མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལུགས་གསོ་རིག་སྨན་པ་ ༣ བཅས་མི་དྲུག་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

 ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་རྔ་བ་ཁུལ་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་གྱི་བོད་ལུགས་གསོ་རིག་སྨན་པ་ ༣ དང་སྤྱི་གཉེར་བ་ ༢།  ཁྲིམས་ལུགས་ངོ་ཚབ་པ་ ༡ བཅས་ཀྱིས་བོད་སྨན་གྱིས་ཡུལ་སྐོར་བར་མགོ་སྐོར་བཏང་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་འདུག

ཁ་སང་རྒྱ་ནག་གི་གཞུང་འབྲེལ་དྲ་ལམ་དུ་གནས་སྤེལ་བ་ལྟར་ན། ཉེ་སྔོན་ས་གནས་ཀྱི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཉེན་རྟོག་པར་ཁ་པར་བརྒྱུད་ཞུ་གཏུག་བྱས་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར། ཟུང་ཆུ་རྫོང་གི་ཉེན་རྟོག་པ་ ༦༠ ཡིས་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་གྱི་བོད་ལུགས་གསོ་རིག་གི་ཡུལ་སྐོར་ཉོ་སྒྲུབ་ཚོང་ར་(ཧེང་ཐའེ་སྨན་རྫས་ཁང་)ཞེས་པ་དེར་འདྲི་རྩད་བཀག་སྡོམ་བྱས་ཡོད་པ་མ་ཟད། སྨན་རྫས་ཁང་དེའི་བོད་ལུགས་གསོ་རིག་གི་སྨན་པ་ ༣ དང་། ཞབས་ཞུའི་མི་སྣ་ ༢༧ འཛིན་བཟུང་བྱས་པ་དང་། ལག་ཐོགས་ཁ་པར་ ༣༡ དང་དངུལ་ལེན་འཕྲུལ་ཆས། གློག་ཀླད། འཛིན་ཤོག་སོགས་བཀག་སྡོམ་བྱས་ཡོད་འདུག ད་ལྟའི་ཆར་སྨན་པ་ ༣ དང་སྤྱི་གཉེར་བ་གཉིས། ཁྲིམས་་ལུགས་ངོ་ཚབ་པ་གཅིག་བཅས་མུ་མཐུད་བཀག་ཉར་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་འདུག

གཞུང་ཕྱོགས་ཀྱི་གནས་ཚུལ་ནང་། ཞུ་གཏུག་བྱེད་མཁན་ཡུལ་སྐོར་བ་ཚོས་ས་གནས་ཀྱི་སྨན་རྫས་ཚོང་ཁང་སྐོར་ཞིག་གིས་བོད་སྨན་རིན་གོང་མཐོན་པོ་བྱས་ནས་བཙོང་གི་ཡོད་ཀྱང་། སྨན་ལ་དེ་བཞིན་གྱི་རིན་ཐང་མེད་པའི་ཚོར་སྣང་བྱུང་སྐོར་བཤད་ཡོད་པ་དང་།  ཉེན་རྟོག་པས་འདྲི་རྩད་སོགས་བྱས་རྗེས་དོགས་གཞི་ཅན་གྱི་སྨན་པ་གསུམ་ལ་སྨན་པའི་ལག་ཁྱེར་མེད་པ་མ་ཟད་ཉམས་མྱོང་ཡང་མེད་སྐོར་དང་། ཁོང་ཚོ་གསུམ་གྱིས་ཡུལ་སྐོར་བར་ནད་གཞི་བརྟག་དཔྱད་བྱེད་ཁུལ་གྱིས་ཡུལ་སྐོར་བའི་ཉོ་སྒྲུབ་ནུས་པ་མི་འདྲ་བར་གཞིགས་ནས། རིན་གོང་མི་འདྲ་བ་དང་བཅོས་ཡུན་མི་འདྲ་བའི་སྨན་ཤོག་སྤྲོད་ཀྱི་ཡོད་ཚུལ་དང་། ཡུལ་སྐོར་བས་སྨན་གྱི་གྲུབ་ཆ་ཤེས་སུ་མི་འཇུག་པའི་ཆེད། རྒྱ་སྨན་གྱི་རིགས་མང་པོ་བླངས་རྗེས། མགྱོགས་མྱུར་ངང་མཉམ་བསྲེས་བྱས་ནས་ཕྱེ་མར་བཟོས་རྗེས་ཡུལ་སྐོར་བར་སྤྲོད་ཀྱི་ཡོད་ཚུལ་དང་། དེ་ལྟར་བྱས་པའི་དམིགས་ཡུལ་ནི་ཡུལ་སྐོར་བས་རྒྱ་སྨན་གྱི་གྲུབ་ཆ་ཤེས་ཐབས་བྲལ་བ་དང་ཕྱིར་སློག་བྱ་རུ་མི་འཇུག་པའི་ཆེད་དུ་ཡིན་སྐོར་སོགས་དང་། བོད་ལུགས་གསོ་རིག་གི་སྨན་རྫས་ཚོང་ཁང་དེས་འདི་ལོའི་ཕྱི་ཟླ་ ༣ ནས་ལས་དོན་གཉེར་ཏེ་ད་བར་དུ་རྒྱ་སྒོར་ཁྲི་ ༡༠༠ ལྷག་ཙམ་ཟིན་གྱི་ཡོད་ལུགས་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 1

  1. འཕྲིན་ལས། says:
    ལོ་ 5 སྔོན།

    མདོ་ལས།
    གང་སེམས་སྨན་པ་དེ་སྨན་པ།།
    ལུས་ཀྱི་སྨན་པ་སྨན་པ་མིན།།
    ཡིད་འཆོས་པ་ནི་ཤེས་པ་དཀའ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese