མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདས་པའི་ལོ་གསུམ་ནང་བོད་མི་ ༤༠ ལྷག་གར་སོང་ཆ་མེད་དུ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཙན་དབང་འོག་ནས་གར་སོང་ཆ་མེད་དུ་བཏང་བའི་ཉིན་མོ་ཐེངས་ ༢༨ པ་དང་བསྟུན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་འདས་པའི་ལོ་གསུམ་ནང་རྒྱ་ནག་གཞུང་གིས་བོད་མི་ ༤༠ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ཡོད་པའི་གནས་ཚུལ་སྤེལ་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་བཟང་མོ་ལགས་ཀྱིས་འདི་གའི་གསར་འགོད་པར། བསྟི་གནས་ཁང་ལ་ཕྱི་ལོ་ ༡༩༩༠ ནས་བོད་ནང་དུ་རྒྱ་ནག་གི་བཙན་གནོན་འོག་ནས་གར་སོང་ཆ་མེད་དུ་གྱུར་བའི་ཡིག་ཚགས་ཡོད་པ་དང་། འདས་པའི་ལོ་གསུམ་ཙམ་གྱི་རིང་བོད་ནང་གི་བོད་མི་ཚོར་རྒྱལ་ཁབ་བརྟན་རླིང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙན་འཁྲིད་བྱས་ཏེ། ཁོང་ཚོའི་སྐོར་ལ་ཅི་ཡང་ཤེས་རྟོགས་མ་བྱུར་པར་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་ ༤༠ ཙམ་ཞིག་ཡོད་པ་དང་།  རྒྱ་ནག་གཞུང་གིས་རྒྱལ་ཁབ་བརྟན་བརླིང་ལ་ཁེག་བཞག་ནས་གར་སོང་ཆ་མེད་དུ་གཏོང་བའི་རིགས་མཚམས་འཇོག་བྱ་དགོས་སྐོར་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཉེས་དོན་ཁྲིམས་ཡིག་དོན་ཚན་ ༧༣ དང་ ༨༣ གཉིས་ཕྱིར་འཐེན་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པར་བསྐྱར་བཅོས་བྱ་དགོས་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྟི་གནས་འཕེལ་རྒྱས་ཁང་གི་གནས་ཚུལ་ནང་། བོད་ནང་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་གསར་ཤོས་ཤིག་ནི། ༢༠༡༩ ལོར་ནག་ཆུ་ས་ཁུལ་རྟར་ཆེན་སྡེ་བར་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ་རྒྱལ་གཅེས་སློབ་གསོ་སྤྲད་པར་ངོས་ལེན་མ་བྱས་པའི་ཉེས་མིང་འོག  བོད་མི་ནོར་བཟང་དང་ལྷ་དར་ཞུ་བ་གཉིས་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་རུ་ཁག་ལ་ཞུས་ཏེ། རྟོག་ཞིབ་རུ་ཁག་དེའི་ཚོགས་འདུ་ཐེངས་ ༡༢༢ པའི་སྟེང་གནས་ཚུལ་ལ་དཔྱད་ཞིབ་བྱས་མཐར། རྒྱ་ནག་གཞུང་ནས་ཁོང་གཉིས་ཀྱི་གནས་སྟངས་ཁ་གསལ་བྱ་དགོས་པའི་འབོད་སྐུལ་ཞུས་པ་ལྟར། འདི་ལོའི་ཟླ་བ་ ༥ ནོར་བཟང་འཇུ་བཟུང་བྱས་ནས་བདུན་ཕྲག་གཅིག་ཙམ་ལས་མ་འདས་པར་བཙོན་འོག་ཏུ་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པའི་སྐོར་བཀོད་འདུག

 རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་ནང་དམག་འཁྲུག་དང་རྒྱལ་ཁབ་ཀྱི་སྲིད་དོན་བརྟན་བརླིང་། སྤྱི་ཚོགས་དང་འབྲེལ་བའི་ཛ་དྲག་གི་གནས་བབ་གང་འདྲ་ཞིག་ཡིན་ཡང་། དེ་ཉིད་རྒྱུ་མཚན་དུ་བྱས་ནས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་སྦྱོར་བའི་རིགས་སྤེལ་མི་ཆོག་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ལ་རྡོག་རོལ་དང་། རྒྱལ་ཁབ་ཀྱི་བརྟན་བརླིང་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་བཏང་བའི་ནག་ཉེས་འོག་མི་ལ་འཇིགས་སྐུལ་དང་མནར་གཅོད་བཏང་ནས་གར་སོང་ཆ་མེད་དུ་གཏོང་གི་ཡོད་སྐོར་དང་། བཙན་འོག་ཏུ་གར་སོང་ཆ་མེད་དུ་བཏང་བ་ཚོས་རྒྱུན་ལྡན་གྱི་བཙོན་པ་ལས་ལྷག་པའི་མནར་གཅོད་མྱོང་གི་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ངོས་ནས་འགྲོ་བ་མིའི་ཚེ་སྲོག་གི་ཐོབ་ཐང་དང་། མནར་གཅོད་དང་གདུག་རྩུབ། མི་ཆོས་ལས་འདས་པའི་རྩུབ་གནོན་སོགས་ལ་སྲུང་སྐྱོབ་དགོས་པའི་ཐོབ་ཐང་མང་པོ་ཞིག་རག་གི་མེད་པ་ལྟར། ༢༠༢༠ ལོའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་རྒྱུན་ལྡན་བཙོན་ཁང་ལས་ལོགས་སུ་བཙན་བཟུང་བྱས་པའི་མི་སྣ་དམིགས་བསལ་བཀག་ཉར་བྱེད་སའི་གསང་ཞིབ་ས་ཚུགས་ཡོད་པའི་གནས་ཚུལ་འཁོད་ཡོད་འདུག

དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist