མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མཐོ་སྒང་ཁུལ་དུ་ཆུ་ལོག་འབྱུང་ཉེན་ཆེ་བའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp
དུས་རབས་འདིའི་སྨད་ཙམ་ལ་འཁྱག་རོམ་ལས་གྲུབ་པའི་མཚོ་ཆུ་ཕལ་མོ་ཆེ་ཆེས་ཉེན་ཁ་ཆེ་བའི་གནས་སུ་ལྷུང་རྒྱུ་ཡིན་པའི་སྙན་ཐོ་བཏོན།

ཁ་སང་ཕྱི་ཚེས་ ༦ ཉིན་རང་བྱུང་གནམ་གཤིས་འགྱུར་ལྡོག་ (Nature Climate Change) ཅེས་པའི་བརྟག་དཔྱད་ཁང་ཞིག་གིས། སྲུང་སྐར་གྱི་པར་རིས་དང་ས་གནས་སུ་བརྒྱབས་པའི་པར་རིས་ཁག་ལ་ཞིབ་འཇུག་བྱས་ཏེ། བོད་མཐོ་སྒང་གི་འཁྱག་རོམ་དང་འབྲེལ་སྙན་ཐོ་ཞིག་བཏོན་པའི་ནང་། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་དྲོད་འཕེལ་བ་དང་འཁྱག་རོམ་བཞུ་ཚད་ཇེ་མྱུར་དུ་ཕྱིན་པ་ལ་བརྟེན། བོད་མཐོ་སྒང་ཁུལ་དུ་ཆུ་ལོག་འབྱུང་བའི་ཉེན་ཁ་སྔར་ལས་ལྡབ་གསུམ་གྱིས་ཆེ་བ་ཡོད་སྐོར་བཀོད་འདུག

སྙན་ཐོའི་ནང་། སྤྱི་ཚོགས་དང་འཛུགས་སྐྲུན་གྱི་ལས་གཞི་ཁག་རང་བྱུང་ཁམས་དང་མ་མཐུན་པ་ལ་བརྟེན། འཁྱག་རོམ་ལས་གྲུབ་པའི་མཚོ་ཆུ་ཤོར་ཏེ་ཆུ་ལོག་རྒྱུག་རྐྱེན་ཇེ་མང་དུ་བཏང་ཡོད་པ་དང་། ས་གནས་སུ་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཀྱི་ནང་འཁྱག་རོམ་ལས་གྲུབ་པའི་མཚོ་ཆུ་སྟོང་ཕྲག་མང་པོ་ཞིག་ཉེན་ཁ་ཆེན་པོ་ཡོད་པའམ་ཉེན་ཁ་ཧ་ཅང་ཆེ་བའི་ཁོངས་སུ་ཚུད་ཡོད་ལ། དེ་བཞིན་འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་མཐོ་སྒང་གི་འཁྱག་རོམ་གྱི་བཞུ་ཚད་ཇེ་དལ་དུ་མ་སོང་བར་མུ་མཐུད་ཕྱིན་པ་ཡིན་ཚེ། དུས་རབས་འདིའི་སྨད་ཙམ་ལ་འཁྱག་རོམ་ལས་གྲུབ་པའི་མཚོ་ཆུ་ཕལ་མོ་ཆེ་ཆེས་ཉེན་ཁ་ཆེ་བའི་གནས་སུ་ལྷུང་རྒྱུ་ཡིན་སྐོར་བཀོད་འདུག

ཡང་སྙན་ཐོ་དེའི་ནང་། གལ་སྲིད་གོ་ལའི་ཚ་དྲོད་འཕེལ་བཞིན་པའི་མགྱོགས་ཚད་དལ་དུ་གཏང་མ་ཐུབ་པར་མུ་མཐུད་ཚ་དྲོད་འཕེལ་ཚེ། ད་ལྟ་ཉེན་ཁ་ཆེ་བའམ་ཉེན་ཁ་ཧ་ཅང་ཆེ་བའི་ཁོངས་སུ་ཡོད་པའི་འཁྱག་རོམ་ལས་གྲུབ་པའི་མཚོ་ཆུ་གྲངས་ ༡༢༠༣ ཡོད་པ་དེ་དག་ཕྱི་ལོ་ ༢༡༠༠ ལོར་གྲངས་ ༢༩༦༣ ལ་འཕར་ངེས་ཡིན་སྐོར་དང་། འཁྱག་རོམ་བཞུ་བ་ལ་བརྟེན་ནས་བྱུང་བའི་ཆུ་ལོག་གི་ཉེན་ཁ་འབྱུང་ས་གཙོ་བོ་ཁག་ནི་ཧི་མ་ལ་ཡའི་ནུབ་བརྒྱུད་དང་ཀཱ་ར་ཀོ་རམ་ (Karakorum) རི་བརྒྱུད་ཁུལ། དཀྱིལ་དབུས་ཨེ་ཤ་ཡ་ཁུལ་ཡིན་སྐོར་དང་། ས་གནས་དེ་དག་ལ་འཁྱག་རོམ་བཞུ་བར་བརྟེན་ནས་ཆུ་ལོག་ཡོང་ཡོད་ནའང་། མ་འོངས་པར་ཆུ་ལོག་གི་རང་བཞིན་ལ་ཚན་རིག་པ་ཚོས་ཀྱང་ཚོད་དཔག་དཀའ་བ་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་བཀོད་འདུག

སྙན་ཐོ་དེ་དང་འབྲེལ་ནས་ཇི་ནི་ཝ་གཙུག་ལག་སློབ་གཉེར་ཁང་གི་ཁོག་ཡུར་ཚན་རིག་ཁང་ (Institute of Environmental Sciences at the University of Geneva) གི་ཉམས་ཞིབ་པ་མར་ཁུ་སུ་སི་ཊོལ་ཧྥིལ་ (Markus Stoffel) གྱིས། ཉེན་ཁ་ནི་འཁྱག་རོམ་གྱི་མཚོ་ཆུ་རྒྱས་པ་ལ་བརྟེན་ནས་ཆུ་ལོག་བྱུང་བ་ཙམ་མིན་པར། མཚོ་ཆུ་རྒྱས་པ་ཡིས་བྲག་འདབས་བཟས་ནས་བྲག་ཉིལ་འབྱུང་བ་དང་དེ་ལ་བརྟེན་ནས་མཚོ་ཆུ་ཤོར་བ་སོགས་ཀྱི་གནད་དོན་འབྱུང་ཉེན་ཆེ་བ་མ་ཟད། འཁྱག་རོམ་བཞུ་ཚད་འདི་འདྲ་ཞིག་གི་འོག་ནས་ང་ཚོས་རང་ཉིད་ཀྱི་བློ་ཡུལ་མི་ཤོངས་བའི་གོད་ཆགས་མཐོང་ངེས་པ་རེད། ང་ཚོས་གོད་ཆགས་དེ་དག་དུས་རབས་གཅིག་གཉིས་ནང་འབྱུང་བའི་སྐད་ཆ་བཤད་ཀྱི་མེད་པར། དེ་ནི་མ་འོངས་པའི་བཅུ་ཕྲག་རེ་འགའི་ནང་འབྱུང་ངེས་པ་བཤད་ཀྱི་ཡོད་སྟབས། སྲིད་གཞུང་ཁག་དང་མགོ་ཁྲིད་ཁག་གིས་གནད་དོན་འདིའི་ཐད་དོ་སྣང་ཤུགས་ཆེན་བྱ་དགོས་པ་ཞིག་རེད། ཅེས་བརྗོད་འདུག

དེ་བཞིན་ཁོར་ཡུག་ཉམས་ཞིབ་པ་ཨ་ལེན་ (Allen) གྱིས། ཐེངས་འདིའི་སྙན་ཐོ་ཡིས་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་རྒྱལ་མཚམས་ཁག་ཏུ་ཆུ་ལོག་གི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། ལྷག་པར་དུ་བལ་བོད་ས་མཚམས་སུ་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཆབ་སྲིད་ཀྱི་རྩོད་རྙོག་ལ་བརྟེན་ནས་ཆུ་ལོག་གི་འཇིག་པ་ལ་གྲ་སྒྲིག་དང་སྔོན་དཔག། གདོང་ལེན་བྱེད་པའི་བྱ་བ་རྙོག་འཛིང་ཅན་ཏུ་འགྱུར་རྒྱུ་ཡིན་པ་གསལ་བོ་བསྟན་ཡོད་སྐོར་དང་། ཚན་རིག་པ་ཚོས་ཞིབ་འཇུག་གི་སྙན་ཐོ་དེའི་ཐོག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་ཚད་ཆུང་དུ་གཏོང་ཐུབ་ཐབས་ལ་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། འཛམ་གླིང་གི་སྣེ་གསུམ་པར་ས་འབྲེལ་ཡོད་ཡོད་པའི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་ཐོག་འཁྱག་རོམ་བཞུ་བཞིན་པ་སྔོན་འགོག་དང་། མ་འོངས་འཁྱག་རོམ་བཞུས་པའི་ཆུ་ལོག་གི་གོད་ཆགས་ལ་གྲ་སྒྲིག་བྱེད་པའི་སྐུལ་འདེབས་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

ཚན་རིག་པས་བོད་མཐོ་སྒང་གི་ཚ་དྲོད་འཕེལ་བ་ནི་གོ་ལའི་བྱང་ཕྱེད་ (Northern Hemisphere) ཀྱི་ཚ་དྲོད་འཕེལ་བ་དང་བསྡུར་ན་མགྱོགས་པ་དང་། བོད་མཐོ་སྒང་གི་འཁྱག་རོམ་གྱི་བཞུ་ཚད་ཇེ་མགྱོགས་སུ་ཕྱིན་པ་ལ་བརྟེན། འཁྱག་རོམ་ལས་གྲུབ་པའི་མཚོ་ཆུ་གསར་བ་ཆགས་པ་དང་མཚོ་ཆུ་རྒྱ་ཆེ་རུ་འགྲོ་བཞིན་པ་མ་ཟད། མཚོ་ཆུའི་འོག་བརྒྱུད་དུ་ཆགས་པའི་ཡུལ་ཚོ་ཁག་ལ་ཆུ་ལོག་གི་འཇིག་པ་སྔར་ལས་ཆེ་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཚན་རིག་དུས་དེབ་ (Science Advances) ཀྱི་ནང་བཀོད་པའི་གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་ ༤༠ ཙམ་གྱི་ནང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་འཁྱག་རོམ་འབོར་ཆེན་བཞུས་ཟིན་པ་དང་། དུས་རབས་ཉི་ཤུ་པའི་མཇུག་དང་བསྡུར་ན་དུས་རབས་ཉེར་གཅིག་གི་ནང་འཁྱག་རོམ་ལྡབ་གཅིག་གི་བཞུ་ཚད་མགྱོགས་པོ་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese