མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེང་འབྲུག་སྟག་རྩེའི་སློབ་མ་རྣམས་སློབ་གྲྭ་གཞན་ནང་འཛུལ་ཞུགས་བྱེད་ཐུབ་ཀྱི་མེད་པ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པའི་རྐྱེན་གྱིས་ས་ཐག་རིང་གི་སློབ་མ་རྣམས་སོ་སོའི་ས་གནས་ཀྱི་སློབ་གྲྭ་ཞུགས་ཆོག་གི་མེད་པ་དང་། ཕ་མ་མེད་པའི་དྭ་ཕྲུག་སློབ་མ་རྣམས་ད་ལྟའང་འགྲོ་ས་འདུག་ས་ངེས་མེད་ཀྱི་དཀའ་ངལ་འོག་ལུས་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པར་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ལམ་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་ཆགས་པའི་སེང་འབྲུག་སྟག་རྩེའི་སློབ་གྲྭ་སྒོ་བརྒྱབ་བཅུག་སྟེ། ད་ལྟའི་ཆར་སློབ་གྲྭ་དེའི་སློབ་མ་རྣམས་སློབ་གྲྭ་གཞན་ནང་སློབ་འཇུག་བྱེད་མི་ཆོག་པ་དང་དྭ་ཕྲུག་སློབ་མ་རྣམས་ལ་ངེས་གཏན་གྱི་སྡོད་གནས་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། སེང་འབྲུག་སྟག་རྩེ་སློབ་གྲྭའི་ཁྲོད་ཀྱི་དྭ་ཕྲུག་སློབ་མ་རྣམས་འགྲོ་ས་འདུག་ས་མེད་པར་གནས་སྐབས་རིང་ཁྱིམ་ཚང་ཁག་ཅིག་ལ་བཅོལ་སྡོད་བྱས་ཡོད་པ་དང་། ས་ཕྱོགས་གཞན་ནས་ཡོང་བའི་སློབ་མ་རྣམས་ཕྱིར་སོ་སོའི་ས་གནས་སུ་ལོག་བཏང་ཡོད་ཀྱང་། ད་སྔ་དབར་ས་གནས་སུ་སློབ་ཞུགས་བྱེད་ཆོག་གི་མི་འདུག ཅེས་བརྗོད་བྱུང་།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པ་དང་། སློབ་གྲ་དེར་དྭ་ཕྲུག་དང་ས་ཐག་རིང་ནས་ཡོང་བའི་སློབ་མ། ས་གནས་ཡུལ་མིའི་སློབ་ཕྲུག་བཅས་སློབ་ཕྲུག་གི་རིམ་པ་གསུམ་ཡོད་པ་ལས། ས་གནས་ཡུལ་མིའི་སློབ་ཕྲུག་རྣམས་གཞུང་གི་སློབ་གྲ་ཁག་ཏུ་བགོས་འགྲེམས་བྱས་ཡོད་ཅིང་། རྫ་ཆུ་ཁ་དང་སྡེ་དགེ་སོགས་ས་ཐག་རིང་ནས་ཡོང་བའི་སློབ་མ་རྣམས་སོ་སོའི་ས་གནས་སུ་ལོག་བཏང་ཡོད་ཀྱང་སློབ་ཞུགས་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། སེང་འབྲུག་སྟག་རྩེའི་དགེ་རྒན་ཚོས་དྭ་ཕྲུག་སློབ་མ་རྣམས་བདག་ཉར་སོགས་ཀྱི་ལས་ཀ་བྱེད་མི་ཆོག་པར་བཟོས་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༧ པའི་ཟླ་མགོར་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པ་དང་འབྲེལ་ནས། མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་དང་། རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ།  དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག དེ་བཞིན་གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒེར་གཉེར་སློབ་གྲྭ་ཁག་བདུན་སྒོ་བརྒྱག་དགོས་པའི་བཀའ་བཏང་ཡོད་པ་འདི་གའི་གསར་འགོད་པར་ཐོག་མར་ཤེས་རྟོགས་བྱུང་བ་དང་། སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རྣམས་ལ་བཙན་གྱིས་ལས་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་བ་ལ་བརྟེན་ནས། དགེ་རྒན་རིན་ཆེན་སྐྱིད་ལགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་ངོ་རྒོལ་མཚོན་སླད་ཟས་བཅད་ངོ་རྒོལ་གནང་རྗེས། ཕྱི་ཟླ་ ༨ ཚེས་ ༡ འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ད་ལྟ་ད་དུང་དར་ལག་རྫོང་སུ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་འདུག

མགོ་ལོག་ཁུལ་དར་ལག་རྫོང་གི་ཁོངས་སུ་ཡོད་པའི་སྐུ་མཁར་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་ནི། ཕྱི་ལོ་ ༡༩༩༨ ཟླ་ ༡༢ ཚེས་ ༥ ཉིན་མགོ་ལོག་ཁུལ་སྲིད་གཞུང་དང་དར་ལག་རྫོང་སྲིད་གཞུང་གཉིས་ནས་དམངས་སྒྲུབ་སློབ་གསོའི་བཅའ་ཁྲིམས་གཞིར་བཟུང་ཆོག་མཆན་ཐོབ་པ་བརྒྱུད། ས་གནས་ཀྱི་མཁན་པོ་ཀུན་བཟང་རྒྱལ་མཚན་ལགས་དང་ཐུབ་ནོར་རིན་པོ་ཆེ་རྣམ་གཉིས་ནས་ས་གནས་བོད་མིའི་སློབ་གསོ་ཡར་སྐུལ་ཆེད་གསར་འཛུགས་གནང་ཡོད་པ་དང་། ཐོག་མར་ཁུལ་དང་རྫོང་སྲིད་གཞུང་ནས་སློབ་འབྲིང་གི་ཆོག་མཆན་སྤྲད་པ་དང་། ཕྱི་ལོ་ ༢༠༠༥ ལོར་དམའ་འབྲིང་གི་ཆོག་མཆན་སྤྲད་ཡོད་འདུག ད་བར་དུ་སློབ་གྲྭ་དེ་ནས་ཁྱོན་སློབ་མ་ ༧༠༠ ལྷག་མཐར་ཕྱིན་ཡོད་འདུག་ལ། སློབ་གྲྭའི་ནང་བོད་ཡིག་དང།  རྒྱ་ཡིག ཨང་རྩིས། དངོས་ལུགས། རྫས་འགྱུར། ཆབ་སྲིད། རི་མོ་སོགས་སློབ་ཁྲིད་གནང་ཡོད་པ་མ་ཟད། འཛམ་གླིང་ཡོངས་སུ་སྙན་པའི་གྲགས་པ་འབར་ཞིང་། བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་སྙིང་བཅུད་དུ་གྱུར་བའི་གླིང་གེ་སར་གྱི་ལོ་རྒྱུས་སྐོར་ལ་ཆེད་སྦྱོང་གནང་སྟེ། བོད་རིགས་རྒྱ་ཆེ་མང་ཚོགས་དང་ས་གནས་སྲིད་གཞུང་སོགས་ནས་སྔ་གཞུག་ཏུ་བསྔགས་བརྗོད་དང་དགའ་མགུ་ཆེན་པོ་ཐོབ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese