མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནང་གི་བོད་རང་བཙན་གོམ་བགྲོད་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་གྲོས་ཚོགས་ཁང་གི་མདུན་ཐང་དུ་བོད་མི་དྲུག་གི་རང་བཙན་གོམ་བགྲོད་མཇུག་བསྒྲིལ་གནང་ཡོད་འདུག

རྒྱ་ནག་གཞུང་གིས་བཙན་དབང་གི་ཐོག་ནས་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་བཞག་ནས་ལོ་ངོ་ ༧༠ བའི་ཉིན་མོ་དང་བསྟུན་མགོ་འཛུགས་བྱས་པའི་ཨ་རིའི་ནང་གི་བོད་རང་བཙན་གོམ་བགྲོད་དེ་ཉིད། ཁ་སང་ཨ་རིའི་གྲོས་ཚོགས་ཁང་གི་མདུན་ཐང་དུ་མཇུག་བསྒྲིལ་གནང་ཡོད་འདུག་ལ། རང་བཙན་གོམ་བགྲོད་ཀྱི་མཇུག་བསྡོམས་མཛད་སྒོའི་སྟེང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཁི་རིས་སི་མི་ཐི་ (Chris Smith) ལགས་ཀྱིས་རང་གི་སྐུ་ཚབ་ལས་བྱེད་ཅིག་ཆེད་གཏོང་གནང་སྟེ་སྐུ་ཚབ་དེས། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་བོད་དོན་དང་བོད་མིའི་གནད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ད་ལྟ་འཛམ་གླིང་གིས་དོ་སྣང་བྱ་ས་གཙོ་བོ་དེ་རྒྱ་ནག་གཞུང་གིས་ཤིན་ཅང་(ཤར་ཊུར་ཀི་སི་ཐན་)ཁུལ་དུ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དེ་ཡིན་ནའང་། ཤིན་ཅང་གི་སྔོན་ལ་བོད་ནང་དྲག་གནོན་བྱས་པ་དང་། དེ་བཞིན་ད་ལྟ་ང་ཚོས་རྩ་རླུང་སྒོམ་གྲུབ་པར་དྲག་གནོན་བྱེད་པའི་སྐོར་བཤད་ཀྱི་ཡོད་ནའང། དེ་སྔོན་ལ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དྲག་གནོན་བྱས་ཡོད་སྐོར་དང་། ཨ་རིའི་ངོས་ནས་བོད་མིའི་དཀའ་སྡུག་དང་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེས་ཞུ་ཡི་ཡོད་སྐོར་གསུངས་ཡོད་འདུག

གཞན་ཡང་། མཛད་སྒོའི་སྟེང་གོམ་བགྲོད་ལས་འགུལ་བ་དང་བོད་རང་བཙན་འཐབ་རྩོད་པ་དོན་གྲུབ་ལྷ་དར་ལགས་ཀྱིས། ང་ཚོས་རང་དབང་རང་བཙན་སླར་གསོ་དེ་དགོས་འདུན་གྱི་གཙོ་བོར་བཞག་དགོས་པའི་རྒྱུ་མཚན་ནི། དགྲ་བོ་རྒྱ་ནག་གིས་ཕྱི་ཟླ་ ༥ ཚེས་ ༢༣ ལ་བོད་དེ་ཞི་བས་བཅིངས་གྲོལ་བཏང་ཡིན་ཟེར་ནས་ཧམ་པ་དང་སྐྱག་རྫུན་བཤད་ནས་ལོ་ངོ་ ༧༠ འཁོར་བ་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། དངོས་ཡོད་གནས་ཚུལ་དེ་ལོ་ ༧༠ དང་ ༦༠ ཡི་ནང་ལ་དགྲ་བོ་རྒྱ་ནག་གི་བཙན་འཛུལ་མནར་གཅོད་ཀྱི་འོག་བོད་ལ་ཁྲག་དང་མིག་ཆུའི་ལོ་རྒྱུས་མ་གཏོགས་གང་ཡང་རག་མེད། དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས། དགྲ་བོ་རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་ཡིན་ཟེར་བ་དེ་ཡོངས་སུ་སྐྱག་རྫུན་ཡིན་པ་ར་འཕྲོད་བྱ་རྒྱུའི་ཆེད་དུ་ང་ཚོས་གོམ་བགྲོད་ལས་འགུལ་འདི་སྤེལ་བ་རེད། ཅེས་བརྗོད་ཡོད་འདུག

འདི་གའི་གསར་འགོད་པས་རང་བཙན་གྲོམ་བགྲོད་པ་བསྟན་འཛིན་དབང་འདུས་རང་བཙན་ལགས་སུ་སྤྱི་ཡོངས་ནས་གོམ་བགྲོད་ལས་འགུལ་བཀའ་འདྲི་ཞུས་པར་ཁོང་གིས། སྤྱི་ཡོངས་ནས་ད་ལན་གྱི་རང་བཙན་གོམ་བགྲོད་ལས་འགུལ་དེ་ཧ་ཅང་ལེགས་པོ་བྱུང་ཡོད་པ་དང་། ད་ལན་གྱི་ཉིན་གྲངས་ ༡༠ ཡི་གོམ་བགྲོད་ལས་འགུལ་དེ་རྒྱུན་རིང་པོ་ནས་གྲ་སྒྲིག་བྱས་ཡོད་སྟབས། སྔར་གྱི་ཕྱི་ལོ་ ༡༠༡༩ ལོའི་གོམ་བགྲོད་དང་བསྡུར་ནས་གང་ལ་གང་འཚམ་གྱིས་ལེགས་པ་དང་གྲ་རྒྱས་པ་བྱུང་སོང་། གང་ཡིན་ཟེར་ན། ང་ཚོས་ལམ་བར་དུ་ཡི་གེ་འགྲེམས་པ་དང་གོམ་བགྲོད་བྱེད་སྐབས་མི་མང་ངོས་ནས་རྣམ་འགྱུར་སྟོན་སྟངས་དང་ཡ་ལན་བྱེད་སྟངས་སྔོན་མ་ལས་ཡག་པ་འདུག དེ་གཙོ་བོ་ཨ་རིའི་སྲིད་གཞུང་གོང་མས་འཛམ་གླིང་ནང་རྒྱ་ནག་གི་ནག་ཉེས་མང་པོ་ཐེར་འདོན་བྱས་པའི་རྐྱེན་གྱིས་ཡིན་པའི་ཚོར་བ་འདུག ཡང་གཅིག་ནས་ང་ཚོའི་དགོས་འདུན་བདུན་ནང་དགྲ་བོ་རྒྱ་ནག་གི་རྒྱ་ནད་སྐོར་དང་ཨ་རིའི་ནང་དྲ་རྒྱ་བརྒྱུད་སིམ་འཛུལ་བྱེད་བཞིན་པའི་སྐོར་བཀོད་ཡོད་པས་རེད། ཅེས་འགྲེལ་བརྗོད་གནང་བྱུང།

གཞན་ཡང་། བསྟན་འཛིན་དབང་འདུས་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། སྤྱིར་ཁ་སང་གི་མཇུག་བསྡོམས་མཛད་སྒོའི་སྟེང་ཨ་རིའི་གྲོས་ཚོགས་ནང་བོད་རང་བཙན་གྱི་གྲོས་འཆར་འདོན་གནང་མཁན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སི་ཁོ་ཊི་པེ་རི་ (Scott Perry) ལགས་བཅར་གཏན་འཁེལ་ཡོད་ནའང་། ལས་བྲེལ་གྱི་དབང་གིས་བཅར་ཐུབ་མེད་ཅིང་། ཁོང་གི་ལས་ཁུངས་ངོས་ནས་རང་བཙན་གོམ་བགྲོད་ལས་འགུལ་ཆེད་གཞུང་འབྲེལ་ཡི་གེ་ཞིག་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་ཟེར་བར་ངོ་རྒོལ་དང་། རྒྱ་ནག་གཞུང་གིས་བཙན་དབང་གི་ཐོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པར་ངོ་རྒོལ་ཆེད། ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་ཨ་རིའི་གྲོང་ཁྱེར་ཧྥི་ལ་ཌལ་ཧྥི་ཡ་ནས་མགོ་འཛུགས་གནང་བའི་གོམ་བགྲོད་ལས་འགུལ་འདིའི་ནང་ཁྱོན་བུད་མེད་གཅིག་ཚུད་པའི་བོད་མི་གྲངས་ ༦ མཉམ་ཞུགས་གནང་ཡོད་ཅིང་།  རང་བཙན་གོམ་བགྲོད་ཐེངས་གཉིས་པ་འདི་བརྒྱུད་ཨ་རིའི་གཞུང་མང་གཉིས་ནས་བོད་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པ་སོགས་དགོས་འདུན་དོན་ཚན་ ༧ བཏོན་གནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese