མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བར་བརྒལ་ཚོགས་གཙོ་ལ་ཁྲིམས་མཐུན་དམ་འབུལ་ཞུ་ཡུལ་མེད་པ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp
འཇིགས་བྲལ་བསྟན་འཛིན།

ཕྱོགས་གཉིས་ཀའི་དམ་འབུལ་ཁྲིམས་འགལ་རེད། 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་སྤྱི་འཐུས་ལས་ཁུར་དམ་འབུལ་བྱེད་སྟངས་མ་འདྲ་བ་གཉིས་བྱུང་བ་རེད། དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་ཚོགས་འདུའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ལ་བརྟེན་ནས་ལྷགས་པ་རེད། དེ་ཡིན་ཙང་ཟམ་གདོང་རིན་པོ་ཆེས་གསུངས་པ་བཞིན་ད་ལྟ་བཀའ་སྤྱི་གཉིས་ཀ་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་གིས་ཁྲིམས་མཐུན་དམ་འབུལ་བྱེད་ཡུལ་མེད་པ་རེད། དེ་ཡིན་ཙང་སྤྱི་འཐུས་ཕྱོགས་གཉིས་ཀའི་ལས་ཁུར་དམ་འབུལ་དེ་ཁྲིམས་འགལ་རེད། མ་རེད་གསུང་གི་ཡོད་ན་གཤམ་གྱི་རྒྱུ་མཚན་ཁག་བདེན་པ་མིན་པའི་ཁུངས་སྐྱེལ་གནང་དང་། དགའ་བསུ་ཡོད།

ཆོལ་ཁའི་རྩོད་རྙོག་མ་རེད། 

ཚང་མས་ཤེས་དགོས་པ་ཞིག་ལ་རྩོད་རྙོག་འདི་ཆོལ་ཁ་དང་། ཆོས་བརྒྱུད་ཀྱི་རྩོད་རྙོག་མ་རེད། ཁྲིམས་མཐུན་ཡིན་མིན་གྱི་རྩོད་རྙོག་རེད། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་གསུམ་ལས་གནས་ནས་འཕོ་འགྱུར་གཏོང་བའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་འཇོག་སྐབས། ད་ལྟའི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གཙོས་ཆོལ་ཁ་དང་། ཆོས་བརྒྱུད་དབྱེ་བ་མེད་པའི་སྤྱི་འཐུས་མི་གྲངས་ ༣༡ གཅིག་གིས་རང་དབང་གི་སྒོ་ནས་གསང་བའི་འོས་ཤོག་འཕངས་ཏེ་གྲོས་ཆོད་བཞག་པ་རེད།འདི་ཡང་ངེས་པར་ཤེས་དགོས་པའི་གནད་དོན་ཧ་ཅང་གལ་ཆེན་པོ་རེད།

ཁྲིམས་འགལ་གྱི་དཔེ་ཚད་མཐོ་ཤོས། 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ཀྱི་ལམ་ནས་ལས་གནས་ནས་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་གསུམ་སླར་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཡར་འཛུལ་ཡོང་བ་རེད། འཛུལ་སྟངས་དེ་ཡང་ཁྲིམས་མཐུན་གྱི་བརྒྱུད་རིམ་གང་ཡང་མེད་པར་འཛུལ་ཡོང་བ་རེད། ཁྲིམས་ཁ་ནས་བཤད་མཁན། ཁྲིམས་ཞིབ་པ་ཡིན་ཟེར་མཁན་དེ་ཚོས་རྒྱ་ཆེའི་མི་མང་གི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཐར་ཐུག་གི་ཐག་གཅོད་ལ་རྡོག་རོལ་གཏོང་རྐྱང་བྱས་ནས་ཡར་ཕེབས་པ་རེད། མི་མང་གི་སྐུ་ཚབ་ལ་མཐོང་ཆུང་ཁྱད་གསོད་བྱས་ནས་ཡར་ཕེབས་པ་རེད། ཕེབས་སྟངས་འདི་ནི་ཁྲིམས་འགལ་ཟེར་བ་ཞིག་ཡོད་ན་དེའི་དཔེ་ཚད་མཐོ་ཤོས་དེ་རེད། འདི་གང་ཟག་གིས་དབང་བསྒྱུར་ཡིན་པ་ལས། ཁྲིམས་ཀྱིས་དབང་བསྒྱུར་ཞིག་ལ་དུས་ནམ་ཡང་ངོས་ལེན་བྱེད་ཐབས་ཡོད་མ་རེད། ད་དུང་རྒྱ་ཆེའི་མི་མང་གི་སྐུ་ཚབ་སྤྱི་འཐུས་ལྷན་ཚོགས་ལ་རྡོག་རོལ་གཏོང་མཁན་ཁྲིམས་ཞིབ་པ་ཟུར་པ་དེ་ཚོའི་མདུན་དུ་རྒྱ་ཆེའི་མི་མང་གི་སྐུ་ཚབ་ཀྱིས་དམ་བཅའ་གང་འདྲ་བྱས་ནས་ཕུལ་དགོས་རེད། གནང་ཐབས་ཡང་ཡོད་མ་རེད།

གྲོས་ཆོད་ཕྱིར་འཐེན་གནང་མེད་པ། 

དེ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བཞག་པའི་གྲོས་ཆོད་ཅིག་ཡིན་ན་ཕྱིར་འཐེན་བྱེད་པར་ལམ་གཅིག་མ་གཏོགས་ཡོད་མ་རེད། དེ་ནི་གྲོས་ཚོགས་ཚོགས་འདུའི་ཐོག་གྲོས་ཆོད་ཡིག་ཆ་ཕྱིར་འཐེན་བྱེད་རྒྱུ་དེ་རེད། དེ་ཡིན་དུས་གྲོས་ཚོགས་ཚོགས་དུས་འཕར་མར་ཚོགས་བཅར་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་གནང་ནས་ཁྲིམས་ཞིབ་པ་ཟུར་པ་གསུམ་ཁྲིམས་མཐུན་གྱི་ལམ་ནས་ཡར་ཕེབས་སུ་འཇུག་དགོས་པ་དེ་ལམ་གཅིག་རེད། ཡང་ན་ཁྲིམས་ཞིབ་པ་གསར་པ་བསྐོ་དགོས་རེད།ཡང་ན་ཁྲིམས་ཞིབ་པ་མེད་པའི་སྐབས་སུ་བཀའ་སྤྱི་གཉིས་ཀས་དམ་འབུལ་བྱེད་ཡུལ་ཁྲིམས་གསར་པ་བཟོ་དགོས་རེད། འདི་ཚོ་གཅིག་ཀྱང་མ་བྱུང་བ་རེད། དེ་ལ་བརྟེན་ནས་ད་ལྟའི་དཀའ་ངལ་འདི་འཕྲད་པ་རེད། དེའི་ལོ་རྒྱུས་ཀྱི་འགན་དེ་གྲོས་ཚོགས་ཚོགས་དུས་འཕར་མར་ཚོགས་བཅར་མི་གནང་མཁན་གྱི་སྤྱི་འཐུས་ཚོ་ལ་ཡོད་པ་ལས་གཞན་སུ་གཅིག་ལ་ཡོད་མ་རེད།

བར་བརྒལ་ཚོགས་གཙོ་ལ་ཁྲིམས་མཐུན་དམ་འབུལ་ཞུ་ཡུལ་མེད་པ། 

གོང་དུ་ཞུས་པ་བཞིན་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་འོག་སྤྱི་འཐུས་ལས་ཁུར་དམ་འབུལ་བྱེད་པ་ལ། དང་པོ་བར་བརྒལ་ཚོགས་གཙོ་ལ་ཁྲིམས་མཐུན་དམ་འབུལ་བྱེད་ཡུལ་ཡོད་མ་རེད། ཁྲིམས་མཐུན་དམ་འབུལ་བྱེད་ཡུལ་མེད་པ་དེ་དཀའ་ངལ་རེད་མ་གཏོགས། བར་བརྒལ་ཚོགས་གཙོ་སུ་ཡིན་དཀའ་ངལ་མ་རེད། དེ་བཞིན་བར་བརྒལ་ཚོགས་གཙོ་དེ་བར་བརྒལ་ཚོགས་གཙོ་ལ་ངོས་ལེན་གྱི་མིན་གསུང་གི་ཡོད་མ་རེད། འོ་ན་ག་རེ་གསུང་གི་ཡོད་རེད་ཟེར་ན།བར་བརྒལ་ཚོགས་གཙོས་ཁྲིམས་འགལ་ཡིན་པའི་ཁྲིམས་ཞིབ་པ་ཟུར་པ་གསུམ་གྱི་མདུན་དུ་ལས་ཁུར་དམ་བཅའ་བཞེས་ན། དེ་ལ་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ཟེར་གྱི་ཡོད་རེད། ངོས་ལེན་བྱེད་མི་ཐུབ་པའི་རྒྱུ་མཚན་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་གནང་མེད་ཙང་རེད་མ་གཏོགས། བར་བརྒལ་ཚོགས་གཙོ་སུ་ཡིན་མིན་མ་རེད་ལ། དེ་བཞིན་བར་བརྒལ་ཚོགས་གཙོ་ལ་གུས་ཞབས་ཞུས་དང་མ་ཞུས་ཀྱི་གནད་དོན་མ་རེད། འོ་ན་གང་རེད་ཟེར་ན། བཅའ་ཁྲིམས་ཀྱིས་བསྐུར་བའི་ཐག་གཅོད་ལ་བརྩི་བཀུར་ཞུས་ཀྱི་ཡིན་དང་མིན་གྱི་གནད་དོན་རེད། དེ་ཧ་གོ་དགོས་པ་དེ་གནད་འགག་ཧ་ཅང་ཆེན་པོ་རེད།

འགན་ཁུར་དང་བསམ་ཤེས་རྩ་བ་ནས་མེད་པ། 

གནས་སྟངས་དེ་འདྲ་ཞིག་ཡིན་ན་ཡང་། ནང་ཁུལ་ལ་བསམ་ཤེས་རྩ་བ་ནས་མེད་པའི་གནས་སྟངས་དེ་ནི་དངོས་གནས་ཧ་ལས་དགོས་པ་ཞིག་རེད། དེ་ཡང་དམ་འབུལ་ཐད་ཁྲིམས་དང་། སྒྲིག་གཞི་ལ་འགྲེལ་བཤད་བྱེད་པའི་ཡུལ་ལྷགས་ཡོད་མ་རེད། དེ་ནི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་དགོངས་དོན་འོག་ཁྲིམས་ཞིབ་པ་གསུམ་ལས་གནས་ནས་འཕོ་འགྱུར་བཏང་ཟིན་ཙང་རེད། ད་ཆ་ཁྲིམས་སྒྲིག་གི་ཐོག་ནས་ལམ་ཁ་གང་ཡང་ལྷག་མེད་པ་དེ་ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར་རེད། དེ་ལྟ་ན་ཡང་ཁྲིམས་སྒྲིག་དང་མི་མཐུན་བཞིན་དུ་འོས་བསྡུ་ལས་ཁུངས་ཀྱིས་ཐག་གཅོད་འོག་སྤྱི་འཐུས་སྐབས་གཅིག་གི་རིང་སྤྱི་འཐུས་ཚོགས་གཙོ་གཉིས་བསྐོས་པ་རེད། སྐབས་དེར་ཁྲིམས་འགལ་ཡིན་ན་ཡང་དེ་ལྟར་བྱས་པ་རེད། ད་ལན་ཡང་ཕྱོགས་གཉིས་ཀའི་དམ་འབུལ་ཁྲིམས་མཐུན་འོག་བྱེད་རྒྱུའི་ལམ་ཁ་མེད་ན་ཡང་། དེ་སྔ་བཞིན་དང་པོ་ཁྲིམས་འགལ་ཡིན་ན་ཡང་། སྤྱི་ལ་བསམ་བློ་བཏང་བའི་ཐོག་ནས་ཕྱོགས་གཉིས་ཀའི་དམ་འབུལ་བྱེད་སྟངས་ལ་མོས་མཐུན་གནང་། དེ་ནས་གྲོས་ཚོགས་ཚོགས་ནས་ཁྲིམས་ལ་བཟོ་བཅོས་གནང་ན་ལམ་ཁ་གཅིག་རེད། དེ་འདྲ་སྔར་ཡང་གནང་པ་རེད། ད་ལན་མི་ཆོག་པ་ཅི་ཡོད། ཡིན་ནའང་བསམ་ཤེས་རྩ་བ་ནས་གནང་གི་ཡོད་མ་རེད། དེ་ནི་བསམ་བློ་གང་ནས་བཏང་ནས་བོད་ཀྱི་རྩ་དོན་དང་། གཞིས་ལུས་རྒྱ་ཆེའི་མི་མང་ལ་བསམ་བློ་གཏོང་གི་ཡོད་པ་ཞིག་ཏུ་ངོས་འཛིན་ནམ་ཡང་ཐུབ་ཐབས་མི་འདུག་ལ། ལྷག་དོན་དགུང་ན་མཐོན་པོར་ཕེབས་པའི་བོད་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་མཚོན་རྟགས་༧གོང་ས་མཆོག་ལ་འགན་ཁུར་སྟངས་ཤིག་རྩ་བ་ནས་མ་རེད་ལ། ཧ་ལས་པའི་བྱེད་སྟངས་སྐྱོ་པོ་རེད།

གནས་སྟངས་འདི་འདྲའི་སྐབས་སུ་བོད་པའི་གསར་འགྱུར་ཁང་ཁག་གིས་ཕྱོགས་གཅིག་ཁོ་ནའི་གསར་འགྱུར་བཤད། ཕྱོགས་གཅིག་གི་མི་ལ་བཅར་འདྲི་བྱེད། དེ་འདྲ་གནང་ནས་མི་མང་ལ་གནས་ཚུལ་ངོ་མ་ཤེས་སུ་མ་བཅུག དེ་འདྲ་གནང་ཡོང་དུས་རྫ་མ་ཆགས་ན་ཆགས་མཉམ་རེད། དཱ་རྫ་མ་ཆགས་བཅུག་དགོས་ས་རེད་བསམ་པ་དེ་འདྲ་ཡང་དྲན་ཡོང་གི་འདུག འདི་ཡང་ཞོར་འཕྲོས་ཡིན།

མཆན། གོང་འཁོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 5

  1. Sonam Kyi says:
    ལོ་ 5 སྔོན།

    Tibet times is under the control of Khampa editors, therefore, this news website will aways be biased toward Khampa militant groups.

    Reply
  2. གཙན་ནག་པ། says:
    ལོ་ 5 སྔོན།

    སྤྱི་འཐུས་སྐབས་བཅུ་དྲུག་པའི་ཚོགས་དུས་བཅུ་པའི་ཐོག་བཞག་པའི་གྲོས་ཆོད་ཨང་ ༣༨ པ་དེ་བཞིན་སྐྱེ་དུས་ནས་འཆི་ཟིན་པའི་ཕུང་པོ་ཞིག་རེད། ཕུང་ཞིག་ལ་མི་ཡི་འདུ་ཤེས་ཡོད་མཁན་ཞིག་ངོས་ནས་བཤད་གོང་གི་ཆེད་རྩོམ་དེ་ཡང་དག་པ་ཞིག་ཏུ་མཐོང་ཡང་། ཕུང་པོ་ནི་ཕུང་པོ་རང་རེད་དེ་ལ་ནུས་པ་མེད་མཁན་ཞིག་གི་བལྟ་ཚུལ་ནི་གོང་གི་གནས་ཚུལ་ཚང་མ་རྫུན་མ་རྫུན་ཀྱང་ཞིག་ཡིན། མདོར་བསྡུས་ན་གྲོས་ཆོད་ཨང་ ༣༨ པ་གསོན་པོ་ཡིན་དང་གཤིན་པོ་ཡིན་ཁྱད་པར་ཤེས་པར་རག་ལས་པ་ཞིག་ཡིན། ཡང་འགའ་རེའི་ཤི་ཟིན་ཀྱང་སྨན་པས་ཤི་བའི་གསལ་བསྒྲགས་བྱས་མེད་པ་ཟེར་བ་ནི་དེ་བས་ཀྱང་དགོད་མོ་སློང་ཡས་རང་རེད། ཧཧཧཧ

    Reply
  3. མཁྱེན་རབ། says:
    ལོ་ 5 སྔོན།

    གོང་གི་གནས་ཚུལ་དེ་ལ་བདེན་པའི་ཆ་ཡོད་པ་རེད། བྱས་ཙང་ཕྱོགས་གཉིས་ཀའི་འདོད་མོས་ལ་བརྩི་བཀུར་ཞུས་ནས་ཕན་ཚུན་གཉིས་བློ་ཁེངས་པ་གནང་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པ་རེད། ཁྲིམས་ཀྱི་འགྲོ་ལུགས་ལ་ནོར་འཁྲུལ་ཕྱོགས་ག་ས་བྱུང་ཡོད་པ་རེད། ་མཐུན་ཐབས་ཁོ་ན་མ་གཏོགས་ལམ་ཁཡོད་པ་མ་རེད།

    Reply
  4. ཐུབ་དབྱིག says:
    ལོ་ 5 སྔོན།

    གོང་གི་རྩོམ་ཡིག་དེའི་ནང་བཅའ་ཁྲིམས་ཀྱི་ཁུངས་བསྐྱེལ་དང་ཁྲིམས་སྒྲིག་གི་ལུང་འདྲེན་གང་ཡང་མེད་པར་རང་གི་འཆར་སྒོ་དང་བསམ་བློའི་ཤུགས་རྐྱེན་འོག་དོན་ཚན་འགའ་ཞིག་བཀོད་འདུག འཇིགས་བྲལ་ནི་རྒྱུན་དུ་སེར་རྟ་ཚུལ་ཁྲིམས་ཀྱི་ལྟ་ཚུལ་གྱི་ཤུགས་རྐྱེན་ཡོད་མཁན་ཆེད་རྩོམ་འགོག་སྤེལ་བྱེད་མཁན་ཞིག་ཡིན་པས་གཟུར་གནས་གཅིག་གཏན་ནས་མིན། དེ་ནི་ཁོ་པས་བྲིས་པའི་རྩོམ་མང་པོ་བོད་ཀྱི་བང་ཆེན་ལ་འགོད་སྤེལ་བྱེད་ཀྱི་ཡོད། སྐབས་བབ་དམ་འབུལ་གྱི་གནད་དོན་ཐོག་གླེང་དགོས་པ་གཅིག་ནི། བར་བརྒལ་ཚོགས་གཙོ་ལ་དམ་འབུལ་ཞུ་མཁན་ཚོས་བཅའ་ཁྲིམས་དགོངས་དོན་དམ་བཅའ་ཕུལ་ཡོད་པ་དང་། ཁྲིམས་ཞིབ་པ་་ཆེ་བའི་མདུན་དམ་འབུལ་ཞུས་པ་དེ་ནི་དེའོ་གོང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་མཉམ་ཞུགས་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དྲྭ་ཐོག་ཕེབས་ཏེ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསང་རྒྱ་དང་ལས་འཁུར་དམ་འབུལ་ཞུས་པ་མ་ཟད། ༧གོང་ས་མཆོག་གིས་སྲིད་སྐྱོང་གསར་པར་འཚམས་འདྲི་དང་སྲིད་སྐྱོང་འཕོ་མཁན་ལ་ཐུགས་རྗེ་ཆེ་ཞེས་གསུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པའི་ལས་འཁུར་འགོ་འཛུགས་གནང་ཟིན་ཡོད་པ་དེས་ཁྲིམས་ཞིབ་པ་རྣམས་ལས་གནས་སུ་ཕེབས་པ་དེར་ངོས་བཞེས་ཐོན་པ་གཅིག་ཡིན། གལ་སྲིད་དེ་ལ་ངོས་བཞེས་ཐོབ་མེད་གསུངས་ན། ༧གོང་ས་མཆོག་དྲྭ་ཐོག་དམ་འབུལ་མཛད་སྒོར་ཕེབས་པ་དང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ལས་འཁུར་རྩིས་སྤྲོད་གནང་བ་དེ་ཁྲིམས་འགལ་རེད་ཅེས་གསུངས་ཀྱི་ཡོད་དམ། དེ་ནས་དམ་འབུལ་གནང་ཕྱོགས་གཉིས་ཀྱི་ཐད། བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་བཅའ་འབུལ་མཁན་རྣམས་བཅའ་ཁྲིམས་དགོངས་དོན་དམ་བཅའ་ཕུལ་བར་འོས་བསྡུ་ལས་ཁང་གིས་ངོས་འཛིན་གནང་བ་དེ་ནི་ཕྱི་ཚེས་ ༨ ཀྱི་ཉིན་རྒྱབ་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་གྱིས་བར་བརྒལ་ཚོགས་གཙོའི་དྲུང་དུ་དམ་འབུལ་ཞུ་མཁན་ལ་ངོས་འཛིན་གནང་བ་དང་སྐུ་དཔར་དང་བཅའ་ཁྲིམས་མདུན་དམ་བཅའ་འབུལ་མཁན་ཚོར་ངོས་ལེན་མེད་པ་དེ་ནི་དམ་འབུལ་ཞུ་མཁན་སྤྱི་འཐུས་ཀྱི་གྲངས་ཚད་ཀྱིས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་བྱེད་པར་སྤྱི་འཐུས་ཀྱི་གྲུབ་ཆ ལོན་གྱི་མི་འདུག་ཅེས་གསུངས་ཡོད་པ་དེས་བར་བརྒལ་ཚོགས་གཙོའི་དྲུང་དུ་དམ་བཅའ་ཕུལ་མཁན་ཚོར་ངོས་འཛིན་གནང་ཡོད། ལར་ནས་༧གོང་ས་མཆོག་གི་སྐུ་དཔར་དང་བཅའ་ཁྲིམས་མདུན་དམ་བཅའ་འབུལ་རྒྱུ་ཞེས་པ་དེ་བཅའ་ཁྲིམས་དང་སྒྲིག་གཞི་གང་གི་ནང་གསལ་ཡོད། ཁྲིམས་དང་སྒྲིག་གཞིར་བར་འདུམ་དང་གྲོས་སྒྲིག་བྱེད་ཅེས་པ་དེ་ནི་སྒྲིག་ཁྲིམས་མེད་པའི་མང་གཙོའི་ལམ་ལུགས་གཅིག་རེད། དེས་ན་འཇིགས་བྲལ་ལགས་ཀྱིས་བཅའ་ཁྲིམས་དང་སྒྲིག་གཞི་གང་གི་འོག་༧གོང་ས་མཆོག་གི་སྐུ་དཔར་དང་བཅའ་ཁྱིམས་ཀྱི་མདུན་དམ་བཅའ་འབུལ་ཆོག་པའི་ཁུངས་བསྐྱེལ་གནང་བ་ཡིན་ན་ཡི་རངས་ཞུ་ཆོག དེ་མིན་རང་གི་འདོད་ཚུལ་ཁྲིམས་ལ་བསྒྱུར་ཐབས་ཙམ་ལས་མ་འདས།

    Reply
  5. འཇིགས་མེད་དབང་ཕྱུག says:
    ལོ་ 5 སྔོན།

    ཀློག་བདེ་ཞིང་གོ་བདེ་བ། ལངས་ཕྱོགས་ཁ་གསལ་བ། ཚིག་དོན་གནད་ལ་འཁེལ་བའི་རྩོམ་ཡིག་ཅིག་བྲིས་འདུག རྗེས་སུ་ཡི་རངས་ཡོད།
    ཡིན་ནའང་སྤྱི་འཐུས་ཕྱོགས་གཉིས་ཀའི་དམ་འབུལ་ཁྲིམས་འགལ་ཡིན་ན། སྲིད་སྐྱོང་གསར་བའི་དམ་འབུལ་ཡང་ཁྲིམས་འགལ་ཡིན་དགོས་པ་ཞིག་འདུག རྒྱུ་མཚན་ནི།  ཁྱེད་ཀྱི་རིགས་ལམ་ལྟར་ན། “ཟམ་གདོང་རིན་པོ་ཆེས་གསུངས་པ་བཞིན་ད་ལྟ་བཀའ་སྤྱི་གཉིས་ཀ་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་གིས་ཁྲིམས་མཐུན་དམ་འབུལ་བྱེད་ཡུལ་མེད་པ་རེད།”
    དེས་ན་ཁྲིམས་ཞིབ་པ་ཚོར་ངོས་ལེན་མེད་ཟེར་མཁན་གྱི་སྤྱི་འཐུས་རྣམ་པ་དང་། ཁྱེད་རང་ལྟ་བུའི་རྩོམ་པ་པོ་ཚོས། ཁྲིམས་ཞིབ་པ་ཚོར་ངོས་ལེན་མེད་ན། སྲིད་སྐྱོང་གསར་བའི་དམ་འབུལ་ལ་ངོས་ལེན་ཡོད་མེད་ཁ་གསལ་པོ་བཟོས་ན། སྤྱི་འཐུས་དམ་འབུལ་གྱི་རྙོག་དྲ་འདིའི་ཁུངས་གཏུགས་ས་དེའི་ངོ་བོ་ཇེ་གསལ་དུ་འགྲོ་བར་ཕན་ཐོགས་ཆེ། 

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese