མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་གཅེན་གཅུང་བར་གྱི་དཀའ་ངལ་སེལ་ཐབས་སུ་ཨ་རིའི་དང་བླངས་སྨན་ཞབས་རུ་ཁག་ཅིག་དྷ་སར་ཡོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་དང་བླངས་སྨན་ཞབས་པའི་རུ་ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་དང་མཉམ་ལས་ཀྱིས་བོད་རིགས་གཅེན་གཅུང་ཕན་ཚུན་བར་གྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་འདུགཉེ་སྔོན་ནེའུ་ཡོག་དང་ནེའུ་འཇར་སི།  བྱང་ཁ་ལེ་ཧྥོ་ནེ་ཡའི་བོད་ཀྱི་སྨན་ཞབས་ཚོགས་པའི་ཚོགས་གཙོ་པདྨ་རྡོ་རྗེ་ལགས་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། འབོད་སྐུལ་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་ཛ་དྲག་གནས་སྟངས་འོག སྨན་ཞབས་པ་འདང་གི་མེད་པའི་དཀའ་ངལ་སེལ་ཐབས་སླད། ཨ་རིར་གནས་བཞུགས་དང་བླངས་སྨན་ཞབས་པ་བསྡུ་རུབ་དང་འབྲེལ་བའི་བརྙན་ཞིག་བོད་རིགས་མི་མང་ནང་ཁུལ་དུ་བརྒྱུད་སྐུར་བྱེད་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་པདྨ་ལགས་སྒེར་གྱི་ངོ་དེབ་བརྒྱུད་གནས་ཚུལ་དེ་དངོས་བདེན་གང་ཡིན་དང་ད་ལྟའི་གནས་སྟངས་ཇི་ཆགས་བཅས་ཀྱི་སྐོར་བཀའ་འདྲི་ཞུས་པར། པདྨ་ལགས་ནས་གནས་ཚུལ་དེ་བདེན་པ་ཡིན་པ་དང་ད་ལྟའི་ཆར་ཨ་རིའི་དང་བླངས་སྨན་ཞབས་རྣམས་འགྲིམས་འགྲུལ་གྱི་ཐོངས་མཆན་བཀའ་འཁྲོལ་འཐོབ་རྒྱུར་སྒུག་བཞུགས་ཡོད་སྐོར་བརྗོད་བྱུང་།

དེ་འབྲེལ་གྱི་གནས་ཚུལ་ཐད་པདྨ་རྡོ་རྗེ་ལགས་ནས་ངོ་སྤྲོད་གནང་བ་ལྟར་ན། ནེའུ་ཡོག་དང་ནེའུ་འཇར་སི། བྱང་ཁ་ལེ་ཧྥོ་ནེ་ཡའི་སྨན་ཞབས་ཚོགས་པས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ལ་འབྲེལ་བ་གནང་བ་བརྒྱུད། ད་ལྟའི་ཆར་རྒྱ་གར་ནང་སྨན་ཞབས་དགོས་མཁོ་ཆེ་བའི་སྐབས་དང་བསྟུན། ཨ་རིར་གནས་བཞུགས་དང་བླངས་སྨན་ཞབས་པའི་སྡེ་ཁག་ཅིག་རྒྱ་གར་ནང་རོགས་སྐྱོར་སླད་གཏོང་རྒྱུ་བྱས་པ་དང་། ད་ལྟའི་ཆར་དང་བླངས་སྨན་ཞབས་པ་ཁྱོན་ ༡༡ བྱུང་ཡོད་ནའང་། ཁོ་ཚོའི་ཚོགས་པའི་དམིགས་ཡུལ་ནི་ཉུང་མཐར་སྨན་ཞབས་པ་ ༡༥ གཏོང་རྩིས་ཡིན་པ་རེད།

ཡང་ཉེ་སྔོན་པདྨ་ལགས་ནས་བརྙན་ལམ་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ནང་། ནེའུ་ཡོག་ནེའུ་འཇར་སི་དང་བྱང་ཁ་ལེ་ཧྥོ་ནེ་ཡའི་སྨན་ཞབས་མཐུན་ཚོགས་ནས། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་རྒྱ་གར་ནང་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ལ་རོགས་རམ་ཞུ་སླད། ཏོག་ནད་དང་འབྲེལ་བའི་ཆེད་ལས་སྨན་ཞབས་པ་ ༡༥ རྒྱ་གར་ནང་གཏོང་འཆར་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དང་དོན་གཅོད་ལས་ཁུངས་གཉིས་ལ་གྲོས་མོལ་བྱས་པ་ཡིན། སྨན་ཞབས་པ་ཉུང་དྲགས་པའི་དཀའ་ངལ་འདུག་གསུང་གི་ཡིན། ཕར་ལག་ཆ་ཚང་མ་ཡོད་ནའང་ལས་བྱེད་དང་དམིགས་བསལ་མཉམ་མྱོང་ལྡན་པའི་སྨན་ཞབས་པ་འདང་གི་མི་འདུག་ཟེར་གྱི་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཙམ་མ་ཡིན་པར་བོད་པའི་དགོན་སྡེ་ཁག་གཙོས་པའི་མང་པོར་དཀའ་ངལ་འཕྲད་ཀྱི་འདུག དེར་བརྟེན། རོགས་སྐྱོར་སྨན་ཞབས་པའི་རུ་ཁག་གི་འགྲོ་གྲོན་སླད་རོགས་དངུལ་སྡུད་རོབ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ད་ལྟའི་ཆར་བོད་པའི་དང་བླངས་སྨན་ཞབས་རུ་ཁག་གི་འགྲོ་གྲོན་མཚོན་པའི་རྒྱ་གར་ནང་རོགས་སྐྱོར་གནང་ཕྱོགས་དང་འབྲེལ་བའི་ལས་དོན་ཐད། རོགས་དངུལ་མུ་མཐུད་ཞུ་མུས་མཐུད་ཞུ་བཞིན་ཡོད་ཅིང་། ཁོ་ཚོའི་དཀའ་ངལ་གཙོ་བོ་ནི་ཏོག་ནད་ཀྱི་ཛ་དྲག་གནས་སྟངས་འོག་རྒྱལ་ཁབ་ཕན་ཚུན་བར་འགྲིམས་འགྲུལ་ཐོངས་མཆན་རག་གི་མེད་པ་དེ་ཡིན་པ་རེད་ལ། དམིགས་བསལ་རྒྱ་གར་ནང་ཏོག་ནད་ཀྱི་ཛ་དྲག་གནས་སྟངས་འོག ཨ་རིའི་བོད་པའི་སྨན་ཞབས་པ་རྣམས་ལ་ཛ་དྲག་ཕྱིར་བསྐྱོད་ཀྱི་ཐོངས་མཆན་མ་གཏོགས་རག་རྒྱུ་ཁག་པོ་ཡིན་པ་དང་། ཐོངས་མཆན་རག་ཚེ་མགྱོགས་མྱོར་རྒྱ་གར་རུ་གནས་སྡོད་བོད་མི་རྣམས་ལ་རོགས་སྐྱོར་བྱེད་པར་ཡོང་རྒྱུ་གཏན་འཁེལ་འདུག

ད་རེས་ཀྱི་ཨ་རིའི་བོད་པའི་དང་བླངས་སྨན་ཞབས་རུ་ཁག་དེ་ནི་དམིགས་བསལ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས་དང་ད་སྔ་བར་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་བོད་པས་བོད་མིར་ཛ་དྲག་རོགས་སྐྱོར་ཞུ་སླད། རང་ཉིད་བློས་གཏོང་གིས་རྒྱལ་ཁབ་ནས་རྒྱལ་ཁབ་བརྒྱུད་ནས་ཡོང་བའི་སྨན་ཞབས་པ་མང་ཤོས་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་བཞུགས་སྒར་དྷ་ས་རམ་ས་ལ་ནི་བཙན་བྱོལ་ནང་ཏོག་ནད་ཀྱི་གནས་སྟངས་ཛ་དྲག་ཤོས་ཆགས་ཡོད་པ་ལྟར། ཨ་རིའི་བོད་རིགས་དང་བླངས་སྨན་ཞབས་རུ་ཁག་དེ་དྷ་ས་གཙོས་པའི་ཏོག་ནད་ཀྱི་ཛ་དྲག་གནས་སྟངས་ཡིན་པའི་བོད་མིའི་གཞིས་ཆགས་ཁག་ཏུ་རོགས་སྐྱོར་གྱི་ལས་དོན་གཉེར་རྒྱུ་ཡིན་ཞིང་། ལས་རིམ་ལྟར་ན་ཁོ་ཚོས་ཟླ་གཅིག་རིང་རྒྱ་གར་ནང་སྤྱི་ཚོགས་ཞབས་ཞུ་ཞུ་རྒྱུ་ཡིན་པ་དང་ཁོ་ཚོ་མང་ཆེ་ཐད་ཀར་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཐད་མཉམ་མྱོང་ལྡན་པའི་ཆེད་ལས་པ་རྐྱང་ཆགས་ཀྱི་ཡོད་འདུག་ལ།  ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་དངོས་སུ་ཨ་རི་ནས་རྒྱ་གར་རུ་ཐོན་ཐུབ་ཐབས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

གཤམ་གྱི་དྲ་ཐག་འདི་བརྒྱུད་ཨ་རིའི་བོད་རིགས་དང་བླངས་སྨན་ཞབས་ཚོགས་པར་རོགས་དངུལ་ཕུལ་ཐུབ་ཀྱི་འདུག

https://www.gofundme.com/f/covid19-respond-team?utm_campaign=p_nacp+share-sheet&utm_medium=more&utm_source=customer

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese