མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་ལ་ཁ་གཏད་གཅོག་པའི་ཁྲིམས་འཆར་ཞིག་གཏན་འབེབ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp
ཨ་རིའི་གྲོས་ཚོགས་གོང་མས་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་བསྐོ་ཕྱོགས་དང་ཨ་རིའི་གཞུང་ཚབ་ཁང་གི་ནང་བོད་ཀྱི་སྡེ་ཚན་ཞིག་གསར་འབྱེད་གནང་དགོས་པའི་སྐོར་གྱི་ཁྲིམས་འཆར་ཞིག་མང་མོས་གཏན་འབེབ་གནང་།

ཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་གསར་གཏོད་དང་འགྲན་སྡུར་གྱི་ཁྲིམས་འཆར་ (The Innovation and Competition Act) ཞེས་པ་ཞིག་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་སུ་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་དང་། ཁྲིམས་འཆར་དེའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཐོག་ཨ་རིའི་སྲིད་ཇུས་དང་རྒྱལ་སྤྱིའི་ཐོག་འགན་འཁྲི་ལེན་ཕྱོགས། དེ་བཞིན་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་བསྐོ་ཕྱོགས་སོགས་ཀྱི་སྐོར་བཀོད་ཡོད་འདུག

ཁྲིམས་འཆར་དེའི་དོན་ཚན་ ༣༣༠༦ ནི་ཨ་རི་གཞུང་གི་བོད་དོན་སྲིད་ཇུས་འཛིན་ཕྱོགས་སྐོར་རེད་འདུག་ལ། དེའི་ནང་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་བསྐོ་ཕྱོགས་དང་འབྲེལ་ཨ་རིའི་གྲོས་ཚོགས་གོང་མའི་ལམ་སྟོན་དང་མོས་མཐུན་ཡོད་པའི་ཐོག་ཨ་རིའི་སྲིད་འཛིན་གྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་རྒྱུ། ཡང་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ལས་ཀྱི་གནས་རིམ་ཚད་མཉམ་ཡོད་པའི་ལས་བྱེད་ཅིག་བསྐོ་བཞག་གནང་རྒྱུ་ཡིན་སྐོར་བཀོད་ཡོད་འདུག

ཡང་པེ་ཅིན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་ནང་བོད་ཀྱི་སྡེ་ཚན་ཞིག་གསར་འབྱེད་དགོས་སྐོར་ལ། ཨ་རིའི་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར། ཡང་ན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་དོན་གཅོད་ཁང་ཞིག་བཙུགས་མ་ཐུབ་བར་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་ནང་བོད་དང་འབྲེལ་བའི་སྡེ་ཚན་ཞིག་དགོས་པ་དང་། དེའི་ནང་ཉུང་མཐར་ཨ་རིས་ཐད་བསྐོ་བྱས་པའི་ལས་མི་གཉིས་དང་། ཉུང་མཐར་ས་གནས་ཀྱི་ལས་དོན་དང་འབྲེལ་བའི་མི་གཅིག་བསྐོ་རྒྱུ་ཡིན་སྐོར་བཀོད་འདུག

ཡང་ཁྲིམས་འཆར་དོན་ཚན་ ༣༣༠༧ ནང་༧གོང་ས་སྐུ་ཕྲེང་བཅུ་བཞི་པའི་སྐུའི་ཡང་སྲིད་དང་འབྲེལ་རྒྱ་ནག་དམར་གཞུང་དང་སྲིད་གཞུང་གཞན་སུ་ཞིག་གིས་ཐེ་ཇུས་བྱས་ཚེ། བོད་བརྒྱུད་ནང་བསྟན་དང་བོད་མིའི་ཆོས་ལུགས་དད་མོས་རང་དབང་རྡོག་རོལ་དུ་བཏང་བ་ཞིག་ལ་ངོས་འཛིན་གྱི་སྲིད་ཇུས་ནན་ཏན་གྱིས་འཛིན་གྱི་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནུས་ཤུགས་བཏོན་ཏེ་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱི་རང་དབང་སྲུང་སྐྱོབ་ཆེད། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྣམས་ཀྱི་༧གོང་ས་མཆོག་གི་སྐུའི་ཡང་སྲིད་འཚོལ་ཕྱོགས་དང་ཁྲི་གསོལ་གནང་བའི་སྐུ་དབང་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱབ་སྐྱོར་གནང་རྒྱུ་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐག་གཅོད་ཀྱི་འགན་དབང་ཡོད་སྐོར་བརྗོད་བཞིན་པར་ངོ་རྒོལ་བྱེད་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱི་ཆོས་དད་རང་དབང་ལ་ཐེ་ཇུས་བྱེད་བཞིན་པར་ངོས་ལེན་མི་བྱེད་པ་བཅས་བཀོད་འདུག

རྒྱ་ནག་ལ་དོན་ཕན་ལྡན་པའི་ཐོག་ཁ་གཏད་གཅོག་ཐབས་སུ་ཡུ་རོབ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ཨ་རིའི་མཐུན་གྲོགས་རྣམས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་བཏང་སྟེ། རྒྱ་ནག་ཕྱོགས་ཀྱི་དཔལ་འབྱོར་དང་དམག་དོན། ཕྱི་སྲིད་བཅས་ཀྱི་ཉེན་ཁ་ལ་གདོང་ལེན་བྱ་རྒྱུ་དང་། ས་གནས་ཀྱི་རྩོད་རྙོག་ཁག་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་ཐོག་ཞི་བའི་ངང་འདུམ་སྒྲིག་བྱེད་པ་དར་སྤེལ་གཏང་རྒྱུ། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་པ་དང་ཡུ་གུར་མི་རིགས། གྲངས་ཉུང་ཁ་ཆེ་མི་རིགས་དང་ཡི་ཤུ་བ་སོགས་ལ་གཉའ་གནོན་བྱེད་བཞིན་པ་མཚམས་འཇོག་བྱ་ཐབས་བྱས་ཏེ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་གོང་སྤེལ་གཏང་རྒྱུ་ཡིན་སྐོར་བཀོད་འདུག

ཡང་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་བྱེད་པའི་སྲིད་ཇུས་ཁག་ལ་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དྲག་གནོན་ཅན་གྱི་སྲིད་ཇུས་དེ་དག་རྒྱལ་ཁབ་གཞན་གྱི་ནང་མི་ཡོང་བའི་སྔོན་འགོག་ཆེད་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་ལས་གཞི་ཁག་གི་ཐོག་ནས་མཉམ་འབྲེལ་ཤུགས་ཆེར་བྱེད་དགོས་སྐོར་སོགས་བཀོད་འདུག

རྒྱ་ནག་ལ་ཁ་གཏད་གཅོག་ཐབས་སུ་ཨ་རིའི་གྲོས་ཚོགས་ཀྱི་གསར་གཏོད་དང་འགྲན་སྡུར་གྱི་ཁྲིམས་འཆར་དེའི་དམག་དོན་དང་མཚོན་ཆ། དཔལ་འབྱོར་དང་ཚོང་ལས། འཕྲུལ་རིགས་དང་འཕྲུལ་ལས་ཀྱི་བདག་དབང་སོགས་རྒྱ་ནག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཚུད་ཡོད་འདུག་པ་དང་། ཨ་རིའི་འཕྲུལ་རིགས་དང་ཉམས་ཞིབ་ཀྱི་སྡེ་ཁག་གོང་འཕེལ་དང་ཐོན་སྐྱེད་ཇེ་མང་དུ་གཏོང་ཐབས་སུ་ཨ་སྒོར་དུང་ཕྱུར་ ༢༥༠༠ ཙམ་གྱི་མ་དངུལ་གནང་རྒྱུ་ཡིན་འདུག་ལ། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་གྱི་མཉེན་ཆས་ཊིག་ཊོག་ (TikTok) ཨ་རིའི་གཞུང་འབྲེལ་གྱི་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་བེད་སྤྱོད་བྱ་རྒྱུར་བཀག་འགོག་དང་། རྒྱ་ནག་གིས་བཟོས་པའི་མཁའ་སྐྱོད་པར་ཆས་ (Drone) སོགས་ཨ་རིས་ཉོ་མཚམས་འཇོག་རྒྱུ་ཡིན་འདུག དེ་བཞིན་ཨ་རིའི་ནང་ཐའེ་ཝན་གྱི་ཕྱི་སྲིད་མི་སྣ་དང་དམག་སྡེ་ཡིས་གཞུང་འབྲེལ་གྱི་ཐོག་ནས་ཐའེ་ཝན་གྱི་རྒྱལ་དར་བེད་སྤྱོད་བྱེད་ཆོག་པ་སོགས་བཀོད་ཡོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་མང་མོས་ཀྱིས་གཏན་འབེབ་བྱུང་བ་དང་འབྲེལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་གྱིས། ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་འཆར་དེ་ཡིས་ཐའེ་ཝན་དང་ཧོང་ཀོང་། ཤར་ཏུར་ཀི་སི་ཐན་དང་བོད་བཅས་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་པ་དང་། ཨ་རི་གཞུང་གིས་ཁྲིམས་འཆར་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་མུ་མཐུད་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་སྲུང་། ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་དང་། ཨ་རི་ཡིས་རྒྱ་ནག་དེ་བཞིན་འཆར་སྣང་ཁྲོད་ཀྱི་དགྲ་བོར་མཐོང་གི་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཨ་རིའི་གྲོས་ཚོགས་གོང་མས་ཁྲིམས་འཆར་དེ་མང་མོས་ཐོག་གཏན་འབེབ་བྱུང་བར་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་ནས་བསྔགས་བརྗོད་གནང་སྟེ། དུས་རབས་ཉེར་གཅིག་གི་འགྲན་བསྡུར་ནང་ཞུགས་སྟེ་རྒྱལ་ཁ་ཐོབ་ཐབས་བྱེད་ཀྱི་ཡོད་པ་དང་། ཨ་རི་ཡིས་ངེས་པར་དུ་རང་ཉིད་གསར་གཏོད་ཅན་དང་གྲུབ་འབྲས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་མུ་མཐུད་མཇུག་སྐྱོང་བྱེད་དགོས་པ་མ་ཟད། རྗེས་སུ་ལུས་པའི་ཉེན་ཁ་ལ་འཛེམས་ཐབས་མེད་སྐོར་གསུངས་འདུག་ལ། གྲོས་ཚོགས་གོང་མའི་འཐུས་མི་ཅག་ཤུ་མར་ (Chuck Schumer) ལགས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ཁྲིམས་འཆར་དེ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། ཨ་རིས་འདི་ལྟ་བུས་ཁྲིམས་འཆར་གཏན་འབེབ་མ་བྱས་ཚེ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཡུན་རིང་བྱེད་མི་ཐུབ་སྐོར་གསུངས་ཡོད་འདུག དེ་བཞིན་ཨ་རིའི་བཟོ་ལས་ཁང་མང་པོ་ཞིག་གིས་ཀྱང་ཁྲིམས་འཆར་དེར་བསྔགས་བརྗོད་བྱེད་བཞིན་ཡོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་འཐུས་མི་ ༦༨ བྱུང་ཡོད་པ་དང་འཐུས་མི་གྲངས་ ༣༢ གྱིས་དགག་བྱ་གནང་སྟེ་མང་མོས་ཐོག་གཏན་འབེབ་བྱུང་ཡོད་འདུག ཨ་རིིའི་སྲིད་འཛིན་བྷའེ་ཌིན་མཆོག་ནས་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་ཏེ་དངོས་སུ་ཁྲིམས་ལ་མ་བསྒྱུར་སྔོན་དུ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་བསྡུ་བྱེད་དགོས་ནའང་། ཁྲིམས་འཆར་དེ་ད་ལྟ་གྲོས་ཚོགས་འོག་མའི་ནང་དུས་ནམ་ཞིག་ལ་འཁྱེར་ཡོང་གི་ཡོད་མེད་གསལ་ཁ་ཆགས་མི་འདུག་ལ། གནད་དོན་དབྱེ་ཞིབ་པས་ཁྲིམས་འཆར་དེ་ནི་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་སུ་ཨ་རིའི་ཆབ་སྲིད་ཚོགས་གཉིས་ཀྱི་ངོས་ནས་རྒྱབ་སྐྱོར་ཚད་མཐོ་བྱུང་བའི་གྲས་ཤིག་ཡིན་པ་མ་ཟད། ཨ་རིའི་འཕྲུལ་རིགས་ཐོན་སྐྱེད་དང་བཟོ་ལས་ཕྱོགས་སུ་མ་དངུལ་ཆེ་ཤོས་བཏང་བའི་ཁྲིམས་འཆར་ཞིག་ཡིན་པ་བརྗོད་ཀྱི་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༤ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese