མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨབ་གྷན་ནང་དྲག་སྤྱོད་དོན་རྐྱེན་བྱུང་འཇུག་མཁན་ཨ་རི་ཡིན་པའི་སྐྱོན་འཛུགས་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ཨབ་གྷན་ནང་འབར་རྫས་འགས་འཐོར་གྱི་དྲག་སྤྱོད་དོན་རྐྱེན་བྱུང་བའི་འཛམ་གླིང་རྒྱལ་ཁབ་མང་པོས་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ནའང་རྒྱ་ནག་གིས་དོན་རྐྱེན་དེ་ཨ་རིའི་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་ཡིན་པའི་སྐྱོན་འཛུགས་བྱས་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་ལམ་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀ་བྷོལ་ཁུལ་གྱི་བུད་མེད་ཀྱི་སློབ་གྲྭའི་(Sayed Al-Shuhada school) སྒོ་འགྲམ་དུ་རླངས་འཁོར་འགས་གཏོར་དང་འབར་རྫས་འགས་གཏོར་གྱི་དོན་རྐྱེན་བྱུང་སྟེ། དེ་རིང་བར་སློབ་གྲྭ་དེའི་བུ་མོ་ ༨༥ རྐྱེན་འདས་དང་། མི་གྲངས་ ༡༤༧ ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། ད་སྔ་བར་དྲག་རྒོལ་དོན་རྐྱེན་དེའི་རྒྱབ་ཀྱི་ཉེས་ཅན་པ་སུ་ཡིན་སོགས་ཀྱི་གནས་ཚུལ་ཁ་གསལ་ཆགས་ཀྱི་མེད་པ་རེད།

འབར་རྫས་འགས་གཏོར་གྱི་དྲག་རྒོལ་དོན་རྐྱེན་བ་དང་གཞུང་གིས་རྒྱལ་སའི་ཁུལ་དུ་ཛ་དྲག་གི་སྐོར་སྲུང་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་གིས་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་ཅིང་། ཨབ་གྷན་གྱི་སྲིད་འཛིན་ (Ashraf Ghani) ལགས་ཀྱིས། ད་ལན་གྱི་འབར་གས་དོན་རྐྱེན་དེ་ཊ་ལེ་བྷན་གྱི་དྲག་སྤྱོད་ཚོགས་པས་སྤེལ་ཡོད་པའི་སྐྱོན་འཛུགས་བྱས་ཀྱང་། ཊ་ལེ་བྷན་གྱི་མགྲིན་ཚབ་པས་ངོས་ལེན་བྱས་མེད་པ་རེད། ཡང་དྲག་སྤྱོད་དོན་རྐྱེན་ཐད་འགྲོ་མིའི་རོགས་སྐྱོར་གནང་མཁན་ (Mohammed Reza Ali) ལགས་ཀྱིས། ངས་མཚན་མོའི་སྐབས་སུ་དུར་ཁྲོད་དུ་སློབ་ཕྲུག་བུ་དང་བུ་མོ་རྣམས་ཀྱི་ཕུང་པོ་འཁྱེར་བ་དང་འབར་གས་འདིའི་ནང་རྨས་སྐྱོན་བྱུང་བ་རྣམས་ཀྱི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

ཨབ་གྷན་གྱི་བུ་མོའི་སློབ་གྲྭར་དྲག་རྒོལ་བྱུང་བའི་དོན་རྐྱེན་ཐད་ཡེ་ཤུ་ཆོས་དཔོན་ཕོག་མཆོག་གཙོས་པའི་ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས། རྒྱ་གར་སོགས་ཀྱིས་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཨ་རིར་སྐྱོན་བརྗོད་དང་སྦྲགས་ད་ལན་དྲག་རྒོལ་དོན་རྐྱེན་དེ་ནི་ཨ་རིས་ཨབ་གྷན་ནང་ཡོད་པའི་རང་གི་དམག་མི་ཕྱིར་འཐེན་བྱས་སྟབས་དོན་རྐྱེན་ལྷག་པ་ཡིན་པའི་ཉེས་འཛུགས་བྱས་ཡོད་པ་རེད།

ཨབ་གྷན་གྱི་གཞུང་འབྲེལ་གནས་ཚུལ་ལྟར་ན།  རྐྱེན་འདས་སུ་ཕྱིན་པའི་སློབ་ཕྲུག་ཕལ་མོ་ཆེ་བུ་མོ་ཡིན་པ་དང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སློབ་ཕྲུག་གི་ཆེད་དུ་མི་མང་པོས་སྨན་ཁང་འཚོལ་བཞིན་ཡོད། འབར་གས་དེ་དག་ལ་གཏོར་ཤུགས་ཆེན་པོ་ཡོད་པ་དང་། སློབ་ཕྲུག་གི་ཉེ་འགྲམ་རང་ནས་འབར་གས་བྱུང་བར་བརྟེན། ད་ལྟ་ད་དུང་ཡང་སློབ་ཕྲུག་ཁ་ཤས་རྙེད་མི་ཐུབ་པར་ལྷག་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་ཉེན་རྟོག་པའི་ཆས་གོས་གྱོན་པའི་མི་ཁག་ཅིག་གིས། ཁཱ་བྷོལ་མཐོ་རིམ་སློབ་གཉེར་ཁང་གི་སྒོ་ཆེན་འགྲམ་དུ་གློ་བུར་དུ་འབར་རྫས་གཡུགས་སྐབས། སློབ་ཕྲུག་བརྒྱ་ཕྲག་བརྒལ་བ་ཉེན་ཁ་ལས་ཐར་ཐུབ་ཡོད་ཀྱང་། དགེ་སློབ་མང་པོ་ཞིག་འཛིན་ཁང་ནང་བཙན་བཀག་བྱས་ཏེ། དགེ་སློབ་ ༡༩ ལྷག་རྐྱེན་འདས་དང་ ༢༢ ལ་རྨས་སྐྱོན་བཟོས་ཡོད་འདུག  དེ་བཞིན་ཁ་ཆེའི་དྲག་སྤྱོད་ཚོགས་པ་ (ISIS) ཟེར་བ་དེས། ཁཱ་བྷོལ་མཐོ་སློབ་ཏུ་དྲག་རྒོལ་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཨབ་གྷ་ནི་སི་ཐན་གྱི་སྲིད་གཞུང་ལ་ཁ་གཏད་གཅོག་མཁན་ཁྲིམས་དཔོན་དང་ཉམས་ཞིབ་པ་ཚོར་དམིགས་པ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    ཨབ་གྷན་ནང་དྲག་སྤྱོད་དོན་རྐྱེན་བྱུང་འཇུག་མཁན་ཨ་རི་ཡིན་པའི་སྐྱོན་འཛུགས་བྱས། Good ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese