མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་སྔོན་འགྲོ་ནས་དམའ་རིམ་བར་གྱི་སློབ་གསོར་བསྒྱུར་བཅོས་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སྒེར་གཉེར་སློབ་གྲྭ་དང་ས་གནས་སློབ་གསོར་སྒྱུར་བཅོས་གཏོང་སླད་སྒེར་གཉེར་སློབ་གྲྭ་ཁག་ཏུ་ཕྱིའི་སློབ་ཚན་འཁྲིད་པ་དང་སློབ་འཇུག དེ་བཞིན་སློབ་གྲྭའི་ངོ་བོ་བསྒྱུར་མི་ཆོག་པ་སོགས་ཀྱི་ཁྲིམས་གསར་ཞིག་མི་འགྱང་བར་རྒྱ་ནག་རྒྱལ་ཡོངས་ཀྱི་སྔོན་འགྲོ་ནས་འཛིན་རིམ་དགུ་བའི་བར་ལག་བསྟན་བྱེད་རྩིས་འདུག

རྒྱ་ནག་གཞུང་ཕྱོག་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་སློབ་གསོ་དང་འབྲེལ་བའི་ཁྲིམས་གསར་པ་ཞིག་བཟོས་ཏེ། རྒྱ་ནག་གི་སྔོན་འགྲོའི་སློབ་གྲྭ་ནས་འཛིན་རིམ་དགུ་བའི་བར་ཕྱིའི་སྐད་ཡིག་སློབ་ཚན་སློབ་ཁྲིད་མཚམས་འཇོག་གིས། རྒྱ་ནག་ནང་གི་སྒེར་གཉེར་སློབ་གྲྭ་ཁག་དང་ས་གནས་སློབ་གསོ་དང་འབྲེལ་བའི་སྔོན་འགྲོ་ནས་འཛིན་རིམ་དགུ་བའི་བར་གྱི་སློབ་གསོའི་ཁ་ཕྱོགས་ལ་དོ་དམ་དང་འགྱུར་བ་གཏོང་འཆར་ཡོད་པ་དང་། ཁྲིམས་གསར་དེ་ནི་འབྱུང་འགྱུར་ཕྱི་ཟླ་ ༩ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་རྩིས་ཡོད་འདུག

སྒེར་གཉེར་དང་ས་གནས་སློབ་གསོའི་སྐོར་གྱི་ཁྲིམས་གསར་དེ་རྒྱ་ནག་གཞུང་གི་དྲ་རྒྱ་ཞིག་གི་སྟེང་སྤེལ་བའི་ནང་། རྒྱ་ནག་རྒྱལ་ཡོངས་ཀྱི་སྔོན་འགྲོ་ནས་འཛིན་རིམ་དགུ་བའི་བར་གྱི་སློབ་གྲྭ་ཚང་མའི་ནང་སློབ་གསོ་དང་འབྲེལ་བའི་ཐག་གཅོད་ལེན་མཁན་འགན་འཛིན་ལྷན་ཚོགས་སམ་ཡང་ན་ལས་ཐོག་འཛིན་སྐྱོང་གཉེར་མཁན་ཚང་མ་རྒྱ་རིགས་ཡིན་དགོས་པ་མ་ཟད། དེའི་ཁྲོད་སློབ་གསོའི་དོ་དམ་དང་འབྲེལ་བའི་གཞུང་འབྲེལ་ལས་བྱེད་བསྐོ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཁྲིམས་གསར་ནང་། རྒྱ་ནག་གི་སྔོན་འགྲོ་ནས་འཛིན་རིམ་དགུ་བའི་བར་གྱི་སྒེར་གཉེར་སློབ་གྲྭ་ཚང་མས་སློབ་འཇུག་ཡིག་རྒྱུགས་དང་སློབ་མ་གསར་བསྡུ་ཡི་གསལ་བསྒྲགས་སོགས་སྤེལ་མི་ཆོག་པ་དང་། ས་གནས་སློབ་གྲྭའི་ངོ་བོར་གནས་པའི་སྔོན་འགྲོ་ནས་འཛིན་རིམ་དགུ་བའི་སློབ་གྲྭ་ཁག་གིས་སྒེར་གཉེར་སློབ་གྲྭ་འཛུགས་མི་ཆོག་པ་དང་རང་གི་སློབ་གྲྭ་སྒེར་གཉེར་སློབ་གྲྭར་བསྒྱུར་མི་ཆོག་པ་སོགས་བཟོས་ཡོད་འདུག་ལ། ད་ལྟའི་ཁྲིམས་གསར་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་སྔོན་འགྲོ་ནས་འཛིན་གྲྭ་དགུ་བའི་བར་གྱི་སློབ་གྲྭ་ཁག་ཚང་མས་ལག་བསྟར་བྱ་དགོས་ཀྱི་ཡོད་འདུག

དེ་འབྲེལ་ཐད་ཨ་རིའི་ (U.S. bank Citi) དངུལ་ཁང་གིས། རྒྱ་ནག་གི་སློབ་གསོའི་ཁྲིམས་གསར་དེར་ཚོད་དཔག་ལས་བརྒལ་བའི་དམ་དྲག་ཆེ་ཞིང་། རྒྱ་ནག་གི་སྔོན་འགྲོ་ནས་འཛིན་རིམ་དགུ་བའི་བར་གྱི་སློབ་གྲྭ་ཙམ་མ་ཟད། འབྲིང་རིམ་སློབ་གྲྭ་ཁག་ལའང་སྟངས་འཛིན་སྔར་ལྷག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། རོའུ་ཊར་གསར་ཁང་ལྟར་ན། ད་རེས་ཁྲིམས་གསར་དེ་ནི་རྒྱ་ནག་ནང་ཧ་ཅང་འཕེལ་རྒྱས་ཆེ་བའི་སྒེར་གཉེར་སློབ་གྲྭ་ཁག་ལ་དམིགས་པ་ཞིག་ཡིན་ཞིང་། རྒྱ་ནག་གིས་ཁྲིམས་གསར་དེ་བརྒྱུད། གནམ་སའི་བླ་འོག་བརྗེ་བ་ལྟ་བུའི་སློབ་ཡོན་ལ་ཚོད་འཛིན་གྱིས་ཁྱིམ་མའི་འགྲོ་གྲོན་ཇེ་དམའ་དང་བྱིས་པར་གནོན་ཤུགས་ཇེ་ཉུང་དུ་བཏང་སྟེ། གཙོ་བོ་རྒྱ་ནག་གི་མི་འབོར་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད།

ཡང་སློབ་གསོའི་ཁྲིམས་གསར་དེ་དང་འབྲེལ། ཉེ་སྔོན་ཕྱི་ཟླ་ ༤ པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་ཁྱོན་ ༢༡༩༩ ཙམ་ཡོད་སྐོར་བསྒྲགས་ཡོད་པ་དང་། དེང་སང་བོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་ཞིག་སློབ་མཐར་ཕྱིན་རྗེས། ཕྱིར་རང་ཡུལ་དུ་ལོག་སྟེ་བུ་བཅོལ་ཁང་གཙོས་པའི་སྔོན་འགྲོའི་སློབ་གྲྭ་སོགས་སློབ་གསོའི་ལམ་དུ་ཞུགས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་གསོའི་ལྟེ་བར་བཞག་སྟེ་བོད་ཀྱི་མི་རབས་གསར་པ་ཞིག་སྐྱེད་བསྲིང་ཐུབ་ཐབས་བྱེད་བཞིན་ཡོད་ཀྱང་། ད་རེས་ཁྲིམས་གསར་དེའི་ནང་ཆེད་དུ་བོད་སྐད་བོད་ཡིག་འཁྲིད་མི་ཆོག་ཅེས་བརྗོད་མེད་ཀྱང་། ཁྲིམས་དེ་ནི་བོད་མི་ཚོ་སྐད་གཉིས་སློབ་གསོའི་ལམ་དུ་ཞུགས་པར་བཙན་གྱིས་སྐུལ་འདེད་གཏོང་བའི་ནུས་པ་སྔར་ལྷག་འདོན་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist