མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ལས་འགུལ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོ་དང་བསྟུན་རང་ལུས་མེར་སྲེག་གནང་མཁན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཉུང་མཐར་ ༡༥༧ བྱུང་བ་རེ་རེའི་འདས་གྲོངས་སུ་ཕྱིན་པའི་ཟླ་ཚེས་གཞིར་བཞག་གིས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུའི་ས་གནས་ཁག་མི་འདྲ་བ་ ༡༥༧ ནང་ཁོང་རྣམ་པའི་ལོ་རྒྱུས་དང་བོད་ཀྱི་གནས་སྟངས་ཛ་དྲག་སྐོར་འགྲེལ་བརྗོད་གནང་སྟེ་ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་དང་དྲན་གསོ་ཞུ་རྒྱུ་ཡིན་འདུག
ཁ་སང་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་དྲ་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འཕགས་བོད་འབྲེལ་མཐུད་ཚོགས་པ། དེ་བཞིན་ངག་མེད་ཀྱི་མགྲིན་ཚབ་ལས་འགུལ་བ་བཅས་མཉམ་འབྲེལ་ཐོག བོད་བསྟན་སྲིད་གཉིས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་ཞིག་དྲ་ཐོག་བརྒྱུད་དབུ་འཛུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོར་འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དེ་རེཤ་ཀུ་མར་(Indresh Kumar)ལགས་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པཱང་ཀཤ་གོ་ཡལ་(Pankaj Goyal)ལགས་བཅས་ཕེབས་འདུག
སྤྱིར་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་འདི་ཉིད་ཐོག་མའི་འཆར་གཞི་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གསར་འགོད་གསལ་བསྒྲགས་གནང་རྒྱུ་དང་སྦྲགས། རྒྱ་གར་རྒྱལ་ཡོངས་ནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱུན་ལས་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སོགས་བསྡུ་སྐོང་གིས་ཚོགས་འདུ་ཆེན་པོ་ཞིག་ཚོགས་ཏེ་ལས་འགུལ་དབུ་འཛུགས་ཞུ་འཆར་ཡོད་ཀྱང་། ཉེ་ལམ་ནས་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་ཚ་རླབས་གཉིས་པ་བསླེབས་ནས་མངའ་སྡེ་མང་པོ་ཞིག་ནས་རིམ་གྱིས་ཁྱིམ་སྡོད་བཀའ་རྒྱ་བཏང་བའི་ཁོངས་རྒྱལ་ས་ལྡི་ལི་ཡང་ཚུད་ཡོད་སྟབས། ལས་འགུལ་འདི་ཉིད་ཐོག་མའི་འཆར་གཞི་བཞིན་ཚོགས་ཐུབ་ཡོད་པ་མ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འཕགས་བོད་འབྲེལ་མཐུད་ཚོགས་པ། ལྡི་ལིར་རྟེན་གཞི་བྱེད་བཞིན་པའི་ངག་མེད་ཀྱི་མགྲིན་ཚབ་ལས་འགུལ་བ་བཅས་མཉམ་འབྲེལ་ཐོག རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ངན་པར་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྟེ། རང་ལུས་མེར་སྲེག་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་ ༡༥༧ རྣམས་ལ་གུས་བརྩི་དང་། ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་“བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ལས་འགུལ་”ཞེས་པ་ཞིག་དབུ་འཛུགས་ཞུ་གི་ཡོད། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོར་ལོ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ཉིན་འདི་ནི་ཕྱི་ལོ་ ༡༩༩༨ ལོར་དཔའ་བོ་ཐུབ་བསྟན་དངོས་འགྲུབ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་ཉིན་མོ་ཡང་འཁེལ་གྱི་ཡོད། ཚང་མས་མཁྱེན་གསལ་ལྟར་དཔའ་བོ་ཐུབ་བསྟན་དངོས་འགྲུབ་ལགས་ནི་བོད་ཀྱི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གནང་མཁན་ཆེས་ཐོག་མ་དེ་ཡིན། ཞེས་བརྗོད་སོང་། 
ཡང་ལས་འགུལ་གྱི་དམིགས་ཡུལ་སྐོར་ལ་ཁོང་གིས། རང་ལུས་མེར་སྲེག་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་ཡོད་དོ་ཅོག་ལ་གུས་བརྩི་དང་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུས་ཏེ། ཁོང་རྣམས་ལ་དྲན་གསོ་དང་ཁོང་རྣམ་པའི་མི་ཚེའི་ལོ་རྒྱུས་ལ་རྒྱུས་ལོན་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད། རྒྱ་གར་དང་རྒྱལ་སྤྱིའི་ནང་བོད་ཀྱི་དཔའ་བོ་དཔའ་མོ་ཁོང་རྣམ་པའི་ཐུན་མོང་གི་འདོད་འདུན་གསལ་སྟོན་བྱ་རྒྱུ། བོད་མི་རྣམས་ཀྱིས་ཡོད་ཚད་བློས་གཏོང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་ཐོག་རང་ལུས་མེར་སྲེག་གནང་དགོས་བྱུང་བའི་ད་ཡོད་བོད་ཀྱི་ཛ་དྲག་གི་གནས་སྟངས་གསལ་སྟོན་བྱས་ཏེ་ཕྱིར་བསྒྲགས་བྱ་རྒྱུ་དང་། ལས་འགུལ་འདི་གོ་སྒྲིག་ཞུ་པའི་ཐོག་ནས་གལ་འགངས་ཆེ་བའི་བགྲོ་གླེང་དང་དོན་དང་ལྡན་པའི་ལས་དོན་འགོ་འཛུགས་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་སོང་།
ཁོང་གིས། རྒྱ་གར་ནང་གི་བོད་ཀྱི་གཞིས་ཆགས་ཁག་དང་། རྫོང་ཁག གནད་འགག་ཅན་གྱི་ལྟེ་གནས་སོགས་སུ་ས་གནས་སོ་སོའི་མགོ་ཁྲིད་དང་དྭང་བླངས་གནང་འདོད་ཡོད་རིགས་ཚུད་པའི་ལས་དོན་དེ་མཇུག་སྐྱོང་གནང་མཁན་འབྲེལ་མཐུད་པའི་ཚོགས་ཆུང་གྲངས་ ༡༠༨ བསྐོ་བཞག་བྱས་ཏེ། རང་ལུས་མེར་སྲེག་གནང་མཁན་ནང་ནས་དཔའ་བོ་དཔའ་མོ་ཁྱོན་བསྡོམས་ ༡༠༨ ཐད་ཀར་སུ་བྱུང་འདེམ་སྒྲུག་གིས་འབྲེལ་མཐུད་ཚོགས་ཆུང་རེ་རེར་ལས་འགན་སྤྲད་དེ། རྒྱ་གར་ཕུད་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ལས་དོན་ཚོགས་ཆུང་ཁག་ལ་རིམ་གྱིས་དཔའ་བོ་དཔའ་མོ་ ༡༠༨ ཀྱི་ལྷག་འཕྲོ་རྣམས་ཀྱི་མཚན་ཐོ་རེ་རེ་འབུལ་རྒྱུ་དང་། ས་གནས་སོ་སོར་ལས་དོན་བྱེད་མཁན་འབྲེལ་མཐུད་ཚོགས་ཆུང་ ༡༥༧ བསྐོ་བཞག་གིས་རང་ལུས་མེར་སྲེག་གནང་མཁན་གྱི་མཚན་གཞུང་རེ་རེ་ཕུལ་རྗེས། དཔའ་བོ་དཔའ་མོ་སོ་སོའི་རང་ལུས་མེར་སྲེག་གནང་བའི་ཟླ་ཚེས་བཞིན་ལོ་རེར་ཐེངས་རེར་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུ་དང་། བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་བའི་སྐབས། ཚོགས་ཆུང་སོ་སོ་ནས་ལས་དོན་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་རང་ལུས་མེར་སྲེག་གནང་མཁན་རྣམས་སྐབས་དེར་ཅི་བྱ་གདོལ་མེད་དུ་གྱུར་བའི་གནས་སྟངས་དང་། ཁོང་རྣམ་པ་ཚང་མའི་འདོད་འདུན་དང་ཚོར་ཤུགས་གཅིག་གི་འོག་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཀྱིས་རང་སྲོག་བློས་བཏང་གནང་བ་གསལ་སྟོན་ཐུབ་དགོས། ཞེས་གསུངས་སོང་།
སྐུ་མགྲོན་གཙོ་བོ་ཨིན་དེ་རེཤ་ལགས་ཀྱིས། བོད་ཀྱི་རང་དབང་རང་བཙན་དེ་ནི་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། བོད་ལ་རང་བཙན་འཐོབ་པ་བྱེད་རྒྱུ་དེ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བལྟས་ནའང་ཤིན་ཏུ་ནས་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་སྐོར་བརྗོད་སོང་བ་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས། རང་ལུས་མེར་སྲེག་གནང་བ་དེ་ནི་བོད་པའི་རིག་གཞུང་གོམས་སྲོལ་ཞིག་མ་ཡིན་ཡང་། རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་ཇུས་འོག་བོད་མི་རྣམས་འུ་ཐུག་ཐབས་ཟད་ནས་སྤེལ་བའི་ལས་འགུལ་ཞིག་ཆགས་ཡོད། ཅེས་གསུངས་སོང་། སྐུ་ཞབས་པཱང་ཀཤ་ལགས་ཀྱིས། བོད་ཀྱི་རང་དབང་སླར་གསོའི་ཆེད་དུ་བོད་མི་ཙམ་མ་ཡིན་པར་རྒྱ་གར་མང་ཚོགས་ནས་ཀྱང་ནུས་པ་མཉམ་སྤུངས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་ནང་ལ་བོད་མི་ཚོས་རང་གི་སྐད་ཡིག་ལ་སློབ་སྦྱོང་དང་ཆོས་དང་རིག་གཞུང་ཚུལ་བཞིན་ཉམས་ལེན་བྱེད་རྒྱུ་ཡོད་པ་མ་རེད་སོགས་རྒྱ་ནག་གི་སྲིད་ཇུས་ངན་པ་ཐེར་འདོན་གནང་སོང་།

རྒྱ་གར་རྒྱལ་ས་ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

ཆུ་ཚོད་ ༦ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

༢༠༢༥/༠༦/༢༥

མཆན། 1

  1. Sonam Gyaltsen says:
    ལོ་ 4 སྔོན།

    ༼བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ལས་འགུལ་དབུ་འཛུགས་གནང་།༽ ཡ་ང་སྙིང་རྗེ་མེད་པས་ ཆབ་སྲིད་ཀྱི་འབྲས་དཀར་འཁྲབ་མཁན་ཤ་ཏག་རེད། ཆག་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese