མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཁོར་ཡུག་དང་ཆབ་སྲིད་ཀྱི་གནས་བབ་མཚོན་པའི་དཔེ་དེབ་གཉིས་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་རྗེས་མར་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐོག་བོད་ནང་གི་ཁོར་ཡུག་གི་སྐོར་ལ་གླེང་སློང་བྱ་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན་འདུག

The Book launch of Tibet Policy Institute, Tibetan perspectives on Tibet’s Environment, Tibet 2020: A Year In Review. Photo (Tibettimes)

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་དཔར་སྐྲུན་བྱས་པའི་ ༢༠༢༠ ལོའི་བོད་གནས་བསྐྱར་ཞིབ་དང་བོད་མི་ཚོས་བོད་ཀྱི་ཁོར་ཡུག་ལ་བཟུང་བའི་ལྟ་ཚུལ་ ( Tibetan perspectives on Tibet’s environment )  ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་བ་དང་། བོད་མི་ཚོས་བོད་ཀྱི་ཁོར་ཡུག་ལ་བཟུང་བའི་ལྟ་ཚུལ་ཞེས་པའི་དཔེ་དེབ་དེའི་ཁྲོད་དུ་ ༢༠༡༠ ནས་ ༢༠༢༠ བར་རྒྱ་ནག་གཞུང་གིས་བོད་ཁམས་ཀྱི་ཁོར་ཡུག་རྩ་གཏོར་བྱས་པའི་རྐྱེན་གྱིས། བོད་ནང་གི་གཏན་འཇགས་ཀྱི་འཁྱག་རོམ་ཞུ་བ་དང་། གངས་རི་ཞུ་བ། རྩྭ་ཐང་བྱེ་ཐང་དུ་གྱུར་བ། འབྲོག་ས་གནས་སྤོར་བཏང་བ། གཏེར་ཁ་སྔོག་འདོན་སོགས་ལོ་ ༡༠ རིང་བོད་ཀྱི་ཁོར་ཡུག་གི་གོད་ཆག་རིགས་འཁོད་ཡོད་པ་དང་། ཡང་ ༢༠༢༠ བོད་གནས་བསྐྱར་ཞིབ་ཅེས་པའི་དཔེ་དེབ་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བའི་སྲིད་ཇུས་ཁག་དང་། ཁོར་ཡུག་རྩ་གཏོར། དེ་བཞིན་བོད་མི་འཛིན་བཟུང་བྱས་པ་སོགས་སྐོར་གྱི་སྙན་ཐོ་ཞིག་ཡིན་པ་རེད།

མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་ཁོར་ཡུག་གི་གནས་བབ་སོགས་ཀྱི་སྐོར་ལ་ཕྱི་ནང་གི་ཉམས་ཞིབ་པ་མང་པོས་དཔྱད་རྩོམ་རིགས་སྤེལ་མྱོང་ནའང་། རྗེས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་དམ་དྲག་དང་ཕྱི་ནང་གི་བོད་མི་མང་པོར་འགྲོ་འོང་གི་དམ་བསྒྲགས་ཡོད་པའི་རྐྱེན་གྱིས། བོད་ནང་གི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་དཀའ་ཁག་ཆེ་ནའང་། སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས་ཀྱིས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་བྱས་ཏེ། བོད་མི་རང་གིས་བྲིས་པའི་དཔེ་དེབ་དེ་ནི་བོད་ནང་གི་ཁོར་ཡུག་ལ་ཉམས་ཞིབ་བྱེད་མུས་ཡིན་པའི་ཉམས་ཞིབ་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་དཔྱད་གཞིའི་རྒྱུ་ཆ་རུ་གྱུར་ཡོད། རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་ཚོས་བོད་ནང་གི་ཁོར་ཡུག་གི་གལ་ཆེའི་རང་བཞིན་དང་།   བོད་གཅིག་པུ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ཁོར་ཡུག་ལ་དོ་ཕོག་འགྲོ་མུས་ཡིན་པ་ཤེས་པར་བགྱིས་ནས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྲིད་ཇུས་ཇི་ལྟར་གཟུང་དགོས་མིན་ཐད་ལ་དགོངས་པ་བཞེས་དགོས་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་དེ་ཟླ་བ་གཅིག་གི་རྗེས་ཏག་ཏག་འཚོག་གི་ཡོད་སྟབས། དཔེ་དེབ་དེ་དག་ད་ལྟ་ནས་འགྲེམས་སྤེལ་བྱེད་ཐུབ་ན། ཁོར་ཡུག་ལ་དོ་སྣང་ཡོད་མཁན་དང་ཉམས་ཞིབ་པ་ཚོས་བོད་ནང་གི་ཁོར་ཡུག་གི་གནས་བབ་སོགས་ཀྱི་སྐོར་ལ་གླེང་སློང་ཡོང་བའི་ཆེད་དུ་ཡིན་སྐོར་སོགས་གསུངས་བྱུང་།

The Book launch of Tibet Policy Institute, Tibetan perspectives on Tibet’s Environment, Tibet 2020: A Year In Review. Photo (Tibettimes)

ཡང་སྲིད་སྐྱོང་མཆོག་གིས། ༢༠༢༠ བོད་གནས་བསྐྱར་ཞིབ་ཅེས་པའི་དཔེ་དེབ་ཏུ་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བའི་སྲིད་ཇུས་དང་། བོད་མིའི་རང་དབང་སོགས་མཚོན་པའི་བོད་ནང་གི་ལོ་གཅིག་རིང་གི་གནད་དོན་མང་པོ་ཞིག་ཕྱོགས་བསྡུས་བྱས་ཡོད་པ་རེད། ལོ་ལྟར་བོད་ནང་གི་གནས་བབ་སོགས་མཚོན་པའི་སྙན་ཐོའི་རིགས་མང་ཙམ་བཀྲམ་དགོས་པ་དང་། ད་ལྟའི་བཀའ་ཤག་གི་དགོངས་དོན་གཙོ་བོ་ནི་བོད་ནང་གི་བོད་མིའི་བདེ་སྡུག་སོགས་མཚོན་པའི་བོད་ནང་གི་གནས་སྟངས་རྒྱུས་ལོན་བྱ་རྒྱུ་ཡིན་པ་ལྟར། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོས་བོད་ཀྱི་དགོས་མཁོ་དང་བསྟུན་ནས། བོད་ནང་གི་གནས་སྟངས་ཉམས་ཞིབ་ཚད་ལྡན་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནང་དངོས་ཡོད་ཀྱི་གནས་ཚུལ་ར་སྤྲོད་དང་དྲིལ་བསྒྲགས་བྱ་དགོས་སྐོར་སོགས་གསུངས་སོང་།

བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། རྒྱ་ཕྱི་ནང་གི་ཉམས་ཞིབ་པ་མང་པོས་བོད་ནང་གི་ཁོར་ཡུག་གི་གནས་བབ་སོགས་མཚོན་པའི་དཔྱད་རྩོམ་རིགས་མང་པོ་ཞིག་བྲིས་ཡོད་ཀྱང་། དཔྱད་རྩོམ་ཁ་ཤས་ལ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལྟ་བ་དང་ཤན་ཞུགས་ཡོད་པ་དང་། ཡང་དཔྱད་རྩོམ་ཁ་ཤས་ནི་ནུབ་ཕྱོགས་པས་བོད་ཀྱི་ཁོར་ཡུག་ལ་བཟུང་བའི་ལྟ་ཚུལ་ཡིན་སྟབས། བོད་མི་ཚོས་བོད་ཀྱི་ཁོར་ཡུག་ལ་བཟུང་བའི་ལྟ་ཚུལ་ ( Tibetan perspectives on Tibet’s environment )  ཞེས་པའི་དཔེ་དེབ་དེ་ནི་བོད་མི་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་གི་གནས་བབ་ལ་བཟུང་བའི་ལྟ་ཚུལ་དང་བློ་འཚབ་མཚོན་པའི་དཔེ་དེབ་ཅིག་ཡིན་པ་དང་། དཔེ་དེབ་དེའི་ཁྲོད་ཀྱི་རྩོམ་ཡིག་འབྲི་མཁན་རེ་རེར་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་བྱེད་པའི་འགན་འཁྲི་ཡོད་སྟབས། ཁོང་ཚོས་རང་ནུས་གང་ཡོད་ཀྱིས་བོད་ནང་གི་ཁོར་ཡུག་གི་གནས་བབ་གསལ་སྟོན་བྱས་ཡོད་པ་དང་།  བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་དཔེ་དེབ་དེ་དག་དབུ་འབྱེད་བྱེད་དོན་གཙོ་བོ་ནི། ཟླ་བ་གཅིག་ཏག་ཏག་གི་རྗེས་སུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་དེ་ཡུ་རོབ་ཀྱི་རྒྱལ་ཁབ་སི་ཁོ་ལན་ཌི་ Scotland  རུ་འཚོག་གཏན་ཁེལ་བ་ལྟར། དེ་རིང་དཔེ་དེབ་དེ་དག་འགྲེམས་སྤེལ་བྱས་པ་བརྒྱུད། ཛ་དྲག་ཏུ་གྱུར་བའི་བོད་ནང་གི་ཁོར་ཡུག་ལ་སྲུང་སྐྱོབ་སོགས་བྱ་དགོས་པ་དང་། ལྷག་པར་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སོགས་སུ་བོད་ནང་གི་ཁོར་ཡུག་གི་གནས་བབ་སྐོར་གཙོ་བོ་བཟུང་ནས་གླེང་སློང་དང་གོ་བསྔུར་བྱ་དགོས་པའི་རེ་སྐུལ་ཞུ་ཆེད་དུ་ཡིན་སྐོར་སོགས་གསུངས་སོང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese