མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདེམས་ཐོན་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་ནས་ལམ་སྟོན་བཀའ་སློབ་གང་གནང་ཐོག་ཤར་བསྐྱོད་ཞུ་རྒྱུའི་སྤྱི་མོས་སྙན་ཞུ་ཕུལ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་གཉིས་ལྷག་རིང་སྐབས་ ༡༧ པའི་འདེམས་ཐོན་སྤྱི་འཐུས་རྣམ་པས་དམ་འབུལ་གྱི་དཀའ་རྙོག་སེལ་ཐབས་ཐད་ནང་མོལ་གནང་ཡོད་ཀྱང་འགྲིག་ཐབས་གཏན་ནས་མ་བྱུང་བར་བརྟེན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལམ་སྟོན་བཀའ་སློབ་གང་གནང་ཐོག་ཤར་བསྐྱོད་ཞུ་རྒྱུའི་སྤྱི་མོས་མཚན་འཁོད་སྙན་ཞུ་ཕུལ་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་གྱི་ཐོག་སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུ་གྲུབ་མཚམས། གསར་འགོད་པས་ཚོགས་འདུ་གཙོ་སྐྱོང་བ་མཁན་པ་བསོད་ནམས་བསྟན་འཕེལ་ལགས་སུ་ཐག་གཅོད་ཇི་བྱུང་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་ཚོགས་འདུར་ཐག་གཅོད་ཇི་བྱུང་སོགས་ཀྱི་སྐོར་ནས་བོད་མིའི་གསར་ཁང་ཁག་ལ་འགྲེལ་བརྗོད་བྱ་རྒྱུ་མིན་པ་དང་། གལ་ཏེ་མ་འོངས་པར་ཞུ་དགོས་བྱུང་ཚེ་གསར་འགོད་པར་འབྲེལ་བ་ཞུ་ངེས་ཡིན་སྐོར་གསུངས་ཡོད་པ་རེད། འོན་ཀྱང་། དེ་རིང་འདི་གའི་གསར་འགོད་པར་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། ནང་མོལ་ཚོགས་འདུའི་སྐབས་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་དོན་ཚན་ ༤༧ གཞིར་བཟུང་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་བཅའ་འབུལ་རྒྱུ་དང་། ད་ལྟའི་ཕྱོགས་གཉིས་ཀའི་དམ་འབུལ་ངོས་ལེན་བྱེད་རྒྱུ་དང་ཡང་ན་ཚང་མས་རྩ་དགོངས་ཞུ་རྒྱུ།  ཡང་ན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་འཁོད་སྙན་ཞུ་འབུལ་རྒྱུ་སོགས་དཀའ་རྙོག་སེལ་ཐབས་ཀྱི་དོན་ཚན་ཁག་ཅིག་གི་ཐོག་གོ་བསྡུར་དང་གསང་བའི་འོས་བསྡུ་གནང་ཡོད་ཀྱང་། ཐབས་ལམ་གཞན་ཁག་གི་ཐོག་རྒྱབ་སྐྱོར་གསུམ་ཆ་གཉིས་མ་ཟིན་པར་ནང་འགྲིག་ཡོང་ཐབས་གཏན་ནས་མ་བྱུང་བརྟེན། སྤྱི་མོས་ཐོག་ནས་མཚན་འཁོད་སྙན་ཞུ་འབུལ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་དང་པོའི་དོན་ཚན་དང་པོའི་ནང་གསེས་གཉིས་པའི་ནང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ་ཞེས་གསལ་ཡོད་པ་ལྟར། དཀའ་རྙོག་འདི་མུར་ལྷག་སྟེ་བོད་མིའི་སྒྲིག་འཛུགས་དང་རང་རེའི་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་ཞིག་མ་འཕྲད་པའི་ཆེད་དུ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལམ་སྟོན་བཀའ་སློབ་ག་རེ་ཕེབས་པ་ཡིན་ནའང་སྤྱི་བོའི་གཙུག་ཏུ་བཀུར་ཏེ་ལམ་སྟོན་ཐོག་ཤར་བསྐྱོད་ཞུ་རྒྱུའི་སྤྱི་མོས་གསོལ་འདེབས་ཞུས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. པ་རྡོར། says:
    ལོ་ 5 སྔོན།

    ཞབས་འདྲེན་རེད། ངོ་ཚ་རྒྱུ་མེད་མཁན་གྱི་སྤྱི་འཐུས་རྣམས། རྙོག་དྲ་འདི་ཁྱེད་རང་ཚོས་བཟོས་པ་རེད། བཙོག་པ་འདི་ཁྱེད་ཚོས་ང་རྒྱལ་གྱིས་བཟོས་པ་རེད། ༸གོང་ས་མཆོག་རྙོག་དྲ་འདིའི་ནང་ཕེབས་དགོས་པ་བཟོས་དགོས་དོན་མེད། ད་ལན་སོ་སོས་བཟོས་པའི་ཆང་དེ་སོ་སོས་འཐུང་མི་ཐུབ་པ་རེད་དམ། རྗེས་མར་ཡང་མི་ཡིས་ཆེད་དུ་བཟོས་པའི་རྙོག་དྲ་འདི་ལྟར་གྱི་ནང་ལའང་༸གོང་ས་མཆོག་ཐུགས་མི་བདེ་བ་བཟོ་རྒྱུ་ཡིན་ནམ། བཙན་བྱོལ་གཞུང་གི་འགོ་གཙོ་རྣམས་ཞབས་འདྲེན་རེད། སོ་སོའི་ལས་འགན་ལས་ནམ་བར་དུ་གཡོལ་ཐབས་བྱ་རྒྱུ་ཡིན་ནམ། བློ་སེང་གིས་བཟོས་པའི་རྙོག་དྲ་འདི་མི་གཅིག་གཉིས་ཙམ་གྱི་ང་རྒྱལ་ལ་བརྟེན་ནས་བྱུང་བ་རེད་ཀྱང་། བཙན་བྱོལ་གཞུང་གི་ད་ལྟའི་འགོ་གཙོ་རྣམས་ལ་ཁྲིམས་འགལ་གྱི་རྙོག་དྲ་འདི་ལྟ་བུ་ཞིག་གཙང་མ་བཟོ་རྒྱུའི་འཇོན་ཐང་མེད་ན། བོད་མི་མང་གི་བདེ་དོན་དང་མ་འོངས་བོད་ཀྱི་དཀའ་ངལ་ཇི་ལྟར་སེལ་རྒྱུ་ཡིན་ནམ། བསམ་བློ་ཐོངས་བོད་མི་ཚོ།

    Reply
  2. གངས་སྐྱབས་རྒྱལ། says:
    ལོ་ 5 སྔོན།

    ད་འཇིགས་ཀ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese