མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབོད་སྐུལ་དོན་ཚན་ལྔའི་འོག་བོད་དོན་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་བོད་ཀྱི་སྟག་ཤར་སངས་རྒྱས་སྐྱབས་ལགས་ནས་ཊོ་རན་ཊོ་ནས་རྒྱལ་ས་ཨོ་ཊ་ཝའི་བར་འབོད་སྐུལ་དོན་ཚན་ལྔའི་འོག་བོད་དོན་ཞི་བའི་གོམ་བགྲོ་ལས་འགུལ་ཐེངས་གཉིས་པ་སྤེལ་གྱི་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་སངས་རྒྱས་སྐྱབས་ལགས་ཀྱིས་འབོད་སྐུལ་དོན་ཚན་ལྔའི་འོག་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོའི་(Toronto) རྒྱ་ནག་གཞུང་ཚབ་མདུན་ནས་ཨོ་ཊ་ཝ་(Ottawa) གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་བར་བོད་དོན་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་མགོ་བརྩམས་གནང་ཡོད་པ་དང་། ད་རེས་ཀྱི་བོད་དོན་ལས་འགུལ་ཁྲོད་ཁོང་ནས་ཕར་འགྲོ་ཚུར་འོང་གཉིས་ལ་ཁྱོན་སྤྱི་ལེ་ ༩༠༠ ལྷག་གི་ཞི་བའི་གོམ་བགྲོད་དང་ལམ་བར་གྱི་ས་གནས་མི་མང་ལ་བོད་དོན་ངོ་སྤྲོད་དང་ཁྱབ་བསྒྲགས་གནང་རྒྱུ་དང་། ལྷག་པར་དུ་ཊོ་རན་ཊོ་དང་ཨོ་ཊ་ཝར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གཉིས་ནི་ཁོང་གི་ལས་འགུལ་སྤེལ་ཡུལ་ཆགས་ཀྱི་ཡོད་འདུག

དེ་རིང་སངས་རྒྱས་སྐྱབས་ལགས་ཀྱིས་ངོ་དེབ་ཐད་གཏོང་གནང་བའི་ནང་། དེ་རིང་ཆུ་ཚོད་ ༡༢ རིང་སྤྱི་ལེ་ ༥༠ གོམ་བགྲོད་བྱས་ཡོད་པ་དང་། གནམ་གཤིས་ལེགས་པོ་ཡོད་པའི་སྟེང་ལམ་བར་དུ་དཀའ་ངལ་གང་ཡང་འཕྲད་མ་སོང་། ལུས་པོ་བདེ་ཐང་ཡིན་པ་དང་རེ་བར་ཊོ་རན་ཊོའི་ནང་དུ་རང་གི་རྒྱབ་ཁུག་ཁུར་མཁན་ཞིག་ཡོད་ན་གོམ་པ་མང་པོ་རྒྱག་ཐུབ་ཀྱི་ཡོད་པས་ཡག་པོ་འདུག ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ནས་ང་ལ་སེམས་ཁྲལ་མ་གནང་རོགས། བོད་རྒྱ་གཉིས་ཀྱི་དཀའ་རྙོག་མ་སེལ་བར་དུ་དུས་ནམ་ཡང་བོད་མི་ཚོས་སེམས་ཤུགས་མ་ཆགས་པར་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་རེད། ང་ཚོ་བོད་རིགས་གཅིག་པ་ཡིན་པའི་ཆ་ནས་འགན་གཅིག་པ་རེད། ང་ཚོ་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག  དེ་བཞིན་འཐབ་རྩོད་གཅིག་དང་མ་འོངས་པའི་མདུན་ལམ་གཅིག་རེད། ང་ཚོའི་ཕ་ཡུལ་བོད་རེད། ཚང་མས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བསམ་བློ་གཏང་སྟེ་ལས་འགུལ་སྤེལ་མཁན་སུ་ཡིན་རུང་དེ་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། ངས་ལམ་བར་དུ་དབྱིན་ཇིའི་མི་རིགས་ཐུག་པ་རྣམས་ལ་བོད་དོན་གྱི་གནད་དོན་སྐོར་གོ་རྟོགས་སྤེལ་བ་ཡིན། དེར་བརྟེན་ཚང་མས་ང་ལ་རྒྱབ་སྐྱོར་མུ་མཐུད་ནས་གནང་རོགས་གནང་། ཞེས་བརྗོད་འདུག

ཁོང་གིས་རྒྱ་ནག་དང་ཁེ་ན་ཌའི་སྲིད་བློན་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དོན་ཚན་ལྔ་ཞུ་ཡི་ཡོད་པ་དག་ནི། གཅིག་༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོག་རྒྱབ་སྐྱོར་གནང་རྒྱུ་དང་། གཉིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྟེ་ཕན་ཚུན་གྲོས་བསྡུར་དང་ཡིད་ཆེས་ཀྱི་ལམ་ནས་བསྐྱར་གསོ་བྱ་རྒྱུ། གསུམ་༧པན་ཆེན་རིན་པོ་ཆེ་དང་གཞན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ངེས་པར་དུ་གློད་ཀྲོལ་གཏོང་དགོས་པ། བཞི་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་རྒྱ་ནག་ནས་རྩེད་རྒྱུ་མཚམས་འཇོག་དང་། རྒྱ་ནག་གིས་བཟོས་བའི་ཏོག་དབྱིབས་ནད་ཡམས་ལ་འགན་ལེན་དང་རྒྱལ་སྤྱིས་ཐེར་འདོན་བྱ་དགོས་པ་བཅས་རེད་འདུག

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ཊོ་རན་ཊོར་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་དོན་ཁང་ནས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་བར་དུ་སྤྱི་ལེ་ ༩༠༠ ཙམ་དང་ཁྱོན་ཉིན་ ༢༣ རིང་ཞི་བའི་གོམ་བགྲོད་གནང་ཡོད་པ་ལྟར། སྐབས་དེར་ཁོང་གིས་ཞི་བའི་འབོད་སྐུལ་ལྔ་ཞུས་ཡོད་པ་དག་ནི་༧གོང་ས་རྒྱལ་བ་རིན་པོ་མཆོག་བོད་དུ་གདན་ཞུ་དང་བོད་རྒྱ་གྲོས་མོལ་བསྐྱར་གསོ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ༧པཎ་ཆེན་རིན་པོ་ཆེ་དང་བཀྲ་ཤིས་དབང་ཕྱུག་གཉིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་མ་ཀློད་གློལ་གཏོང་དགོས་པའི་འབོད་སྐུལ་དང་རྒྱབ་སྐྱོར་ཞུས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༢༠ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༢༡ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༢༡ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese