མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་འབར་མ་གཉིས་ནི་ཆོས་དད་རང་དབང་ལ་དྲག་གནོན་བྱེད་མཁན་ཚབས་ཆེ་ཤོས་རེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་རྒྱ་ནག་གཞུང་གི་སྲིད་འཛིན་ལ་བསླེབས་པ་ནས་བཟུང་རྒྱ་ནག་ཁྱོན་ཡོངས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད་བོད་བརྒྱུད་ནང་བསྟན་ལ་དམ་དྲག་གི་ཁྲིམས་སྒྲིག་དམ་པོ་བཟོས་ཡོད་པའི་སྙན་ཐོ་བཏོན།

ཁ་སང་ཕྱི་ཚེས་ ༢༠ ཉིན་ཡེ་ཤུ་ཆོས་ཚོགས་ (Aid to the Church in Need International) ཀྱིས། འཛམ་གླིང་གི་རྒྱལ་ཁབ་༢༥ ཡི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་ཤོག་གྲངས་ ༨༠༠ ཡོད་པའི་སྙན་ཐོ་ཞིག་བཏོན་པའི་ནང་། འཛམ་གླིང་གི་རྒྱལ་ཁབ་༢༥ ཡི་ཁྲོད་ནས་རྒྱ་ནག་དང་འབར་མ་གཉིས་ནི་ཆོས་དད་རང་དབང་སྡུག་ཤོས་ཡིན་པ་དང་། ཕྱི་ལོ་ ༢༠༡༣ ལོར་ཞི་ཅིན་ཕིན་རྒྱ་ནག་གཞུང་གི་སྲིད་འཛིན་ལ་ཡར་བསླེབས་པ་ནས་བཟུང་རྒྱ་ནག་ཁྱོན་ཡོངས་སུ་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་དུ་ཕྱིན་ཡོད་སྐོར་བཀོད་འདུག

བོད་ནང་གི་གནས་སྟངས་སྐོར་ལ་སྙན་ཐོ་དེའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་གཙོས་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་སྟངས་འཛིན་ཡོང་ཐབས་སུ་རྒྱ་ནག་གཞུང་གིས་ཆེད་དུ་ཁྲིམས་བཟོས་ཡོད་པ་དང་། ༧གོང་ས་མཆོག་ལ་དད་མོས་བྱེད་མཁན་གྱི་དགེ་འདུན་པ་དང་བཙུན་མ་རྣམས་དགོན་སྡེ་ཁག་ནས་ཕྱིར་འཕུད་གཏོང་བ་དང་བཙོན་འཇུག་བྱེད་པ། མནར་གཅོད་གཏོང་བ་སོགས་བྱེད་ཀྱི་ཡོད་པ། དེ་བཞིན་ཆོགས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྟངས་འཛིན་དང་དམ་དྲག་ཤུགས་ཆེན་བྱས་ཏེ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་བྱེད་པ་ནི་ནག་ཉེས་ལ་རྩིས་ཏེ་ཉེས་ཆད་ལྗིད་པོ་གཅོད་པ། ལྷག་པར་དུ་ཕྱི་ལོ་  ༢༠༡༩ ལོར་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་སྡོད་ཤག་གཏོར་བཤིག་བཏང་སྟེ་གྲྭ་བཙུན་སྟོང་དྲུག་ཙམ་ཕྱིར་འཕུད་བཏང་ཐོག བཙན་དབང་གིས་བླ་རུང་སྒར་ལ་སློབ་གཉེར་བྱེད་མཁན་གསར་བསྡུ་མི་ཆོག་པ་བཟོས་ཡོད་པ་བཀོད་འདུག

ཡང་སྙན་ཐོ་དེའི་ནང་། རྒྱ་ནག་ནང་རིག་གནས་གསར་བརྗེ་ཡི་རྗེས་ནས་ད་ལྟ་ཆོས་ལུགས་དད་མོས་རང་དབང་ལ་དམ་དྲག་ཆེ་ཤོས་བྱེད་པའི་དུས་ཤིག་ཆགས་ཡོད་པ་དང་། ཆོས་དད་རང་དབང་ལ་དམ་དྲག་བྱེད་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབ་ཀྱི་དཀྱིལ་སྙིང་དུ་བཟུང་པ་དང་། དྲག་གནོན་བྱེད་པའི་བྱ་འགུལ་ནི་ཚགས་ཇེ་ཚུད་དང་གཞི་རྒྱ་ཆེ་རུ་བཏང་ཡོད་པ། འཕྲུལ་རིག་ནི་ཆོས་དད་རང་དབང་དང་འབྲེལ་བའི་གསང་མྱུལ་བྱ་ཆེད་བཟོ་བསྐྲུན་བྱེད་པ། ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་ངོས་འཛིན་བྱེད་ཕྱོགས་ནི་ཁྱོན་ཡོངས་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། མིང་དོན་མཚུངས་པའི་ཆབ་སྲིད་ཀྱི་གུ་ཡངས་ཤིག་ཡོང་གི་མེད་པར། དེ་ལས་ལྡོག་དེ་དྲག་གནོན་དང་མནར་གཅོད་མུ་མཐུད་གཏོང་གི་ཡོད་པའི་ཐོག དེང་རབས་ཀྱི་འཕྲུལ་རིག་སྤྱད་དེ་དྲག་གནོན་དང་མནར་གཅོད་སྔར་ལྷག་ཤུགས་ཆེ་རུ་གཏོང་གི་ཡོད་པ་བཀོད་འདུག

དེ་བཞིན་སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་ལས་དོན་དང་འབྲེལ་ནས་སྒྲིག་གཞི་ཁག་ཅིག་བཟོས་ཡོད་པའི་ནང་། ཆོས་དད་བྱེད་མཁན་ཚོས་རང་ཁོངས་ཀྱི་ཆོས་སྡེ་ཁག་གི་ནང་དེབ་སྐྱེལ་བྱེད་དགོས་པ་བཟོས་ཏེ། དེའི་དམིགས་ཡུལ་ནི་ཆོས་ལུགས་ཀྱི་ཚོགས་སྡེ་དང་སློབ་གྲྭ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཁག་དང་ལས་དོན་སྒྲུབ་ས་ཁག་ཕྱིའི་དབང་ཤུགས་འོག་མི་འགྲོ་ཆེད་ཡིན་སྐོར་དང་། ཆོས་ལུགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་མི་སྤྲོད་ཆེད་ཡིན་སྐོར་སོགས་བཀོད་ཡོད་ནའང་། དེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྟངས་འཛིན་སྔར་ལྷག་ཤུགས་ཆེན་བསླེབས་ཆེད་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ལོ་དེའི་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་དང་འབྲེལ་ནས་རྒྱབ་ཤ་དཀར་པོའི་དེབ་བཏོན་པའི་ནང་། སྲིད་གཞུང་གིས་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་ལ་མཛུབ་སྟོན་ཡང་ཡང་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཅན་དུ་བསྒྱུར་བར་རམ་འདེགས་བྱེད་དགོས་སྐོར་བཀོད་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་ཡུལ་མི་ཁག་རྒྱ་ནག་ནང་གི་ཆོས་ལུགས་བྱེད་སྒོ་ཁག་ལ་གཞུང་གི་ཆོག་མཆན་ཐོབ་རྗེས་མཉམ་ཞུགས་བྱས་ན་ལས། དེ་མིན་མཉམ་ཞུགས་བྱས་མི་ཆོག་པའི་སྐོར་བཀོད་ཡོད་པ་ནི་ཆོས་དད་རང་དབང་ལ་རྡོག་རོལ་བཏང་བ་ཞིག་སྐོར་སོགས་ཀྱི་སྐྱོན་བརྗོད་བྱས་འདུག

ཡེ་ཤུ་ཆོས་ཚོགས་ (Aid to the Church in Need International) ནི་ཡེ་ཤུ་བླ་ཆེན་ཕོབ་ཧྥ་རན་སི་སི་ (Pope Francis) ཡི་ཡེ་ཤུ་ཆོས་ལུགས་སྒྲིག་འཛུགས་ (Catholic Church) ཀྱི་རྒྱབ་གཉེར་འོག་ཕྱི་ལོ་ ༡༩༤༧ ལོར་བཙུགས་པ་ཞིག་ཡིན་འདུག་པ་དང་། ཆོས་ཚོགས་དེས་ལོ་གཉིས་རེའི་མཚམས་སུ་འཛམ་གླིང་ཁྱོན་ཡོངས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་ཀྱི་སྙན་ཐོ་རེ་འདོན་གྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese