མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་རྒྱ་གར་གཞུང་ལ་ཞལ་འདེབས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་སྲིད་བློན་བདེ་རྩ་ཚོགས་པར་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་གྱུར་དང་འགྱུར་བཞིན་པར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཞལ་འདེབས་ཕུལ་གནང་ཡོད་འདུག
དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༧ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ནས་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་རླབས་གཉིས་པ་དེ་སླེབས་ཏེ། ཉིན་རེར་ནད་པ་ཁྲི་ཚོགས་བརྒལ་བ་བྱུང་ནས་སྨན་ཁང་ནང་ནད་པར་ཉལ་ཁྲི་དང་སྲོག་རླུང་འདང་ངེས་མེད་པར་དཀའ་ངལ་ཆེན་པོ་ཕྲད་དང་འཕྲད་བཞིན་ཡོད། ༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་བདེ་རྩ་ཚོགས་པ་(PM-CARES Fund)བརྒྱུད་རྒྱ་གར་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་ཞལ་འདེབས་དང་། ཕྱག་བྲིས་ཤིག་ཕུལ་གནང་མཛད་འདུག
ཕྱག་བྲིས་ནང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ནས་རྒྱ་ཁྱབ་འགྲོ་བཞིན་པའི་ཏོག་དབྱིབས་གཉེན་རིམས་ ༡༩ པ་ལ་རྒྱ་གར་གཙོས་རྒྱལ་སྤྱིའི་ནང་གདོང་ལེན་མུ་མཐུད་བྱས་དང་བྱེད་བཞིན་པའི་གནས་སྟངས་ལ་དོ་སྣང་བྱེད་ཀྱི་ཡོད།
དེ་འདྲའི་གནས་སྟངས་ཛ་དྲག་དང་ཏོག་དབྱིབས་གཉེན་རིམས་ ༡༩ པའི་རླབས་འཕྱུར་ནས་ཉེན་ཁ་ཆེ་བའི་དུས་སྐབས་དེར། ངོས་ཀྱིས་༸ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་ནས་རྒྱ་གར་སྲིད་བློན་གྱི་བདེ་རྩ་ཚོགས་པར་རྒྱ་གར་སྤུན་ཟླ་རྣམས་ལ་ང་ཚོའི་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཞལ་འདེབས་འབུལ་རོགས་གནང་ཞེས་ཞུས་ཡོད།
ངོས་ནས་གོ་སྐབས་འདི་བརྒྱུད་དེ་གཏོར་སྐྱོན་ཆེ་བའི་རྒྱ་ཁྱབ་ཀྱི་ན་ཚ་དེ་གདོང་ལེན་དང་ཞི་ཐབས་གནང་མཁན་དང་། དམིགས་བསལ་སེམས་ཤུགས་ཆེན་པོའི་ཐོག་མདུན་དུ་དངོས་སུ་ཐོན་ནས་ཕྱག་ལས་གནང་མཁན་ཡོངས་ལ་སྙིང་ཁོང་རུས་པའི་སྟེང་ནས་བསྟོད་བསྔགས་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་ལ། ཉེན་ཁ་ཆེ་བའི་རྒྱ་ཁྱབ་ཀྱི་ན་ཚ་དེ་ནས་གང་མྱུར་གྲོལ་བའི་སྨོན་འདུན་ཞུ་གི་ཡོད། ཅེས་གསུངས་ཡོད་འདུག
རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཀྱི་རླབས་གཉིས་པ་དེ་སླེབས་ཏེ་ཉིན་རེར་ནད་པའི་མི་གྲངས་འབུམ་ཕྲག་བརྒལ་བ་ཐོན་གྱི་ཡོད་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་གྲོང་ཁྱེར་མོམ་བྷེ་གཉིས་ལ་ནད་པ་མང་ཤོས་དང་སྨན་ཁང་གི་ཉལ་ཁྲི་དང་སྲོག་རླངས་འདང་ངེས་མེད་པས་དཀའ་ངལ་ཆེ་ཤོས་ཕྲད་དང་འཕྲད་བཞིན་ཡོད་འདུག

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese