མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་ཡུལ་མི་བརྒྱ་ཆ་ ༥༠ ལ་ཏོག་དབྱིབས་གཉན་རིམས་ཕོག།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱི་རྒྱལ་ས་ཀ་ཐིན་མན་གྲུ་ཁུལ་གྱི་བོད་མི་ ༤༦ ཙམ་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པ་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་དུའང་ཉིན་རེར་ཛ་དྲག་ཇེ་ཆེར་སོང་སྟེ། ད་ལྟ་རྒྱལ་ས་ཀ་ཐི་མན་གྲུ་གཙོས་པའི་རྒྱལ་ཡོངས་ཀྱི་གཞུང་སྒེར་གྱི་སྨན་ཁང་ནང་ནད་པའི་ཆེད་སྲོག་རླུང་དང་ཉལ་ཁྲི་འདང་ངེས་མེད་རྐྱེན་རྒྱལ་ཁབ་ཀྱི་སྨན་བཅོས་ལྟ་སྐྱོང་སྦོ་ལུག་པའི་གནས་སྐབས་སུ་ལྷུང་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བལ་ཡུལ་གྱི་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ཀྱི་གནས་སྟངས་སྐོར་དྲིས་ཁོང་གིས། ད་ལྟའི་ཆར་ང་ཚོར་ཤེས་རྟོགས་བྱུང་བ་ལྟར་ན། ནད་རླབས་གཉིས་པ་འདིའི་ནང་རྒྱལ་ས་ཀ་ཐིན་མན་གྲུ་ཁུལ་དུ་བོད་མི་ ༤༦ ཙམ་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་ཅིང་། དེའི་ཁྲོད་ནས་རང་ལོ་ ༧༦ སོན་པའི་བོད་མི་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ཅེས་དང་། ད་ལྟའི་ཛ་དྲག་གི་གནས་སྟངས་ལ་དཔག་ནས་གངས་ཅན་བདེ་རྩའི་ངོས་ནས་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ལ་འཕྲོད་བསྟེན་ལམ་སྟོན་སོགས་གནང་མུས་ཡིན་པ་དང་། ད་ལན་གཉན་རིམས་འགོ་མཁན་མང་ཆེ་བ་རང་ཁྱིམ་དུ་ཟུར་བཀག་བྱས་ནས་བསྡད་ཡོད་པ་དང་། སྒྲིག་འཛུགས་ངོས་ནས་མཆོད་འཇོར་ཁུལ་དང་། ཡང་ཁ་འཐོར་མི་མང་མཐུན་རྐྱེན་མེད་མཁན་ཚོའི་ཆེད་དུ་སུན་དྷར་ཇལ་(Sundarijal)ཁུལ་དུ་འགོག་དབྱེ་ཟུར་འཇོག་ཁང་བཅས་བཙུགས་ཡོད་པ་མ་ཟད། མི་རིང་བར་མི་གྲངས་ ༤༠ ལྷག་གཤོང་སའི་ཟུར་འཇོག་ཁང་གཞན་ཞིག་ཀྱང་འཛུགས་རྒྱུ་ཡིན་སྐོར་དང་། ས་གནས་མགོ་འཛིན་བརྒྱུད་དོན་གཅོད་ནས་ཤེས་རྟོགས་བྱུང་བའི་བོད་མི་ནད་པ་རྣམས་ལ་སྔར་བཞིན་མུ་མཐུད་སྨན་རྩིས་ཁང་གི་ལུས་སེམས་གསོ་བྱེད་ཀྱི་སྨན་རིགས་མཁོ་སྤྲོད་བྱེད་མུས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

བལ་ཡུལ་གྱི་སྲིད་བློན་ཀེ་པི་ཤར་མ་ཨོ་ལི་ (KP Sharma Oli) ཡིས་ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིའི་སི་ཨེན་ཨེན་གསར་ཁང་གི་བཅར་འདྲིའི་སྟེང་བལ་ཡུལ་གྱི་གནས་སྟངས་ཛ་དྲག་པོ་མེད་སྐོར་བརྗོད་པ་དེར་རྒྱལ་ནང་དུ་སྐྱོན་བརྗོད་ཤུགས་ཆེན་པོ་ཕོག་ཡོད། འོན་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སྲིད་བློན་ཨོ་ལི་ཡིས་དབྱིན་ཡུལ་གྱི་གྷར་ཌིན་གསར་ཁང་གི་དྲ་ཚིགས་སྟེང་ཡོངས་ཁྱབ་ཀྱི་འབོད་སྐུལ་རྩོམ་ཡིག་ཅིག་སྤེལ་བའི་ནང་། ངས་འཕྲིན་འདི་འབྲི་བཞིན་པའི་གནས་སྐབས་འདིར། ངའི་རྒྱལ་ཁབ་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསར་པ་ཞིག་ལ་གདོང་ལེན་བྱེད་བཞིན་ཡོད། ཏོག་དབྱིབས་ནད་པ་འཕར་བཞིན་པ་དེས་ང་ཚོའི་བློ་སྟོབས་ཅན་གྱི་སྨན་པ་དང་། སྨན་ཞབས་པ། འཕྲོད་བསྟེན་མི་སྣ། དང་བླངས་བ་སོགས་སྨན་བཅོས་ཀྱི་སྒྲོམ་གཞི་ཡོངས་ལ་དོ་ཕོག་ཚབས་ཆེན་གཏོང་བཞིན་འདུག ཅེས་དང་། ངས་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ང་ཚོར་ནད་ཡམས་འདིར་ཁ་གཏད་གཅོག་ཆེད་སྔོན་འགོག་སྨན་ཁབ་དང་། སྨན་བཅོས་མ་ལག སྲོག་རླུང་གི་ཡོ་བྱད་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༢ དང་ ༣ པའི་ནང་བལ་ཡུལ་རྒྱལ་ཡོངས་ནང་ཉིན་རེར་ཏོག་དབྱིབས་ནད་པ་གསར་པ་ ༡༠༠ མ་གཏོགས་ཐོན་གྱི་མེད་ནའང་། རྒྱ་གར་ལྟར་ཕྱི་ཟླ་ ༤ པའི་ཟླ་མགོ་ནས་བཟུང་ཉིན་རེ་བཞིན་ཏོག་དབྱིབས་གཉན་རིམས་ཤུགས་ཆེར་ཁྱབ་གདལ་ཕྱིན་ཏེ། ཁ་སང་མི་འབོར་ས་ཡ་ ༣༠ ལྷག་ཡོད་པའི་བལ་ཡུལ་ནང་ཁྱོན་ནད་པ་གསར་པ་ཁྲི་ ༡ མ་ཟིན་ཙམ་ཐོན་ཡོད་ཅིང་། འདས་པའི་བདུན་ཕྲག་གཅིག་ནང་ཆ་སྙོམས་ཀྱིས་ཉིན་ལྟར་མི་གྲངས་ ༨༠༠༠ ལ་གཉན་རིམས་འགོས་ཡོད་འདུག བལ་ཡུལ་གཞུང་གི་གྲངས་ཐོ་ལྟར་ན། ཏོག་དབྱིབས་གཉན་རིམས་བརྟག་དཔྱད་བྱས་པའི་མི་གྲངས་ཁྲོད་ནས་བརྒྱ་ཆ་ ༥༠ མ་ཟིན་ཙམ་ལ་གཉན་རིམས་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། འདས་པའི་བདུན་ཕྲག་གཅིག་གི་ནད་ཡམས་འཕར་ཚད་ཀྱི་བརྒྱ་ཆ་དེ་ ༡༢༠༠ ལ་ཐོན་ཡོད་འདུག

ཉིན་རེར་ཏོག་དབྱིབས་ནད་པ་མང་དྲགས་པའི་རྐྱེན་གྱིས་བལ་ཡུལ་གྱི་གཞུང་སྒེར་གྱི་སྨན་ཁང་ནང་སྲོག་རླུང་འདང་ངེས་མེད་པའི་དཀལ་ངལ་འཕྲད་མུས་ཡིན་པ་དང་། བལ་ཡུལ་གྱི་རྒྱལ་ཡོངས་གསར་ཁང་ཆེ་གྲས་ཀ་ཐི་མན་གྲུ་ཆ་འཕྲིན་(Kathmandu Post) གྱི་གནས་ཚུལ་ལྟར། བལ་ཡུལ་རྒྱལ་ཡོངས་ནང་ཁྱོན་སྨན་ཁང་ ༡༨༥ ཡོད་པའི་ཁྲོད་ནས་སྨན་ཁང་ ༢༦ ཙམ་ལ་མ་གཏོགས་སྲོག་རླུང་མཁོ་འདོན་ཁང་ (Oxygen Plant) མེད་ཅིང་། དེ་དག་ཁྲོད་ནས་ཀྱང་མང་པོ་ཞིག་གིས་ད་ལྟ་སྲོག་རླུང་མཁོ་འདོན་བྱེད་ཐུབ་ཀྱི་མེད། དེའི་ཐོག་དུས་རྒྱུན་རྒྱ་གར་ནི་བལ་ཡུལ་གྱི་སྨན་བཅོས་ཀྱི་ཅ་དངོས་ནང་འདྲེན་བྱ་སའི་རྒྱལ་ཁབ་གཙོ་བོ་དེ་ཡིན་ནའང་། ད་ལྟ་རྒྱ་གར་རང་ཉིད་ལ་སྲོག་རླུང་འདང་ངེས་མེད་པའི་དཀའ་ངལ་ནང་ལྷུང་ཡོད་སྟབས། རྒྱ་གར་གྱིས་བལ་ཡུལ་ལ་སྲོག་རླུང་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་སྟབས། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གིས་བལ་ཡུལ་ལ་སྲོག་རླུང་(Oxygen Cylinder) ༤༠༠ སྤྲད་ཡོད་པ་མ་ཟད། ཡོང་རྒྱུའི་བདུན་ཕྲག་གསུམ་རྗེས་ད་དུང་སྲོག་རླུང་ ༣༥༠༠ སྦྱིན་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

དབྱེ་ཞིབ་པས་ད་ཐེངས་བལ་ཡུལ་ནང་དུའང་ཏོག་དབྱིབས་ཤུགས་ཆེར་ཁྱབ་གདལ་འགྲོ་བཞིན་པའི་རྐྱེན་རྩ་གཅིག་དེ་རྒྱ་གར་ཡིན་པར་འདོད་ཀྱི་ཡོད། དེ་ཡང་རྒྱ་གར་དང་ས་འབྲེལ་ཡིན་པའི་བལ་ཡུལ་གྲོང་ཁྱེར་ནེ་པལ་གྷན་ཇི་(NepalGanj) ཟེར་བའི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཤུགས་ཆེར་ཁྱབ་གདལ་ཕྱིན་ཡོད་ཅིང་། ཁུལ་དེ་ཕྱོགས་གཉིས་ཀྱི་ས་མཚམས་ཡིན་སྟབས་ཕར་འགྲོ་ཚུར་འོང་མང་བ་ཡོད་ལ། ལྷག་པར་དུ་འདས་པའི་བདུན་ཕྲག་འགའ་ཤས་ནང་རྒྱ་གར་ནང་ལས་ཀ་གཉེར་བཞིན་པའི་བལ་པོ་རྣམས་ཁུལ་དེ་བརྒྱུད་རང་ཡུལ་དུ་ཕྱིར་ལོག་བྱེད་ཀྱི་ཡོད་སྟབས། དེ་དག་བརྒྱུད་ནས་གཉན་རིམས་འགོས་ཡོད་པར་རྗོད་ཀྱི་འདུག་ལ། དེ་མིན་བལ་ཡུལ་ནང་འདས་པའི་བདུན་ཕྲག་འགའ་ཤས་གོང་འོས་བསྡུ་དང་ཆོས་ལུགས་ཀྱི་དུས་ཆེན་སོགས་པའི་རྐྱེན་དང་། ལྷག་པར་དུ་གཞུང་མང་གཉིས་ནས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ཐབས་ལམ་དག་ལག་བསྟར་ཚགས་ཚུད་བྱས་མེད་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་བལ་ཡུལ་གྱིས་སྔོན་འགོག་སྨན་ཁབ་བགོ་འགྲེམ་གྱི་ལས་གཞི་སྤེལ་ཟིན་ཡང་། ཉེ་ལམ་རྒྱ་གར་ནང་གནས་སྟངས་ཛ་དྲག་ཆགས་པའི་རྐྱེན་གྱིས་བལ་ཡུལ་ནང་དུའང་སྔོན་འགོག་སྨན་ཁང་འདང་ངེས་མེད་པའི་གནས་སྟངས་སོགས་ཀྱི་རྐྱེན་པས་གནས་སྐབས་རིང་འགོག་ཁབ་ཀྱི་ལས་གཞི་དེ་མཚམས་འཇོག་བྱ་དགོས་བྱུང་ཡོད་པ་རེད། ད་ལྟའི་ཆར་བལ་ཡུལ་གྱི་མི་འབོར་གྱི་བརྒྱ་ཆ་ ༧།༢ ལ་ཉུང་མཐར་འགོག་ཁབ་ཐེངས་གཅིག་ཐོབ་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་གཅིག་པུར་བལ་ཡུལ་ནང་ཁྱོན་ཏོག་དབྱིབས་ནད་པ་གསར་པ་ ༩༣༡༧ ཐོན་ཏེ། ད་བར་གྱི་ནད་གྲངས་དེ་འབུམ་ ༤།༡༣ ལ་བསྐྱལ་ཡོད་པ་དང་།  ད་བར་བལ་ཡུལ་ནང་གཉན་རིམས་འདིའི་རྐྱེན་པས་མི་གྲངས་ ༤༣༠༠ ལྷག་རྐྱེན་འདས་སུ་བཏང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese