མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཀྱི་ངོས་བཞེས་ཀྱི་ཐད་ནས་སྤྱི་ལྷན་གྱི་བྱས་ཉེས་གླེང་བ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁེར་བུད།

ནམ་རྒྱུན་རང་དབང་མང་གཙོའི་ལུང་པར་གནས་སྡོད་ང་རང་ཚོའི་ངག་ཏུ། ཁྲིམས་ཀྱི་གོང་ན་སུ་ཡང་མེད་(no one is above law)ཅེས་མ་ཎི་ལྟར་སྐྱོར་ཡང་། ལག་ལེན་དངོས་ཀྱི་སྟེང་དེ་ལྟར་མ་ཡིན་པར། དབང་ནུས་སུ་ཆེ་དང་སུའི་མགོ་སུས་ནོན་ལ་ཆེ་ཐང་དུ་བརྩོན་བཞིན་པ་ནི། ད་རེས་སྤྱི་ལྷན་གྱིས་ཁྲིམས་ཞིབ་པ་གསུམ་གློ་བུར་དུས་ཐུང་ནང་གསང་འོས་འཕངས་ཏེ་གནས་དབྱུང་བཏང་བ་འདིས་གསལ་བོར་ཤེས་ཏེ། འདི་ནི་དཔེ་མཚོན་ནམ་མིག་ལྟོས་སྐྱི་གཡའ་བ་ཞིག་རེད།

ནང་པའི་རྟོན་བཞིའི་འཇུག་ལྡོག་ལྟར། རང་རེའི་སྤྱི་ཚོགས་ལ་ཞི་བདེ་དང་བདེ་སྐྱིད་འོང་ཕྱིར། རང་ཅག་གི་མདུན་དུ་གང་ཟག་ལ་མི་རྟོན་ཁྲིམས་ལ་རྟོན་པའི་མང་གཙོའི་ལམ་སྲོལ་ཞིག་༧གོང་ས་མཆོག་གིས་བརྩེ་གཟིགས་ཀྱིས་སྔ་སོ་ནས་བཏིང་ཡོད་ནའང། སྐབས་༡༦པའི་སྤྱི་ལྷན་གྱིས་གང་ཟག་གི་དཔུང་ཤུགས་ངོམས་པ་ལྟ་བུས། རང་རེའི་བཅའ་ཁྲིམས་ཀྱི་དོན་ཚན་ ༤༠ པ་དང་། ༤༩པ། ༥༤པ། ༥པ། ༦༣ནང་ཚན་༤པ། ༦༦པ། ༦༧པ། ༦༩པའི་ཏ་པ་བཅས། ཁྲིམས་དོན་མང་པོ་ཞིག་རྒྱབ་བསྐྱུར་རམ་ཆུར་གཡུགས་ཀྱིས། མང་གཙོའི་ཀ་བ་གཅིག་དུས་ཡུན་ངེས་མེད་རིང་ས་ལ་བསྒྱེལ་པ་རེད།

སྤྱི་ལྷན་གྱིས་ཁྲིམས་ཞིབ་པ་རྣམས་གནས་དབྱུང་གི་ཐག་གཅོད་འདི་ཁྲིམས་གྱི་དོན་ཚན་མང་པོ་དང་འགལ་ཡོད་མོད། འདིར་སྟབས་བདེར་བྱ་བའམ་ཡིག་ཚོགས་བསྐྱུར་ཕྱིར། ཁྲིམས་དོན་གཞན་རྣམས་ཟུར་བཞག་གིས། བཅའ་ཁྲིམས་ཀྱི་དོན་ཚན་ ༦༩པའི་ཏ་པ་ ཁྲིམས་ཀྱི་ངོས་བཞེས་(Suo Moto)ཞེས་པའི་དོན་ཚན་འདི་གཅིག་པུའི་སྟེང་ནས་སྤྱི་ལྷན་གྱི་བྱས་ཉེས་དག་གསལ་བཤད་ཞུ་རྒྱུ་ཡིན་ན། སྙན་པོ་མེད་ཀྱང་ཤ་ཚའི་གཏམ་ཡིན་པས་སྤྱི་ལྷན་གྱིས་གསན་བསམ་འོང་བའི་རེ་བ་ཡོད།

དེ་ཡང་སྐབས་ ༡༦ པའི་སྤྱི་རྒྱུན་གྱིས་གྲོས་ཚོགས་ཚོགས་དུས་ ༡༠ པ་ཕྱིར་འགྱངས་བྱས་པ་བཅའ་ཁྲིམས་དོན་ཚན་ ༤༠ པ་དང་འགལ་འཛོལ་ལ་སོང་བརྟེན།  ༢༠༢༠།༩།༢༥ ཉིན་ཁྲིམས་ཞིབ་པས་ཁྲིམས་ཀྱི་ངོས་བཞེས་ཀྱི་དབང་ཚད་སྤྱད་དེ་སྤྱི་རྒྱུན་རྣམས་ལ་བཅད་ཁྲ་བཏང་སྟེ་ཉེས་ཆད་བཀལ། དེ་ནི་ཁྲིམས་ཞིབ་པས་རང་འཁྲིའི་ལས་འགན་བསྒྲུབས་པའམ་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་གནང་བ་ཞིག་ཡིན་ན་ཡང་། སྤྱི་རྒྱུན་གྱིས་གཞན་ལ་སྨན་དང་རང་ལ་དུག་ཏུ་བལྟས་ཏེ། དེ་ལ་ངོས་ལེན་གནང་རྒྱུ་ལྟ་ཞོག དེ་ནས་བཟུང་ “ཁྲིམས་ཀྱི་ངོས་བཞེས་” ལ་འགྲེལ་ལོག་སྣ་ཚོགས་བསྐྱོན་འགོ་བཙུགས་པ་མ་ཟད།  འགྲན་བསླངས་ཤིང་འཁོན་ལན་བསློགས་པ་ལྟ་བུས་ ༢༠༢༡།༣།༢༥ ཉིན་ཁྲིམས་ཞིབ་པ་གསུམ་ཅིག་ཅར་དུ་གནས་དབྱུང་བཏང་ངོ་། །

དེ་ཡང་སྤྱི་འཐུས་རྒྱུན་ལས་གྱིས་ཁྲིམས་ཀྱི་ངོས་བཞེས་ལ་འགྲེལ་ལོག་སྣེ་མོ་གསུམ་ཅན་ཞིག་བསྐྱོན་ཡོད། གཅིག དོན་ཚན་དེ་སྔར་མེད་པ་ལ་བཅའ་ཁྲིམས་དུ་ནམ་བསླེབས་ཆ་མེད་ཡིན་ཚུལ་དང་། གཉིས། ཞྭ་དཔེ་ལྷམ་འགེབས་དང་རྭ་མགོ་ལུག་སྦྱར་ཡིན་ཚུལ། གསུམ། ཁྲིམས་དོན་དེ་ནི་ཁྲིམས་ཞིབ་པ་རྣམས་ཁྲིམས་ཀྱི་གོང་དུ་བསྡད་དེ་བཟོས་ཚུལ་བཅས་རེད།

སྤྱི་རྒྱུན་གྱིས་ཁྲིམས་ཀྱི་ངོས་བཞེས་ཞེས་པ་དེར་དེ་ལྟར་སྡང་པོ་བྱེད་དགོས་དོན་ཅི་ཡིན་ནམ་ཞེ་ན།  ཁྲིམས་དོན་ཚན་པ་དེར། ཞུ་བ་པོ་ཡོད་མེད་ལ་མ་ལྟོས་པར། ཁྲིམས་ཞིབ་བཅད་ཁྲ་ཡུལ་མི་ཉེས་ཅན་པ་གང་ན་སུ་ཡོད་ཐམས་ཅད་ལ་ཁྱབ་མཉམ་དུ་ལག་ལེན་བསྟར་ཕྱོགས་ཀྱི་སྐུ་དབང་ཞིག་ཁྲིམས་ཞིབ་པར་ཁྲིམས་ལུགས་ཀྱིས་སྤྲད་ཡོད་ཅིང།  འདིའི་ཆ་རྐྱེན་འོག་ནས་ཁོང་ཚོས་ཁྲིམས་ཀྱི་རྒྱུག་པ་གཟེད་དགོས་བྱུང་པར་བརྟེན། དོན་ཚན་དེ་ལ་གོང་གསལ་ལོག་འགྲེལ་སྣེ་ཁ་གསུམ་ཨུ་ཚུགས་ཀྱིས་བརྒྱབས་ཏེ་རྩིས་མེད་གཏོང་ཐབས་གནང་གི་ཡོད།

སྤྱི་ལྷན་གྱིས་ཁྲིམས་ཀྱི་ངོས་བཞེས་བཅའ་ཁྲིམས་སུ་ནམ་བསླེབས་ཆ་མེད་རེད་ཟེར་བ་བདེན་ནམ་ཞེ་ན། བདེན་པ་མ་ཡིན་ཏེ། ཁྲིམས་དོན་འདི་ནི་སྤྱི་ལོ་༢༠༡༩ཟླ་༡༠ཚེས་༡༤ཉིན་ཁྲིམས་ཞིབ་ཁང་གིས་ཆེད་དུ་ཚོགས་ཆུང་བཙུགས་ཏེ་གཏན་ལ་ཕབ་ཅིང་། དེའི་རྗེས་ཟླ་དེ་གའི་ཚེས་༡༦ཉིན་བཀའ་ཤག་དང་སྤྱི་རྒྱུན་གཉིས་ལ་བསྲིངས་ཡོད། གཏོང་སྟངས་ཀྱང་སྦྲགས་ཟམ་བརྒྱུད་པ་ལྟ་བུ་མ་ཡིན་པར། རྒྱུས་ཡོད་ལས་བྱེད་ཟུར་པ་དག་གིས་གསུངས་གསལ་ལྟར་བྱས་ན། བང་མི་ཆེད་གཏོང་གིས་ཕྱག་ནས་ཕྱག་ཏུ་དངོས་སྤྲོད་གནང་ཡོད་འདུག དེས་ན་སྤྱི་འཐུས་ནི་ཁྲིམས་བཟོ་ཡིན་པའི་ཆ་ནས་ཁྲིམས་དོན་དེ་བཅའ་ཁྲིམས་སུ་ནམ་བསླེབས་ཆ་ཡིན་ཟེར་བ་དེ་མི་མང་མགོ་སྐོར་གྱི་གཏམ་ཡིན་པ་མ་ཟད། ད་ལྟའི་དོན་རྐྱེན་འདི་མ་བྱུང་དབར་ཧ་ལམ་ལོ་ཧྲིལ་པོ་གཅིག་ལྷག་གི་རིང་ལ་ཅང་མི་སྨྲ་བར་བཞུགས་ཚུལ་ལ་དཔགས་ན་ཁྲིམས་དོན་དེར་ངོས་ལེན་ཀྱང་གནང་ཡོད་པ་ཤེས་ཐུབ། འོན་ཀྱང་དེ་རང་མགོ་ལ་ཐོགས་ལྟར་བབས་དུས། གཞི་ནས་སྨན་ལ་དུག་ཏུ་བལྟས་ཏེ། ཞལ་རྫུན་གསུངས་ཏེ་དགག་བྱ་གནང་བའི་མགོ་བཙུགས་སོ།།

ཁྲིམས་དོན་དེ་ཞྭ་དཔེ་ལྷམ་སྦྱར་རམ་རྭ་མགོ་ལུག་སྦྱར་རེད་ཟེར་བ་ལ་གནས་ལུགས་ཡོད་དམ་ཞེ་ན། རྩ་ནས་མེད་དེ། ཞྭ་དཔེ་ལྷམ་སྦྱར་དང་རྭ་མགོ་ལུག་སྦྱར་གྱི་དོན་ནི། རྩ་ནས་འབྱོར་ཐབས་བྲལ་བའི་དངོས་པོ་ཐ་དད་པ་གཉིས་ཨུ་ཚུགས་ཀྱིས་གཞི་གཅིག་ཏུ་སྦྱོར་བའི་དཔེ་ཡིན། ཁྲིམས་ཀྱི་ངོས་བཞེས་ཞེས་པ་འདི་ནི། ཨ་རི་དང་རྒྱ་གར་སོགས་ཀྱི་ཁྲིམས་ལུགས་ལས་དཔེ་བླངས་པ་བདེན་སྲིད་ཀྱང་། དེ་རང་རེའི་བཅའ་ཁྲིམས་སུ་འོས་འཚམས་ཡིན་པ་ཙམ་དུ་མ་ཟད་ཤིན་ཏུ་མཁོ་ཆེ་བའམ་མེད་མི་རུང་ཞིག་རེད། ཇི་ལྟར་ཞེ་ན། འདི་མེད་ཚེ། ཁྲིམས་ཁང་གི་ངོས་ནས་རང་རེའི་སྤྱི་ཚོགས་སུ་ནག་ཉེས་བྱ་ངན་ཅི་འདྲ་ཞིག་འགྲོ་བཞིན་པ་མཐོང་ཡང་འདྲ་སྐུའི་བརྟུལ་ཞུགས་བཟུང་ནས་བཞུགས་རྒྱུ་ལས་གདམ་ག་གཞན་མེད་ཅིང་། གཉེན་གྲོགས་སོགས་གང་ཡང་མེད་པའི་འབངས་མི་བདག་མེད་རྣམས་བསད་བཞག་ནའང་ཉེས་ཅན་པར་ཉེས་པ་ཅི་ཡང་མི་འབབ་སྟེ། ཞུ་གཏུག་བྱེད་པ་པོ་མེད་པའི་ཕྱིར། དེས་ན་ཁྲིམས་དོན་འདི་ནི་རྒྱལ་ཁབ་ཕལ་མོ་ཆེའི་རྩ་ཁྲིམས་སུ་གསལ་བ་ལྟར། བོད་འབངས་སྤྱི་དང་ལྷག་པར་དུ་བདག་མེད་ཉམ་ཆུང་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་ལྟ་བུར་རང་རེའི་བཅའ་ཁྲིམས་སུ་དགོས་ངེས་སམ་ཁ་ཚ་དགོས་གཏུགས་སུ་གྱུར་པ་ཞིག་གོ །

ཁྲིམས་ཀྱི་ངོས་བཞེས་ནི་ཁྲིམས་ཞིབ་པ་རྣམས་ཁྲིམས་ཀྱི་གོང་དུ་བསྡད་ནས་བཟོས་ཚུལ་གྱི་སྐྱོན་བརྗོད་གནང་བ་ལ་རྒྱུ་མཚན་འདུག་གམ་ཞེ་ན། མེད་དེ། གལ་སྲིད་ཁྲིམས་ཞིབ་པས་བཅའ་ཁྲིམས་སུ་སྤྲད་མེད་པའི་ཐོབ་དབང་སྤྱད་ཡོད་ན་ད་གཟོད་ཁྲིམས་ཀྱི་སྒང་དུ་བསྡད་པའི་འགྲེལ་བརྗོད་ཞུ་ཆོག་མོད། དེ་ལྟར་མ་ཡིན་དེ། བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༧ པའི་ནང་དུ། “བཅའ་ཁྲིམས་འདི་དང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་འགྲོ་ལུགས། སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ་” ཞེས་གསལ་བོར་བཀོད་ཡོད་པས། གང་འདི་བཅའ་ཁྲིམས་ཀྱི་འོག་ནས་བྱུང་བའི་ཁྲིམས་དོན་ཞིག་ཡིན་པ་ལས་ཁྲིམས་ཞིབ་པ་བཅའ་ཁྲིམས་ཀྱི་སྒང་དུ་བསྡད་དེ་བཟོས་ཞེས་པ་ནི་སྒྲོ་འདོགས་འབའ་ཞིག་ཏུ་ཟད་དོ། །

མཐའ་དོན། ད་རེས་སྤྱི་འཐུས་རྒྱུན་ལས་དང་ལྷན་ཚོགས་ནས་ཆེད་མངགས་སམ་ཆེད་མངགས་མ་ཡིན་པ་གང་ལྟར་བྱས་ཉེས་བློར་མི་ཤོང་བ་ཞིག་བསགས་ཡོད་པ་དག་ངོས་ཟིན་པར་བྱས་ཏེ། ཁྲིམས་ཞིབ་པ་གསུམ་གྱི་ལས་གནས་བསྐྱར་གསོ་གནང་དགོས། དེ་ལྟར་བྱས་ན། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཏུ་སོང་ནས་བཀྲ་ཤིས་ལོ་ལེགས་འབྱུང་ངེས་ཡིན། དེ་ལས་ལྡོག་སྟེ། བོད་མི་མང་གི་འབོད་སྒྲ་ལ་རྣ་བ་བཀབ་ཅིང་། བདེན་པ་དང་ཁྲིམས་ལུགས་ལ་མིག་བཙུམ་སྟེ། འདུ་ཤེས་སྒྱུར་བཞིན་མུ་མཐུད་དུ་ཤེད་བསྐྱོད་གནང་ན། རྡུལ་འཚུབ་ནམ་ཡང་མི་དེངས་པ་མ་ཟད། ཁོར་ཡུག་ཧྲིལ་པོ་འབག་བཙོག་ཏུ་འགྱུར་ཉེན་ཆེ་བས། ལམ་ནོར་ལྡོག་ཤེས་སམ་བླང་དོར་མ་འཛོལ་བ་གནང་རྒྱུ་ནི་འཕྱི་མི་རུང་བའི་ལས་དོན་གནད་ཅན་ཞིག་ཡིན་ནོ།།

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 4

  1. Khenrap says:
    ལོ་ 4 སྔོན།

    Suo-motu is not provided in the Charter and it is agreed by TSJC during the hearing proceed with former Chithue Lobsang Chonjor. Why all these Amdo Writers persistently trying to convince Tibetans that some articles together indicated the provision of suo-moto. All attempt is based upon bias and would not help to resolve anything. If someone really wanted to know how suo-motu provides better learn Indian and Canadian constitution. One will know the differences and being a supreme authority does not mean suo-motu is granted. Mr. Kyer Budh, do you have any idea, what is democratic crisis mean? Do you know the TSJC who claims custodian of the charter, used democratic right of the people’s representative as punitive ? What sort of breach of the custodian’s role is worse than depriving the fundamental right of the Legislative assembly? Democratic crisis is the constitutional break down and it was done by the TSJC last year September. Why nobody talk this fact?

    Reply
    • ཁེར་བུད། says:
      ལོ་ 4 སྔོན།

      First of all, read my article nicely, In case of waste time, I don’t wanna repeat again as your questions answered already in my article.

      Reply
  2. པ་རྡོ་རེ། says:
    ལོ་ 4 སྔོན།

    དེ་དེ་བཞིན་ནོ།། དེ་དེ་བཞིན་ནོ།།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 4 སྔོན།

    བཅའ་ཁྲིམས་དོན་ཚན་ ༦༩ ཁྲིམས་ཞིབ་ཁང་འོག་མ་ཁག་། དེ་ལ་ནང་གསེས་དོན་ཚན་གཉིས་ལས་མེད་། སྤྱི་མང་གཏུགས་བཤེར་གྱི་དོན་ཚན་ ༦༩ གི་ནང་གསེས་ཏ་པའི་འོག་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཀྱི་ངོས་བཞེས་ཟེར་བའི་ཐ་སྙད་གཏན་འབེབས་གནང་བ་ཁྲིམས་མཐུན་ཡིན་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༦ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་། བཅའ་ཁྲིམས་དོན་ཚན་ ༦༧ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་སྒྲིག་གཞི་། བཅའ་ཁྲིམས་ཀྱི་དོན་ཚན་འདི་གཉིས་ཀྱི་འོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཀྱི་ངོས་བཞེས་ལ་སོགས་པའི་རྩ་འཛིན་ཁྲིམས་སྒྲིག་བཟོ་ཆོག་པ་དེ་བཅའ་ཁྲིམས་ནས་བཀུར་བའི་ཆེས་མཐོའི་ཁྲིམས་ཁང་གི་འགན་དབང་ཡིན་པ་ལོང་བས་བལྟས་ཀྱང་ཁམས་ཀྱི་དཔེ་ལྟར་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese