མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐྱོད་ཉིན་ཐོ་ཞིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས་བོད་ནང་དུ་སྐུ་ཚབ་ཕེབས་པའི་གཞུང་འབྲེལ་གྱི་ཡིག་ཆ་རྣམས་སྤྱི་ཚོགས་ནང་དགྲམ་མེད་དུས་དབང་འདུས་ལགས་ཀྱིས་བྲིས་པའི་ཉིན་ཐོ་དེར་ཉམས་ཞིབ་པ་ཚོས་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་བརྗོད་བྱུང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ པའི་ཐོག་དྷ་ཤོད་ལམ་གྱི་ཀ་ཤི་མེར་གསོལ་མགྲོན་ཁང་གི་ཉེ་འགྲམ་དུ་ཡོད་པའི་(Dolls for Tibet)ནང་དུ། ཕྱི་ལོ་ ༡༩༨༠ ལོར་བོད་ནང་ཕེབས་པའི་སྐུ་ཚབ་ཐེངས་གསུམ་པའི་ཚོགས་མི་དབང་འདུས་ལགས་ཀྱིས་བརྩམས་པའི་དབང་འདུས་ཀྱི་ཉིན་ཐོ་ཞེས་པའི་དབྱིན་དེབ་དེ་རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་ཀྱིས་དབྱིན་སྒྱུར་གནང་བ་དབུ་འབྱེད་དང་སྦྲགས། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་དང་། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་བུདྷ་སྐྱབས་ལགས་གཉིས་དང་ལྷན་དུ་གླེང་མོལ་འདུ་འཛོམས་ཤིག་གནང་ཡོད་པ་དང་། དེ་རིང་གི་འདུ་འཛོམས་ཐོག་དྷ་རམ་ས་ལ་ཁུལ་གྱི་རྩོམ་པ་པོ་སོགས་དོ་སྣང་ཅན་ཁག་ཅིག་ཀྱང་བསླེབས་ཡོད་པ་རེད།

དཔེ་དེབ་ཀྱི་བརྗོད་བྱ་གཙོ་བོའི་སྐོར་ལ་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་འདི་གའི་གསར་འགོད་པར། དེབ་དེ་ནི་སྐུ་ཚབ་འཐུས་མི་དབང་འདུས་ལགས་བོད་དུ་ཟླ་བ་གསུམ་རིང་ལྟ་སྐོར་དུ་ཕེབས་སྐབས། བོད་ནང་གི་ཤེས་ཡོན་སྡེ་ཁག་གི་གནས་བབ་དང་། བོད་ཡུལ་གྱི་གནས་བབ་རྣམས་རྒྱུས་ལོན་བྱས་པའི་ཉིན་རེའི་ཉིན་ཐོ་ཞིག་ཡིན་པ་དང་། ཉིན་ཐོ་དེ་ནི་དབྱིན་བོད་ཤན་སྦྱར་གྱི་དཔེ་དེབ་ཅིག་ཡིན་པ་རེད། བོད་ཀྱི་ལོ་རྒྱུས་ལ་གོད་ཆག་བྱུང་བའི་མི་ལོ་བཅུ་སྟེ་རིག་གནས་གསར་བརྗེ་ཆེན་མོ་མཇུག་སྒྲིལ་ཏེ། བོད་ནང་དུ་སྲིད་ཇུས་ཅུང་གུ་ཡངས་སུ་བཏང་སྟེ། རིག་གནས་གསར་བརྗེ་སྐབས་སུ་གཏོར་སྐྱོན་བཏང་བའི་དགོན་སྡེ་དང་སློབ་གྲྭ་ཁག་ཉམས་གསོ་བྱེད་བཞིན་པའི་སྐབས་དབང་འདུས་ལགས་བོད་དུ་ཕེབས་ཏེ། གཞུང་བཙུགས་སློབ་གྲྭ་དང་སྒེར་བཙུགས་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་བབ་རྣམས་གཙོ་བོར་གསལ་འདོན་བྱས་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། དཔེ་དེབ་དེའི་ནང་དབང་འདུས་ལགས་བོད་དུ་བསྐྱོད་པའི་ཉིན་རེའི་བྱེད་སྒོ་མཐའ་དག་གི་ཁྲོད་ནས་སློབ་གྲྭ་ཁག་ཏུ་བསྐྱོད་པའི་ཁ་གྲངས་དང་། དེ་བཞིན་ཚོགས་འདུ་འཚོགས་པའི་དུས་ཚེས་སོགས་ཧ་ཅང་གསལ་ཁ་ལྡན་སྟབས། མ་འོངས་པར་བོད་ནང་གི་ཤེས་ཡོན་གྱི་གནས་བབ་ལ་རྒྱུས་ལོན་ཉམས་ཞིབ་བྱེད་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེ་བཞིན་ཁོང་ཉིད་བོད་དུ་བསྐྱོད་སྐབས་༧པཎ་ཆེན་རིན་པོ་ཆེ་དང་། འབའ་བ་ཕུན་ཚོགས་དབང་རྒྱལ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་དང་མཇལ་འཕྲད་བྱས་པའི་གནས་ཚུལ་རྣམས་ཀྱང་ཁ་གསལ་བཀོད་ཡོད་སྐོར་བརྗོད་བྱུང་།

བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས། སྤྱིར་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཉིན་ཐོ་འབྲི་མཁན་ཧ་ཅང་དཀོན་པོ་ཞིག་ཡིན་ཡང་། དབང་འདུས་ལགས་ཀྱིས་བོད་ལ་སྐོར་སྐྱོད་དུ་ཕེབས་སྐབས་བྲིས་པའི་ཉིན་ཐོ་དེ་ནི། ལོ་རྒྱུས་ཀྱི་ཡིག་ཚགས་ཤིག་ཏུ་བརྩི་དགོས་པ་དང། ཉིན་ཐོ་དེ་རུ་སློབ་གྲྭ་ཁག་གི་ཁ་གྲངས་དང་། བོད་ནང་གི་ཤེས་ཡོན་གྱི་གནས་བབ། བོད་ནང་གི་གནས་ཚུལ་མང་པོ་ཞིག་བྲིས་ནས་ཉར་ཚགས་བྱས་ཡོད་པས། མ་འོངས་པར་ཉམས་ཞིབ་པ་ཚོས་ཉིན་ཐོ་དེའི་ཁྲོད་ཀྱི་གནད་དོན་མང་པོ་ཞིག་ལ་ཉམས་ཞིབ་དང་དོ་སྣང་བྱ་རྒྱུ་གལ་ཆེན་པོོ་རེད། བོད་ནང་དུ་གཞུང་འབྲེལ་སྐོར་སྐྱོད་གནང་བའི་གཞུང་འབྲེལ་གྱི་ཡིག་ཆ་རྣམས་སྤྱི་ཚོགས་སུ་དགྲམ་མེད་སྟབས། དབང་འདུས་ལགས་ཀྱིས་བྲིས་པའི་ཉིན་ཐོ་དེ་ནི་བོད་ནང་དུ་སྐོར་སྐྱོད་ལ་ཕེབས་པའི་ཡིག་ཚགས་སུ་བརྩི་རུང་བ་ཡིན་སྐོར་བརྗོད་བྱུང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese