མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་པའི་སློབ་ཕྲུག་ལྔ་ལ་རྒྱལ་སྤྱིིའི་མཉམ་འབྲེལ་མཐོ་སློབ་ཀྱི་སློབ་ཡོན་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་འོག་བོད་ཁྱིམ་སློབ་གྲྭ་གསུམ་གྱི་སློབ་མ་ལྔ་ལ་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ཀྱི་སློབ་ཡོན་ཐོབ་ཡོད་པ་དང་ད་བར་སློབ་ཡོན་འདི་བཞེས་མཁན་བོད་པའི་སློབ་མ་ཉེར་དགུ་བྱུང་ཡོད་འདུག

ཁ་སང་ཤེས་རིག་ལས་ཁུངས་ཀྱི་ངོ་དེབ་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བོད་ཁྱིམ་སེ་ལ་ཀུའི་སློབ་མ་བསྟན་འཛིན་ཟླ་གསལ་དང་། སྦེལ་ཀོབ་སམ་བྷོ་ཊའི་སློབ་མ་བསྟན་འཛིན་ཟླ་སྒྲོན་དང་སློབ་མ་ཐུབ་བསྟན་དཔལ་མོ། མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཤ་རིའི་བུ་དང་སློབ་མ་བསྟན་འཛིན་པ་སངས་བཅས་ཁྱོན་བོད་ཁྱིམ་སློབ་གྲྭ་གསུམ་གྱི་སློབ་མ་ ༥ ལ་འདི་ལོའི་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་( UWC) ཀྱི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་པའི་སློབ་ཡོན་ཐོབ་ཡོད་འདུག

དེ་འབྲེལ་ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། འདས་ལོའི་ཟླ་བ་ ༡༠ པའི་ནང་ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ཀྱི་ལྷན་ཚོགས་དང་མཉམ་འབྲེལ་ཐོག་རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་བཞིན། ཐོག་མར་ཆ་རྐྱེན་ངེས་ཅན་ལྡན་པའི་སློབ་མ་ ༨༧ གྱི་སྙན་ཞུ་འབྱོར་ཡོད་པའི་ཁྲོད་ནས་སློབ་མ་ ༡༢ ལ་ངག་རྒྱུགས་བླངས་ནས་འདེམས་སྒྲུབ་བྱས་ཡོད་པ་དང་། དེ་ལས་རྩེ་ཕུད་སློབ་མ་ལྔ་འདེམས་སྒྲུབ་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཤ་རིའི་བུ་ལ་མ་འོངས་པའི་ཕུགས་བསམ་སོགས་ཀྱི་སྐོར་ལ་བཅའ་འདྲི་བྱས་སྐབས། ད་ལན་ང་ལ་སློབ་ཡོན་འདི་འདྲ་ཞིག་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་བ་དང་།  མ་འོངས་པ་ང་རང་སློབ་གྲྭ་དེར་འབྱོར་རྗེས་གློག་ཀླད་ཚན་རིག་དང་། དངོས་ཁམས་རིག་པ། རྩིས་རིག ལྟ་གྲུབ་སོགས་སློབ་སྦྱོང་བྱ་འདོད་ཆེན་པོ་ཡོད། དམིགས་བསལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྩམས་གནང་མཛད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོངས་དོན་བཞིན། རང་ངོས་ནས་ཅི་ཐུབ་ཀྱིས་གཞན་ལ་ཕན་བདེ་སྒྲུབ་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་བ་དང་། གསར་འགོད་པས་འདེམས་ཐོན་སློབ་མ་གཞན་རྣམས་ལའང་ཁ་པར་ལམ་ནས་འབྲེལ་བ་གནང་ཐབས་བྱས་ནའང་དངོས་སུ་མཐུད་ཐུབ་མ་སོང་།

ཡང་ད་རེས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཅིག་གི་སློབ་མ་ཤ་རི་བུ་དང་བསྟན་འཛིན་པ་སངས་གཉིས་ནི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་གོ་སྒྲིག་འོག་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ནང་ཚུད་པའི་མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཐོག་མ་ཆགས་ཀྱི་ཡོད་པ་ལྟར། མ་སུ་རི་བོད་ཁྱིམ་སློབ་གྲྭ་ངོས་ནས་དགེ་ལས་ཡོངས་ཀྱི་ཚབ་བྱས་ཏེ་ཁོང་གཉིས་ལ་འཚམས་འདྲི་ཞུ་གནང་འདུག

རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་(UWC) ནི་འཇར་མན་གྱི་སློབ་གསོ་བ་གྲགས་ཅན་ (kurt hahn) ཡིས་དགོངས་བཞེད་འོག་ཕྱི་ལོ་ ༡༩༦༢ ལོར་གསར་འཛུགས་གནང་ཞིང་།  ད་ལྟའི་ཆར་གླིང་ཕྲན་བཞི་ཡི་ནང་དུ་སློན་གྲྭ་ཆེ་འབྲིང་ཆུང་གསུམ་བཅོ་བརྒྱད་ལྷག་ཡོད་པ་དང་། རྒྱ་གར་གྱི་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ཀྱི་ཡན་ལག་ཚོགས་པ་ནི་མཱ་ཧ་ར་ཤི་ཊི་རའི་པཱོ་ནེ་( pune) གྲོང་ཁྱེར་དུ་ཆགས་ཡོད་ཅིང་། ལོ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་རྒྱ་གར་གྱི་ཡན་ལག་ཚོགས་པ་དེར་འབྲེལ་བ་ཞུས་ནས། བོད་པའི་སློབ་ཕྲུག་ཚོར་སློབ་ཡོན་ཐོབ་ཐབས་བྱེད་ཀྱི་ཡོད་པ་ལྟར། ད་བར་ཁྱོན་བོད་པའི་སློབ་ཕྲུག་ ༢༩ ལ་ཚོགས་པ་དེའི་སློབ་ཡོན་ཐོབ་ཡོད་འདུག

དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist