མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་སྐྱིད་ཆུའི་ངོགས་སུ་སྤྱི་གླིང་གསར་པ་ཞིག་ལེགས་འགྲུབ་བྱུང་གྲབས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ལྷ་སའི་སྐྱིད་ཆུའི་ངོགས་སུ་རྒྱ་ནག་རང་གི་ཁྱད་ཆོས་ལྡན་པའི་ཀྲུང་ཧཱ་སྤྱི་གླིང་ཞེས་པ་ཞིག་འཛུགས་སྐྲུན་གྱིས་མི་འགྱང་བར་སྤྱི་གླིང་ལེགས་གྲུབ་འབྱུང་གི་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ལྷ་སའི་སྐྱིད་ཆུའི་འགྲམ་རྒྱུད་དུ་ཆགས་པའི་སྣེའུ་ཁུལ་དུ་རྒྱ་སྒོར་དུང་ཕྱུར་ ༥ ལྷག་བཏང་སྟེ། ཀྲུང་ཧཱ་རིག་གནས་སྤྱི་གླིང་ཞེས་པ་ཞིག་གསར་འཛུགས་ཀྱིས། ཕྱི་ཟླ་ ༦ པའི་ཟླ་མཇུག་ཏུ་སྤྱི་གླིང་ཡོངས་སུ་ལེགས་འགྲུབ་འབྱུང་གི་ཡོད་སྐོར་བསྒྲགས་འདུག

དེ་འབྲེལ་གནས་ཚུལ་ལྟར་ན། སྤྱི་གླིང་གསར་པ་དེ་ནི་ལྷ་སའི་སྐྱིད་ཆུའི་ངོགས་གཉིས་སུ་བཟོས་ཡོད་ཅིང་། དེའི་རིང་ཚད་ལ་སྨི་ ༡༠༩༣ ཡོད་པ་དང་སྨི་ ༢༥༠ ཡི་མཚམས་སུ་སྤྱི་བའི་གསང་སྤྱོད་རེ་བཅས་ཁྱོན་གསང་སྤྱོད་ ༡༦ དང་རླངས་འཁོར་འཇོག་ས་ ༦ དང་། གཞན་ཡང་ད་དུང་ཚོང་ཁང་དང་ཞབས་ཞུའི་སྡེ་ཁག་སོགས་སྒྲིག་བཀོད་མང་པོ་གོ་སྒྲིག་བྱས་ཡོད་པ་རེད་ལ་། སྤྱི་གླིང་དེ་ནི་ཡུལ་སྐོར་བ་གཙོས་པའི་མི་དམངས་ལ་ཆུ་སྟེང་ནས་མཛེས་ལྗོངས་རོལ་མྱོང་དང་། སྤྲོ་གསེང་རོལ་རྩེད་སོགས་བྱེད་ས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

སྤྱིར་ཀྲུང་ཧཱ་རིག་གནས་སྤྱི་གླིང་ཞེས་པའི་ལས་གཞི་དེ་ག་དུས་ཤིག་ནས་མགོ་བརྩམས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོར་བཀོད་མེད་ནའང་། ད་ལྟའི་ཆར་སྤྱི་གླིང་ནང་ལྗོན་ཤིང་དང་རྩི་ཤིང་འདེབས་འཛུགས་བྱེད་པ་སོགས་སྐྱེད་ཚལ་གྱི་ལས་རིགས་ཡོངས་གྲུབ་ཡོད་ཅིང་། སྤྱི་གླིང་འཛུགས་སྐྲུན་གྱི་ལས་གཞི་གཉིས་པ་ནི་བརྐོས་བརྙན་རིག་གནས་ཇུས་འགོད་བྱ་རྒྱུ་ཡིན་པའི་ཁྲོད། བཟོ་བསྐྲུན་ཟིན་པའི་བརྐོས་བརྙན་ཡོངས་སྤྱི་གླིང་དུ་དབོར་འདྲེན་ཟིན་ཡོད་ཅིང་ད་ལྟ་བཟོ་འགོད་བྱ་རྒྱུ་ལས་ཙམ་ལས་ལྷག་མེད་པ་དང་། སྤྱི་གླིང་འཛུགས་སྐྲུན་གྱི་ལས་གཞི་དེ་ཀྲུང་གོ་གྲོང་ཁྱེར་འཛུགས་སྐྲུན་ཞིབ་འཇུག་ཁང་ཚད་ཡོད་ཀུང་སི་ཟེར་བས་ཇུས་འགོད་བྱས་ནས་བསྐྲུན་འགན་འཁུར་ཏེ། ད་ལྟ་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་ལས་གྲྭའི་སྤྱི་འབོར་གྱི་བརྒྱ་ཆ་ ༧༣ ལེགས་གྲུབ་ཟིན་ཡོད་སྐོར་བརྗོད་འདུག

སྤྱིར་བོད་ཀྱི་རྒྱལ་ས་ལྷ་ས་ནི་བོད་མི་ས་ཡ་དྲུག་གི་དད་པ་དམ་ཚིགས་དང་གནས་སྐོར་མཆོད་མཇལ་སོགས་བྱེད་སའི་ཞིང་ཁམས་ཀྱི་མཆོག་ཏུ་བརྩི་ཡི་ཡོད་མོད། བོད་ས་ཧྲིལ་པོར་རྒྱ་ནག་གིས་བཙན་འཛུལ་བྱས་པ་ནས་བཟུང་རྒྱ་ནག་གིས་བོད་ས་རྒྱ་ས་དང་བོད་མི་རྒྱ་རིགས་ཅན་བསྒྱུར་རྒྱུའི་སྲིད་ཇུས་ངན་པའི་ཐབས་བྱུས་འོག དམིགས་བསལ་བོད་ཀྱི་རྒྱལ་ས་ལྷ་སར་ཆང་ཁང་དང་ནག་མ་ཁང་། གཞང་ཁང་སོགས་ཁྲིམས་མེད་ལུགས་མེད་ངང་འཛིན་བཅུག་སྟེ། གང་ཐུབ་ཅི་ཐུབ་ཀྱིས་མ་ཎི་ཡིག་དྲུག་ཁ་འདོན་དུ་གྱུར་བའི་བོད་མི་རྣམས་ཀྱི་སེམས་ཁམས་བསྒྱུར་ཐབས་བྱེད་མུས་ཡིན་པ་ལྟར། ད་རེས་ལྷ་སའི་སྐྱིད་ཆུའི་ངོགས་སུ་ཀྲུང་ཧཱ་རིག་གནས་སྤྱི་གླིང་ཞེས་བོད་མིང་མ་བཏགས་པར་རྒྱ་ནག་རང་གི་དམར་ཤོག་གི་ལྟ་གྲུབ་མཚོན་པའི་བརྐོས་བརྙན་དང་འཛུགས་སྐྲུན་ལྡན་པའི་སྤྱི་གླིང་ཞིག་གསར་འཛུགས་བྱས་ཡོད་པ་གསལ་པོ་རྟོགས་ཐུབ་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༡༦ སྔོན་ལ།
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཨོ་གླིང་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

༢༠༢༥/༠༧/༣༠
འབའ་རྫོང་དུ་འཚོགས་མུས་ཡིན་པའི་ཐུན་ཏེ་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།
Mobile App

བོད་ནང་འདུ་འཛོམས་དམ་དྲག་བྱེད་ཀྱི་ཡོད་པ་དང་བསྟུན་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་།

༢༠༢༥/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese