མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཐུགས་སྨོན་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་བྷ་ཧུ་གུ་ནཱ་ལགས་ཀྱི་རྗེས་དྲན་ཡག་ཤོས་ནི། ཁོང་གིས་སྤེལ་བའི་ལས་འགུལ་དེ་དག་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་དེ་རེད་ཅེས་གསུངས་འདུག

དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དྲ་རྒྱའི་ཐོག ཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྱི་ཧི་མ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སྐུ་ཞབས་སུན་དར་ལཱལ་བྷ་ཧུ་གུ་ནཱ་ལགས་(Sunderlal Bahuguna)ལགས་ཏོག་དབྱིབས་མཉེན་ནད་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་གི་ཤུལ་ལུས་ནང་མི་སྤུན་ཉེ་ཡོངས་ལ་ཐུགས་གསོའི་ཕྱག་བྲིས་སྩལ་གནང་འདུག རང་ལོ་ ༩༤ ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཁོང་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་ཞིག་ཡིན་འདུག

ཐུགས་གསོའི་ཕྱག་བྲིས་ནང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ནས་ཁོང་གི་ནང་མི་དང་གྲོགས་པོ། དེ་བཞིན་དགའ་པོ་གནང་མཁན་ཡོངས་ལ་སེམས་གསོ་ཞུ་བ་དང་། འདས་པོ་ཁོང་ལ་སྨོན་ལམ་རྒྱག་གི་ཡིན། ཞེས་དང་། ཁོང་གིས་ངལ་བ་འཛེམ་མེད་ཐོག་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་དེ་ཉིད་འཚེ་མེད་ཞི་བའི་ལམ་ལ་གཙོ་བོར་བརྟེན་ནས་སྤེལ་གནང་བར་སྙིང་ཐག་པ་ནས་བསྔགས་བརྗོད་ཡི་རངས་ཞུ་ཡི་ཡོད། ཁོང་རྒྱ་གར་གྱི་ཨུ་ཏར་ཁཱན་མངའ་སྡེའི་(Uttarakhand)གཱར་བྷལ་(Garwhal)རིགས་རྒྱུད་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་། ཁོང་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱུག་ཆུ་དང་ཤིང་ནགས། དེ་བཞིན་རི་བོ་རྣམས་ལ་བདག་གཅེས་བྱེད་དགོས་པ་ནི་གལ་གནད་ཅིག་ལ་ཤེས་རྟོགས་བྱུང་བ་བཞིན། ཁོང་གི་ལངས་ཕྱོགས་ལ་མི་གཞན་རྣམས་ཀྱིས་ཀྱང་དེ་ལྟར་དོ་སྣང་ཡོང་ཐབས་གནང་བ་རེད། ཅེས་གསུངས་འདུག

ཡང་རིན་པོ་མཆོག་གིས་བྷ་ཧུ་གུ་ནཱ་ལགས་དང་མཇལ་ཕྲད་བྱུང་བའི་དུས་སྐབས་ཤིག་དྲན་གསོ་གནང་སྟེ་གསུངས་དོན། ཐེངས་ཤིག་བྷ་ཧུ་གུ་ནཱ་ལགས་ཀྱིས་ངོས་ལ་ལྗོན་ཤིང་འདེབས་འཛུགས་ཀྱི་གལ་གནད་དང་དེ་དག་ལ་བདག་གཅེས་བྱེད་དགོས་པའི་སྐོར་བྱུང་ན་གང་མང་མང་ལ་ཞུ་རོགས་ཞེས་རེ་སྐུལ་གནང་གི་འདུག ངོས་ནས་དེ་ལྟར་བྱེད་རྒྱུ་ཁས་ལེན་ཞུས་པ་ཡིན། ངོས་རང་ལ་དྭགས་དང་འབྲས་ལྗོངས། ཨ་རུ་ན་ཅལ་སོགས་ཧི་མ་ལ་ཡའི་ས་གནས་གང་དུ་བསླེབས་ཀྱང་མི་མང་རྣམས་ལ་རང་ཉིད་གང་དུ་གནས་ཀྱང་། གནས་ཡུལ་དང་དེའི་ཉེ་འཁོར་གྱི་རང་བྱུང་ཁོར་ཡུག་ལ་བདག་གཅེས་བྱེད་དགོས་པའི་སྐོར་ཞུ་གི་ཡོད། ཅེས་གསུངས་འདུག

མཇུག་ཏུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སྤྱིར་ཁོང་ད་ཆ་འདས་གྲོངས་སུ་ཕྱིན་པ་རེད་དེ། ཁོང་གི་སྙིང་སྟོབས་ནི་མུ་མཐུད་གནས་ཀྱི་རེད། ཁོང་སྐུ་ཚེ་རིང་པོ་དང་དོན་ལྡན་ཞིག་བསྐྱལ་གནང་བ་རེད། ང་ཚོའི་ངོས་ནས་ཁོང་ལ་རྗེས་དྲན་ཡག་ཤོས་ནི་ཁོང་གིས་སྤེལ་གནང་བའི་ལྗོན་ཤིང་འདེབས་འཛུགས་དང་། དེ་དག་ལ་བདག་གཅེས་བྱེད་པའི་ཐོག་ནས་འཇིག་རྟེན་སྲུང་སྐྱོབ་ཀྱི་ལས་འགུལ་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་དེ་ཡིན། ཞེས་གསུངས་འདུག

སྐུ་ཞབས་སུན་དར་ལཱལ་བྷ་ཧུ་གུ་ནཱ་ལགས་ནི་ཕྱི་ལོ་ ༡༩༢༧ ལོར་ཨུ་ཏར་ཁཱན་གྱི་གྲོང་གསེབ་མཱ་རོ་ཌ་(Maroda)ཞེས་པར་སྐྱེས་ཤིང་། ཐོག་མར་ཁོང་གིས་རྒྱ་གར་ནང་རིགས་རུས་དབྱེ་འབྱེད་ཀྱི་ལམ་ལུགས་ལ་ངོ་རྒོལ་དང་། དེའི་རྗེས་ཧི་མ་ལ་ཡའི་རི་སྒང་གི་བུད་མེད་རྣམས་བསྡུ་སྐོང་གིས་ཆང་རག་ཉོ་ཚོང་ལས་རིགས་ལ་ངོ་རྒོལ་སོགས་མདོར་ན་ཆུང་དུས་ནས་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་དང་། རྒྱ་གར་གྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ལའང་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱ་གར་རང་དབང་རང་བཙན་ཐོབ་རྗེས་བདག་ཉིད་ཆེན་པོ་གཱན་རྡི་མཆོག་གི་ལྟ་གྲུབ་ཉམས་ལེན་བྱས་ཏེ་གྲོང་གསེབ་ཁག་ཏུ་འཚོ་བ་བསྐྱལ་ཞིང་། བདག་ཉིད་ཆེན་པོ་གཱན་རྡི་མཆོག་ལ་དཔེ་བླངས་ཏེ་ཧི་མ་ལ་ཡའི་རི་རྒྱུད་ཁག་ལ་རྒྱང་ཐག་མེ་ལེ་ ༤༧༠༠ ལྷག་ལ་གོམ་བགྲོད་ཕྱིན་ཏེ། ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་ཤིང་ནག་གཅོད་གཏུབ་དང་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེ་བའི་ལས་གཞི་དེ་དག་མཐོང་བ་བཞིན། ཕྱི་ལོ་ ༡༩༧༤ ལོ་ནས་མགོ་བརྩམས་ཏེ་ཧི་མ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་དང་རྒྱུག་ཆུ་ཁག་ལ་ཆུ་མཛོད་ཀྱི་ལས་གཞི་སྤེལ་བཞིན་པར་ངོ་རྒོལ་གནང་ཡོད་པ་རེད།

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

སྐར་མ ༥༨ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese