མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདའ་འཕངས།

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་སྒྲིག་ལམ་ལ་སྣང་མེད་ཀྱིས་བྱང་ཀོ་རི་ཡས་ཟླ་འདིའི་ནང་མེ་ཤུགས་འཕུར་མདའ་ཐེངས་གསུམ་རིང་འཕངས་བ་དང་ཨ་རི་དང་ལྷོ་ཀོ་རི་ཡ། དེ་བཞིན་ཉི་ཧོང་སོགས་ནས་བྱང་ཀོ་རི་ཡའི་བྱ་སྤྱོད་དེའི་ཐད་སེམས་འཚབ་དང་སྐྱོན་བརྗོད་བྱེད་ཀྱི་འདུག

South Korean television broadcast news of the latest launch with file footage. Photo (BBC)

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་ཁབ་ཀྱི་བྱང་རྒྱུད་མངའ་སྡེ་ཇཱ་གྷན་ (Jagang) ཕྱོགས་ནས་རྒྱང་ཚད་ཐུང་བའི་མེ་ཤུགས་འཕུར་མདའ་འཕངས་ཏེ། དེའི་ཤར་ཕྱོགས་ཀྱི་མཚོའི་ནང་ལྷུང་ཡོད་པ་དང་། ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ནས་བྱང་ཀོ་རི་ཡའི་གང་བྱུང་མེ་ཤུགས་འཕུར་མདའ་འཕངས་པའི་གནད་དོན་དེར་ཞིབ་འཇུག་བྱེད་ཀྱི་ཡོད་པ་མ་ཟད། ཉི་ཧོང་གིས་ཐེངས་འདིའི་བྱང་ཀོ་རི་ཡའི་འཕུར་མདའ་དེ་ནི་ལེ་བར་སྟོང་ཕྲག་གི་སར་ཕར་རྒོལ་གྱི་ནུས་པ་ལྡན་པའི་མེ་ཤུགས་འཕུར་མདའ་ཞིག་ཡིན་སྐོར་བརྗོད་ཡོད་པ་དང་། གལ་སྲིད་དེ་ལྟར་ཡིན་ཚེ་བྱང་ཀོ་རི་ཡ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་དང་འགལ་གྱི་ཡོད་འདུག

དེ་རིང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་འཕངས་བ་དང་རྒྱལ་ཚོགས་ནང་ཡོད་པའི་བྱང་ཀོ་རི་ཡའི་གཞུང་ཚབ་པས། འཛམ་གླིང་རྒྱལ་ཁབ་གཅིག་གིས་ཀྱང་བྱང་ཀོ་རི་ཡའི་རྒྱལ་སྲུང་གི་ཐོབ་ཐང་དང་གོ་མཚོན་ཚོད་ལྟ་བཀག་འགོག་བྱེད་ཐུབ་ཀྱི་མེད། ཅེས་བརྗོད་ཡོད་པ་དང་། ད་ལྟ་ལྷོ་བྱང་ཀོ་རི་ཡའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པ་རེད།

དེ་འབྲེལ་ཐད་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇའེ་ཨིན་ (Moon Jae-in) ལགས་ཀྱིས། རྒྱལ་ཁབ་ཀྱི་བདེ་སྲུང་ལྷན་ཁང་ལ་བཀོད་འདོམས་བྱས་ཏེ། བྱང་ཀོ་རི་ཡའི་ཐེངས་འདིའི་མེ་ཤུགས་འཕུར་མདའ་འཕངས་པའི་གནད་དོན་དང་དེའི་རྒྱབ་ལྗོངས་ཐོག་ཞིབ་འཇུག་བྱ་དགོས་པ་མ་ཟད། ཉེ་སྔོན་ཀེམ་ཇོན་ཨན་གྱི་སྲིང་མོ་ཀེམ་ཡོ་ཇོན་ (Kim Yo-jong) ནས་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྲོས་མོལ་སླར་གསོ་བྱ་འདོད་ཡོད་པའི་བསྒྲགས་གཏམ་གྱི་ཐད་ལའང་རྟོག་ཞིབ་བྱ་དགོས་པའི་བཀའ་བཏང་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བྱང་ཀོ་རི་ཡའི་མགོ་ཁྲིད་ཀྱི་སྲིང་མོ་ཀེམ་ཡོ་ཇོན་གྱིས། གལ་སྲིད་ལྷོ་ཀོ་རི་ཡས་ཀོ་རི་ཡ་གཉིས་ཁ་གཏད་ཡིན་པ་དང་བྱང་ཀོ་རི་ཡར་དམའ་འབེབ་བྱེད་པ་སོགས་མཚམས་འཇོག་གིས་ཆ་རྐྱེན་ཁག་ཅིག་དང་དུ་ལེན་ཐུབ་ཚེ། ལྷོ་བྱང་གཉིས་བར་གྲོལ་མོལ་སླར་གསོ་བྱ་འདོད་ཡོད། ཅེས་བརྗོད་ཡོད་པ་དང་། དཔྱད་བརྗོད་པས། བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་གོ་སྤྱོད་ཀྱིས་རྒྱལ་ཚོགས་བརྒྱུད་ཨ་རིས་བྱང་ཀོ་རི་ཡར་བཅད་པའི་ཉེས་ཆད་ཁག་ལྷོད་ཡང་ཡོང་ཐབས་སུ་བརྩོན་གྱི་ཡོད་སྐོར་བརྗོད་ཡོད་འདུག

North Korean state media released these images of the new cruise missile

ཡང་ཨ་རིའི་དམག་གིས། དེ་རིང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་འཕངས་པའི་གནས་ཚུལ་དེ་ཤེས་རྟོགས་བྱུང་བ་དང་དེས་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་ཐེབས་ཀྱི་མེད་སྐོར་བརྗོད་ཡོད་ཀྱང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རིའི་དམག་གིས། བྱང་ཀོ་རི་ཡས་ཐེངས་འདིར་མེ་ཤུགས་འཕུར་མདའ་འཕངས་བ་དེས། སླར་ཡང་བྱང་ཀོ་རི་ཡས་རྒྱལ་ཚོགས་ཀྱི་ཁྲིམས་འགལ་འོག་ནུས་མེད་དུ་བཏང་བའི་གོ་མཚོན་བསྐྱར་བསྐྲུན་གྱི་ལས་གཞི་རྩོམ་གྱི་ཡོད་སྐོར་བརྗོད་ཡོད་འདུག

ད་ལན་ནི་བྱང་ཀོ་རི་ཡས་ཟླ་འདིའི་ནང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་ཐེངས་གསུམ་པ་དང་ཕྱི་ལོ་ ༢༠༢༡ ནང་ད་སྔ་བར་ཐེངས་དྲུག་པ་དེ་ཡིན་ཞིང་།  ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བྱང་ཀོ་རི་ཡས་རྒྱང་ཐག་རིང་བའི་མེ་ཤུགས་འཕུར་མདའ་གསར་བ་ཞིག་ཚོད་ལྟ་བྱས་པ་དང་བསྟུན། འཕུར་མདའ་དེར་ཧ་ལམ་ཉི་ཧོང་རྒྱབ་ཁབ་ཧྲིལ་པོ་གཏོར་སྐྱོན་གཏོང་བའི་ནུས་པ་ཡོད་སྐོར་བསྒྲགས་ཡོད་པ་རེད། དེ་བཞིན། ཕྱི་ཚེས་ ༡༥ ཉིན་བྱང་ཀོ་རི་ཡས་ཤར་ཕྱོགས་ཀྱི་མཚོ་འགྲམ་དུ་རྒྱང་ཐག་རིང་བའི་མེ་ཤུགས་འཕུར་མདའ་ཐེངས་གཉིས་རིང་ཚོད་ལྟ་བྱས་པར། ལྷོ་ཀོ་རི་ཡའི་མཚོ་དམག་གིས་རྒྱང་ཚད་རིང་བའི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཏེ། བྱང་ཀོ་རི་ཡའི་འཇིགས་སྐུལ་ལ་ཡ་ལན་སློག་ཡོད་པ་མ་ཟད། སྲིད་འཛིན་མོན་ལགས་ཀྱིས་ད་ལྟ་ནས་ལྷོ་ཀོ་རི་ཡར་བྱང་ཀོ་རི་ཡའི་སྟོབས་ཤུགས་ཚར་གཅོད་ཐུབ་པའི་ནུས་པ་འདང་ངེས་ཡོད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese