མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཧིན་ས་མཚམས་སུ་རྒྱ་ནག་གིས་མྱུར་ལམ་ཞིག་ལེགས་འགྲུབ་བྱུང་སྐོར་བསྒྲགས།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་མེ་ཏོག་རྫོང་ཁོངས་ཀྱི་ཡར་ཀློང་གཙང་པོའི་བརྒྱུད་ཁུལ་དུ་རྒྱ་ནག་གཞུང་གིས་རིང་ཚད་ལ་སྤྱི་ལེ་ ༦༧ ལྷག་ཡོད་པའི་མྱུར་ལམ་གསར་པ་ཞིག་བཟོས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ཁང་སོགས་ཀྱི་གནས་ཚུལ་ལྟར་ན། བོད་ཧིན་ས་མཚམས་སུ་འཁེལ་བའི་བོད་ཀྱི་མེ་ཏོག་རྫོང་ཁོངས་ཀྱི་ཡར་ཀློང་གཙང་པོའི་བརྒྱུད་ཁུལ་དུ་རྒྱ་ནག་གཞུང་གིས་རིང་ཚད་ལ་སྤྱི་ལེ་ ༦༧ ལྷག་ཡོད་པའི་མྱུར་ལམ་གསར་པ་ཞིག་འཛུགས་བསྐྲུན་གྲུབ་ཡོད་འདུག

རྒྱ་ནག་གཞུང་གིས་མྱུར་ལམ་དེ་འཛུགས་བསྐྲུན་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གལ་གནད་དུ་བཟུང་སྟེ། ཐོག་མའི་ལས་གཞི་ཡི་འཆར་གཞི་ལྟར་ན་འཛུགས་བསྐྲུན་སྐབས་སྐྱེ་ཁམས་སྲུང་སྐྱོབ་ཁོ་ནའི་ཆེད་འགྲོ་གྲོན་རྒྱ་སྒོར་ས་ཡ་ ༧༥ ཙམ་གཏང་རྒྱུའི་ཚད་ཐིག་བཟུང་ཡོད་ནའང་། དངོས་སུ་འཛུགས་བསྐྲུན་བྱེད་སྐབས་ཚད་གཞི་ལས་བརྒལ་ཏེ་རྒྱ་སྒོར་ས་ཡ་ ༣༠ ཙམ་སྐྱེ་ཁམས་སྲུང་སྐྱོབ་ཆེད་བཏང་ཡོད་པ་དང་། ཁྱོན་སྐྱེ་ཁམས་དང་ཆུ་བོ་སྲུང་སྐྱོབ་ཆེད་རྒྱ་སྒོར་ས་ཡ་ ༡༡༠ ཙམ་ཞིག་འགྲོ་གྲོན་བཏང་ཡོད་པ་དང་། མྱུར་ལམ་དེ་ནི་རྐང་ལམ་ཞིག་ལ་གཞི་བཅོལ་དེ་འཛུགས་བསྐྲུན་བྱས་ཡོད་པ་དང་། མྱུར་ལམ་དེའི་ས་བབ་མཐོ་ཤོས་དང་དམའ་ཤོས་གཉིས་ཀྱི་བར་རྨི་ཊུར་ ༢༨༩༢ ཀྱི་ཁྱད་པར་ཡོད་སྐོར་སོགས་བཀོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞུབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། རྒྱ་ནག་གཞུང་གིས་བོད་ཁུལ་དུ་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེན་སྤེལ་གྱི་ཡོད་པ་དང་། ལྷག་པར་དུ་བོད་ཁྱོན་ཡོངས་ནས་ཆེས་ཐོན་ཁུངས་འཛོམས་ས་དང་གནམ་གཤིས་བཟང་ས། སའི་གནས་བབ་ཕུན་སུམ་ཚོགས་པ་ཡོད་པའི་ཀོང་པོ་ཉིང་ཁྲི་ས་ཁུལ་དེ་བཞིན་ཉེ་བའི་ལོ་ངོ་བཅུ་ཕྲག་འགའ་ནས་བཟུང་གལ་ཆེན་ཏུ་བརྩིས་ཏེ་ལྕགས་ལམ་འཛུགས་བསྐྲུན་དང་གཞུང་ལམ་རྒྱ་བསྐྱེད། ཡུལ་སྐོར་སྤྲོ་འཆམ་ས་ཚིགས་གསར་བཟོ་དང་ཉིང་ཁྲི་གྲོང་ཁྱེར་དུ་བསྒྱུར་བ། དེ་བཞིན་ཆུ་མཛོད་གསར་འཛུགས་སོགས་ཀྱི་འཛུགས་བསྐྲུན་ཧ་ཅང་རྒྱ་ཆེན་བྱེད་ཀྱི་ཡོད་སྟབས། ས་ཁུལ་དེར་གནས་པའི་རྩ་ཆེན་གྱི་རི་དྭགས་དང་གཅན་གཟན་མང་པོ་ཞིག་ས་གནས་སུ་སྡོད་མི་ཐུབ་པ་དང་རྩ་མེད་འགྲོ་བ། རྒྱ་ནག་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞི་གང་འདྲ་ཞིག་སྤེལ་བ་ཡིན་ནའང་། དེའི་མཉམ་དུ་རྒྱ་རིགས་འབོར་ཆེན་གནས་སྤོ་བྱས་ཏེ་ས་གནས་བོད་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་འཕྲོག་འགྲོ་བ་མ་ཟད། བོད་མི་གྲངས་ཉུང་དུ་བསྒྱུར་འགྲོ་བ། མྱུར་ལམ་དེ་དག་ལ་བརྟེན་ནས་རྒྱ་རིགས་འབོར་ཆེན་ས་གནས་སུ་གནས་སྤོ་བྱེད་ཐུབ་པ་དང་། ཞིང་ལས་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་རྒྱུ་ཡིན་པ་བརྗོད་མ་དགོས་པ་ཞིག་ཡིན་སྟབས། མྱུར་ལམ་འཛུགས་བསྐྲུན་དེ་ནི་ས་གནས་ཀྱི་ཁོར་ཡུག་དང་བོད་མིའི་རིག་གཞུང་སོགས་ལ་དོ་ཕོག་ཆེན་པོ་འགྲོ་གཞིར་འགྱུར་འགྲོ་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་ནག་གི་ (China Huaneng Group) གྱིས་མྱུར་ལམ་གྱི་ལས་གཞི་མགོ་འཛུགས་བྱས་ཏེ། ལོ་ངོ་བདུན་ཙམ་གྱི་རིང་རྒྱ་སྒོར་དུང་ཕྱུར་ ༢༠ ཙམ་གྱི་འགྲོ་སོང་འོག་ཉིང་ཁྲི་གྲོང་ཁྱེར་ནས་པད་མ་རྫོང་གཉིས་མྱུར་ལམ་དེས་མཐུད་ཡོད་འདུག སྔོན་ཆད་ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་ལ་འགྲོ་བར་སྤོ་མེས་རྫོང་བརྒྱུད་ཁྱོན་སྤྱི་ལེ་ ༣༤༦ ཙམ་ལ་འགྲུལ་བཞུད་བྱ་དགོས་ནའང་། རིང་ཚད་ལ་སྤྱི་ལེ་ ༦༧།༢ ཡོད་པའི་ད་ལྟའི་མྱུར་ལམ་གསར་པ་དེ་འཛུགས་བསྐྲུན་བྱས་པ་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་དང་མེ་ཏོག་རྫོང་གཉིས་ཀྱི་བར་ལ་སྤྱི་ལེ་ ༡༨༠ ཙམ་ཉུང་འཕྲི་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་མཐའ་མཚམས་ཁུལ་ཡར་རྒྱས་གཏོང་བ་དང་སྲུང་སྐྱོབ་བྱེད་པ་སོགས་ལ་ཁ་གཡར་ནས་བོད་ཧིན་ས་མཚམས་སུ་མྱུར་ལམ་དང་གྲོང་སྡེ་གསར་བསྐྲུན་སོགས་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེན་སྤེལ་ཏེ། ས་མཚམས་ཁ་གསལ་མེད་པའི་ཁུལ་དུ་མཐའ་དམག་འགྲེམས་འཇོག་ཤུགས་ཆེར་བྱེད་ཀྱི་ཡོད་ནའང་། འདས་ལོར་བོད་ཧིན་ས་མཚམས་ཀྱི་ལ་དྭགས་ཁུལ་དུ་རྒྱ་གར་གཞུང་གིས་མྱུར་ལམ་ཞིག་འཛུགས་བསྐྲུན་བྱེད་བཞིན་པར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཏེ། བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་གི་དབར་འདས་པའི་ལོ་ངོ་ ༤༠ ཙམ་གྱི་བྱུང་མྱོང་མེད་པའི་གདོང་ཐུག་བྱུང་སྟེ་རྒྱ་གར་ཕྱོགས་ནས་དམག་མི་ ༢༠ ཙམ་དང་རྒྱ་ནག་གི་དམག་མི་ ༥ རྐྱེན་འདས་སུ་ཕྱིན་ཡོད་ཕྱོགས་སོ་སོས་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese