མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་པའི་བོད་མི་ཇེ་མང་རེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཅིག་པུར་རྒྱ་གར་རྒྱལ་ཡོངས་ནང་ཁྱོན་ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་གསར་པ་ ༢,༥༩,༡༧༠ ཐོན་པ་དང་མི་གྲངས་ ༡༧༦༡ ནད་ཡམས་ཀྱིས་འདས་གྲོངས་སུ་གྱུར་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་ཏྲ་ཁན་ཌིའི་གྲོང་ཁྱེར་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནང་དུའང་བོད་མི་ ༡༣༨ ཙམ་ལ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་ཡོད་པའི་རྐྱེན་གྱིས། ནད་པ་ཆ་ཚང་དྲག་སྐྱེད་མ་བྱུང་བར་དུ་གཞིས་ཆགས་ནང་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་ཡོད་འདུག

འདི་གའི་གསར་འགོད་པས་ལྡེ་རུ་རྡུན་ཁུལ་ཡོངས་ཀྱི་སྤྱི་ཁྱབ་ས་གནས་མགོ་འཛིན་ནོར་བུ་ལགས་སུ་ས་གནས་ཀྱི་ད་ལྟའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་ཟླ་འདིའི་ཕྱི་ཚེས་ ༨ གཡས་གཡོན་ལ་བདེ་སྐྱིད་གླིང་ནང་ཏོག་དབྱིབས་ནད་པ་ ༡༠ ལྷག་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་མང་ཚོགས་ནང་འཆམ་ནད་ཕོག་མཁན་མང་པོ་བྱུང་བའི་རྐྱེན་གྱིས་བརྟག་དཔྱད་བྱས་རྗེས། མི་གྲངས་ ༡༣༨ ལྷག་ལ་ཏོག་དབྱིབས་ནད་ཡམས་འགོས་པ་ཤེས་རྟོགས་བྱུང་འཕྲལ་ས་གནས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དུ་ཟུར་བཀག་བྱས་ཡོད་པ་དང་། ད་ལྟའི་ཆར་ནད་པའི་ཁྲོད་ནས་ནད་པ་རྒན་གྲས་ ༤ ཙམ་ལ་དབུགས་གཏོང་ལེན་གྱི་དཀའ་ངལ་ཕྲད་པའི་རྐྱེན་གྱིས་སྨན་བཅོས་སྲོག་རླུང་སྤྲོད་མུས་ཡིན་པ་ལས། ནད་པ་གཞན་རྣམས་ལ་ནད་རྟགས་ཛ་དྲག་པོ་དེ་འདྲ་གང་ཡང་མེད་སྐོར་བརྗོད་བྱུང་ལ། ནད་པ་ ༡༣༨ ཁྲོད་ནས་མི་གྲངས་ ༡༡ དྲག་སྐྱེད་ཕྱིན་ཏེ་རང་ཁྱིམ་དུ་གནས་སྐབས་རིང་ཟུར་བཀག་བྱེད་མུས་ཡིན་པ་དང་། སྤྱིར་བཏང་གཞིས་ཆགས་ནང་ཉིན་གྲངས་ ༦ རིང་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་ཡོད་ནའང་། ནད་པ་ཆ་ཚང་དྲག་སྐྱེད་མ་ཕྱིན་བར་དུ་བཀའ་རྒྱ་གློད་རྒྱུ་མིན་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་ལྟར་ན། ཁ་སང་གཅིག་པུར་རྒྱ་གར་རྒྱལ་ཡོངས་ནང་ཁྱོན་ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་གསར་པ་ ༢,༥༩,༡༧༠ ཐོན་ཡོད་པ་མ་ཟད། མི་གྲངས་ ༡༧༦༡ ནད་ཡམས་ཀྱིས་འདས་གྲོངས་སུ་གྱུར་ཡོད་འདུག འདས་པའི་བདུན་ཕྲག་གཉིས་ཙམ་གྱི་གོང་ནས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་གི་འོས་བསྡུ་སོགས་ཀྱིས་མང་ཚོགས་ཀྱི་འདུ་འཛོམས་ཆེན་པོ་བྱུང་ཡོད་པ་མ་ཟད། གཞུང་དམངས་གཉིས་ཀའི་ཕྱོགས་ནས་ཏོག་དབྱིབས་སྔོན་འགོག་གི་བྱེད་སྒོ་ཁག་ལྷོད་གཡེང་ཤོར་བའི་རྐྱེན་གྱིས། འདས་པའི་བདུན་ཕྲག་འགའ་ཤས་གོང་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་མཱ་ཧཱ་ར་ཤི་ཏྲ་ (Maharashtra) གཙོས་པའི་ཨུ་ཏྲ་པར་དྷེ་ཤི་ (Uttar Pradesh) དང་། ནུབ་ཕྱོགས་མངའ་སྡེ་ར་ཇི་སི་ཐན། རྒྱལ་ས་ལྡི་ལི་བཅས་ནང་ཏོག་ནད་འགོས་ཁྱབ་ཤུགས་ཆེར་ཕྱིན་ཞིང་། འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་གྱི་ཉིན་རེའི་སྤྱི་སྙོམས་ནད་པའི་གྲངས་འབོར་དེ་འབུམ་ ༢ བརྒལ་ཡོད་ལ། ད་ལྟ་རྒྱ་གར་འཛམ་གླིང་ནང་ཨ་རིའི་རྗེས་ཀྱི་ཏོག་དབྱིབས་ནད་པ་མང་ཤོས་ཀྱི་རྒྱལ་ཁབ་དེར་གྱུར་ཡོད་པ་མ་ཟད། ད་ལན་གྱི་ནད་ཡམས་བསྐྱར་ལོག་འདི་འདས་ལོ་དང་བསྡུར་ན་གནོད་ཚབས་ཆེ་ཞིང་། དུས་ཐོག་ལ་སྟངས་འཛིན་མ་ཐུབ་ཚེ་མི་རྒྱུ་གཉིས་ལ་སྔར་བས་གྱོང་གུད་ཚབས་ཆེན་གཏོང་ངེས་ཡིན་པའི་བློ་འཚབ་བྱེད་ཀྱིན་འདུག

ཁ་སང་རྒྱ་གར་དབུས་གཞུང་གིས་ཛ་དྲག་གནས་སྟངས་དང་བསྟུནགསལ་བསྒྲགས་ཤིག་སྤེལ་ཏེ། འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་རྒྱ་གར་ནང་ལོ་ན་ ༡༨ ཡན་གྱི་གཞོན་སྐྱེས་ཚོར་ཏོག་དབྱིབས་སྔོན་འགོག་གི་ཁབ་རྒྱག་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་དང་། རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས། ང་ཚོའི་གཞུང་ངོས་ནས་འདས་པའི་ལོ་གཅིག་ལྷག་རིང་འབད་བརྩོན་ཞུས་ཏེ། དུས་ཐུང་རིང་རྒྱ་གར་མི་མང་གང་མང་ལ་ཏོག་དབྱིབས་འགོག་ཁབ་རྒྱག་ཐུབ་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ད་རེས་རྒྱ་གར་དབུས་ཐག་གཅོད་དེ་ནི་སྲིད་བློན་མུ་དྷི་མཆོག་རྒྱ་གར་གྱི་ཚད་མཐོའི་སྨན་པ་དང་སྨན་ལས་བཟོ་གྲྭ་ཁག་གི་འབྲེལ་ཡོད་མི་སྣ་རྣམས་ལ་ཐུག་འཕྲད་བྱས་རྗེས་བྱུང་བ་ཞིག་ཡིན་པ་རེད།

ད་སྔ་བར་རྒྱ་གར་གཞུང་ནས་ནད་ཡམས་ཀྱི་དཀའ་ངལ་ཁྲོད་གལ་གནད་ཆེ་བའི་སྨན་པ་དང་སྨན་ཞབས་པ། དེ་བཞིན་ལོ་ན་ ༤༥ ཡན་གྱི་མི་མང་ལ་ཏོག་དབྱིབས་འགོག་ཁབ་རིན་མེད་ངང་བརྒྱབ་ཡོད་པ་ལྟར། ལོ་ན་ ༡༨ ཡན་གྱི་གཞོན་སྐྱེས་ཚོར་ཏོག་དབྱིབས་འགོག་ཁབ་རིན་མེད་ངང་རྒྱག་འཆར་ཡོད་པ་དང་།  འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་གར་གཞུང་གིས་ཨེས་ཏྲ་ཛེ་ནེ་ཁ་ (AstraZeneca) དང་ཨོག་སི་ཧྥོར་ཌི་གཉིས་ཀྱིས་བཟོས་པའི་ཀོ་ཝི་ཤིལ་ཌི་ (Covishield) འགོག་ཁབ་གཉིས་ཛ་དྲག་བེད་སྤྱོད་ཆོག་པའི་བཀའ་འཁྲོལ་གནང་སྟེ་ད་ལྟའང་མུ་མཐུད་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། ད་རེས་དམིགས་བསལ་རྒྱ་གར་གཞུང་ནས་ཨུ་རུ་སུས་བཟོས་པའི་འགོག་ཁབ་ (Sputnik V) ཛ་དྲག་བེད་སྤྱོད་ཀྱི་ཆོག་མཆན་སྤྲད་ཡོད་པ་དང་ཟླ་འདིའི་ཟླ་མཇུག་ཏུ་ཨུ་རུ་སུའི་འགོག་ཁབ་རྒྱ་གར་ནང་འབྱོར་གྱི་ཡོད་པ་ལྟར། ལོ་ན་ ༡༨ ཡན་གྱི་རྒྱ་གར་བ་ཚོར་ཨུ་རུ་སུའི་ཏོག་དབྱིབས་འགོག་ཁབ་རྒྱག་སྲིད་ཀྱི་ཡོད་པའི་ཚོད་དཔག་ཀྱང་བྱེད་ཀྱི་འདུག

ད་ལྟའི་ཆར་རྒྱ་གར་ནང་ཁྱོན་མི་གྲངས་ས་ཡ་ ༡༢༤ ལ་ཏོག་དབྱིབས་འགོག་ཁབ་རིམ་པ་དང་པོ་བརྒྱབ་ཟིན་ཡོད་པ་དང་མི་གྲངས་ས་ཡ་ ༡༦ དང་འབུམ་ལྔ་ལ་འགོག་ཁབ་རིམ་པ་དང་པོ་དང་གཉིས་པ་ཆ་ཚང་བརྒྱབ་ཚར་ཡོད་ནའང་། རྒྱ་གར་ནང་ཉིན་རེར་མི་གྲངས་འབུམ་གཅིག་ལྷག་ལ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་སྟེ་ནད་པའི་གྲངས་འབོར་འཕེལ་ཚད་ཧ་ཅང་ཆེན་པོ་ཡིན་སྟབས།  མདང་དགོང་ཆུ་ཚོད་ ༡༠ པ་ནས་བདུན་གཅིག་རིང་ལྡི་ལི་རུ་གནས་པའི་རྒྱ་གར་བ་མི་གྲངས་ས་ཡ་ ༣༠ ལྷག་ཁྱིམ་སྡོད་བཀའ་རྒྱའི་བཅུག་ཡོད་པ་དང་། དེ་མཚུངས་སུ་རྒྱ་གར་མངའ་སྡེ་པན་ཇབ་དང་རཱ་ཇི་སི་ཐན། ཨོ་ཊར་སོགས་སུ་དུས་ཡུན་རིམ་བརྗེ་ཡིས་ཁྱིམ་སྡོད་བཀའ་རྒྱ་བཏང་དང་གཏོང་མུས་ཡིན་པ་རེད་ལ། རྒྱ་གར་ཁྱོན་ཡོངས་ཀྱི་གནས་སྟངས་ཛ་དྲག་དང་བསྟུན། ཨ་རི་གཞུང་གིས་རང་གི་མི་སེར་རྣམས་རྒྱ་གར་དུ་བསྐྱོད་རྒྱུ་བཤོལ་དགོས་པའི་ལམ་སྟོན་བྱས་འདུག་ལ། དབྱིན་ཡུལ་གཞུང་གིས་རྒྱ་གར་ནས་དབྱིན་ཡུལ་ནང་འགྲིམ་འགྲུལ་བྱེད་རྒྱུ་བཀག་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. རྒྱ་མ་ཚང says:
    ལོ་ 5 སྔོན།

    སྐུ་ངོ་་སྲིད་སྐྱོངས་དང་སྐུ་ངོ་སྐལ་རྡོར་གཉིས་ལ་ཐུགས་རྗེ་ཆེ་ད་ནད་ཡམ་ཁྱ་ཡག་པོ་ཁྱབ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese