི་དངུལ་གཉེར་ལ་རྩིས་སྤྲོད་གནང་ཚར་འདུག སྐབས་བཅུ་དྲུག་པ་ཡར་བཞེངས་སྐབས་སུ་དངུལ་རྩིས་སྤྲོད་བྱུང་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese