མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧུན་སུར་གཞིས་ཆགས་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་བོད་མི་བློ་བཟང་བསྟན་འཛིན་ལགས་ཀྱིས་སྤྱི་འཐུས་ཀྱི་དཀའ་རྙོག་ལ་བློ་ཕམ་བྱུང་སྟེ་རང་ལུས་མེར་སྲེག་བཏང་ནས་རང་སྲོག་གཅོད་རྩིས་བྱས་འདུག་ཀྱང་སྲོག་སྐྱོན་བྱུང་མི་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༡ མ་ཟིན་ཙམ་དུ། རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཉ་པའི་སྤྱི་མི་བློ་བཟང་བསྟན་འཛིན་ལགས་ཀྱིས་རང་ཁྱིམ་དུ་ལུས་ལ་ས་སྣུམ་བླུགས་སྟེ་མེར་སྲེག་བཏང་ཡོད་པ་དང་། དེ་མ་ཐག་ཁོང་གི་བུ་མོས་མཐོང་སྟེ་མེ་བསད་ཡོད་པས་ཚེ་སྲོག་ལ་ཉེན་ཁ་བྱུང་མི་འདུག་ཀྱང་། གདོང་དང་ལག་པ་གཡས་པ། ཕྲག་པ་སོགས་ལ་ཚིག་སྐྱོན་ཆེན་པོ་བྱུང་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་གིས་རང་ལུས་མེར་སྲེག་བཏང་བའི་རྒྱུ་རྐྱེན་སྐོར་ལ་འགྲེལ་བཤད་མི་འདྲ་བ་སྤེལ་བཞིན་ཡོད་སྟབས། དེ་རིང་ཉིན་རྒྱབ་འདི་གའི་གསར་འགོད་པ་ཧུན་སུར་རབ་རྒྱས་གླིང་དུ་ཕྱིན་ཏེ་བློ་བཟང་བསྟན་འཛིན་ལགས་སུ་བཅར་འདྲི་བྱེད་སྐབས་ཁོང་གིས། ཉེ་སྔོན་བྱུང་བའི་བོད་མི་མང་སྤྱི་འཐུས་ཀྱི་རྙོག་དྲ་དེ་འགྲིག་འཇགས་མ་ཡོང་བར་ལྷག་སྟེ་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞི་ཞིག་ཏུ་གྱུར་ཡོད་པའི་རྐྱེན་གྱིས་བློ་ཕམ་ཆེན་པོའི་ཐོག་ནས་སྲོག་བློས་གཏོང་གིས་རང་ལུས་མེར་སྲེག་བཏང་ཡོད་པ་ལས། རྒྱུ་མཚན་གཞན་གང་ཡང་མེད་སྐོར་འགྲེལ་བརྗོད་བྱས་བྱུང་།

རང་ལོ་ ༦༠ ཙམ་ཡིན་པའི་བློ་བཟང་བསྟན་འཛིན་ལགས་ནི་ཧུན་སུར་རབ་རྒྱས་གླིང་གི་གྲོང་སྡེ་ཉ་པ་ནས་ཡིན་ཞིང་། ཁོང་གིས་གྲོང་སྡེའི་སྤྱི་མིའི་ལས་འགན་ཁུར་བཞིན་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་སྐབས་སུ་ས་གནས་ཀྱི་ནད་ཡམས་ཛ་དྲག་ཚོགས་ཆུང་གི་ཚོགས་མིའི་འགན་འཁུར་ཏེ། ཏོག་དབྱིབས་ནད་པ་ཚོར་ལྟ་སྐྱོང་དང་སྐུ་ཕུང་ཞུགས་འབུལ་སོགས་ཀྱི་ལས་དོན་ལ་དྭང་བླངས་ཞབས་ཕྱི་ཞུས་ཡོད་འདུག  ཁོང་ནི་དུས་རྒྱུན་བོད་དོན་དང་སྤྱི་ཚོགས་ཀྱི་གནད་དོན་རིགས་ལ་ཚོར་ཤུགས་ཆེན་པོའི་ཐོག་ནས་སོ་སོའི་བསམ་ཚུལ་འདོན་མཁན་གྱི་བོད་མི་ཞིག་ཡིན་འདུག་ལ། སྤྱི་ཚོགས་དྲ་ལམ་དུ་ཁོང་གིས་མཚོན་མདོག་དཀར་ནག་གཉིས་ཀྱི་མཚམས་སུ་བོད་ཅེས་བྲིས་ཡོད་པའི་མགོ་རས་དཀྲིས་པའི་འདྲ་པར་ཁག་ཅིག་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ནང་བྱུང་བའི་གནད་དོན་རེ་ཟུང་ཐོག་སོ་སོས་བསམ་ཚུལ་བརྗོད་པའི་བརྙན་ཐུང་དེ་འདྲཡང་འགྲེམ་སྤེལ་བྱེད་བཞིན་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དྲ་བརྙན་ཚན་པའི་ཐད་གཏོང་ལས་བླངས། ༢༠༢༣། ༩ ། ༢༠
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་གཏན་འབེབས་གནང་། 

ཆུ་ཚོད་ ༢༤ སྔོན་ལ།
གྲོས་ཚོགས་ཚོགས་དུས་དྲུག་པ། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་སྤྱི་འཐུས་མང་པོས་ཆ་ཤས་བླངས་སོང་།

༢༠༢༣/༠༩/༡༩
གཞི་རིམ་མི་མང་གིས་རེ་འབོད་ལས་འགུལ་སྤེལ་བའི་ཡུལ་དངོས།  ༢༠༢༣ ། ༩ ། ༡༩ བོད་ཀྱི་དུས་བབ་ཀྱི་པར།
Mobile App

གཞི་རིམ་མི་མང་ལྔ་བརྒྱ་ལྷག་གིས་ཞི་བའི་ལས་འགུལ་སྤེལ་གྱིན་འདུག 

༢༠༢༣/༠༩/༡༩
གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།

༢༠༢༣/༠༩/༡༩
Mobile App

ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་གསུམ་པ་འཚོགས།

༢༠༢༣/༠༩/༡༩

མཆན། 3

  1. ལ་རྒྱའི་གནམ་ལྕགས་མདུང་། says:
    ལོ་ 2 སྔོན།

    ཡ་ཡ་གོ་སོང་།

    Reply
  2. བཀྲིས། says:
    ལོ་ 2 སྔོན།

    བོད་ཀྱི་དུས་བབ་ནས་གནས་ཚུལ་གསལ་པོ་བཀོད་མི་འདུག གསར་འགོད་པ་ཡིན་པའི་ཆ་ནས་ཕྱོགས་ལྷུང་མེད་པར་གནས་ཚུལ་གསལ་པོ་དང་དྲང་བདེན་གང་ཡིན་པ་བཀོད་རོགས་གནང་།

    Reply
  3. སྐལ་བཟང་། says:
    ལོ་ 2 སྔོན།

    དེའི་འགན་ཆ་ཚང་ཟམ་གདོང་ལ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist