མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་མི་ལ་ཤི་རྨས་ཐེབས་ཡོད་པའི་གནས་ཚུལ་ཐོན།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་གྱི་བོད་ནང་གི་ས་ཡོམ་གོད་ཆག་ཁྲོད་མི་ ༢༠ ལྷག་རྐྱེན་འདས་དང་ཚད་རིམ་མི་འདྲ་བའི་རྨས་སྐྱོན་ཕོག་མཁན་ ༣༠༠ ལྷག་བྱུང་ཡོད་སྐོར་བརྗོད་བྱུང་།

ཉིན་ཤས་གོང་དུ་བོད་མཚོ་སྔོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་གྱི་ཁོངས་གཏོགས་ས་གནས་མང་པོར་ས་ཡོམ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་ས་ཡོམ་ཁྲོད་རྨ་སྟོད་ནས་མི་ ༡༨ ལ་རྨས་སྐྱོན་བྱུང་ཡོད་པ་ལས་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་མེད་སྐོར་བསྒྲགས་ཡོད་ཀྱང་། དེ་རིང་འདི་གར་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་མགོ་ལོག་རྨ་སྟོད་རྫོང་ཁོངས་ནས་མི་ ༢༠ ལྷག་འདས་གྲོངས་དང་། ཚད་རིམ་མི་འདྲ་བའི་རྨས་སྐྱོན་བྱུང་བ་ ༣༠༠ ལྷག་དང་།  མི་ ༡༣ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ས་གནས་སུ་སྨན་པ་དང་དམག་མི་ཧ་ཅང་མང་པོ་ཞིག་འབྱོར་ཡོད་སྐོར་དང་། ཐེངས་འདིའི་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འདས་པོ་རྣམས་ཀྱི་ཁྱིམ་མིར་རྒྱ་སྒོར་ཁྲི་ལྔ་རེ་གུན་གསབ་ཏུ་སྤྲོད་ཀྱི་ཡོད་སྐོར་ཡང་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས། ད་ལྟ་ས་གནས་སུ་གནོད་ཐེབས་མི་མང་ལ་སྡོད་གུར་ ༣༠༠༠ གྲ་སྒྲིག་བྱས་ཟིན་ཡོད་པ་དང་། ད་དུང་རས་གུར་མང་པོ་ཡོང་གི་ཡོད་འདུག་ལ། སྡོད་གུར་ནང་ཡོད་པ་རྣམས་དུས་ཡུན་ཟླ་ ༦ རིང་གུར་ནང་སྡོད་དགོས་ཀྱི་ཡོད་ལ། གཟའ་རེས་ཟླ་བ་ནས་ས་གནས་ཀྱི་སློབ་གྲྭ་རྣམས་ཀྱིས་ཀྱང་གུར་ཕུབ་ནས་སློབ་ཁྲིད་མགོ་འཛུགས་བྱས་ཡོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་དགོང་མོར། ཡུ་ནན་ཞིང་ཆེན་གྱི་ (Dali Bai) རང་སྐྱོང་ཁུལ་གྱི་ནང་ཚད་རིམ་ ༦།༤ ཅན་གྱི་ས་ཡོམ་ཞིག་བྱུང་བའི་ཁྲོད། ས་གནས་ཀྱི་གཞུང་འབྲེལ་གསར་ལམ་དུ་ཉུང་མཐར་མི་ ༣ རྐྱེན་འདས་སུ་ཕྱིན་པ་དང་། མི་ ༢༧ ལ་རྨས་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་གྲུབ་བཀྲིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist