མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་ ༧༠ རིང་བོད་ལ་བཙན་འཛུལ་དྲག་གནོན་བྱས་པའི་ལན་འདེབས་རྒྱབ་ཤ་དཀར་པོ་ཅན་གྱི་དེབ་ཅིག་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ལ་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ངོ་ ༧༠ འཁོར་ཡོད་ལུགས་ཀྱི་འཁྱོག་བརྗོད་དྲིལ་བསྒྲགས་ལ་དགག་ལན་ལོ་ངོ་ ༧༠ རིང་བོད་ལ་བཙན་འཛུལ་དྲག་གནོན་བྱས་པའི་དངོས་ཡོད་གནས་ཚུལ་བཀོད་པའི་རྒྱབ་ཤ་དཀར་པོ་ཅན་གྱི་དབྱིན་དེབ་ཅིག་དབུ་འབྱེད་གནང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱིས་དཔར་སྐྲུན་བྱས་པའི་བོད་ལ་ལོ་ངོ་བདུན་ཅུའི་བཙན་འཛུལ་དང་གནའ་གནོན་ ( 70 Years of Occupation and Oppression )  ཞེས་པའི་དབྱིན་ཡིག་གི་ལན་འདེབས་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། དཔེ་དེབ་དེའི་ནང་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་དྲག་གནོན་བྱས་པའི་མི་ལོ་བདུན་ཅུ་ཡི་ལོ་རྒྱུས་ཀྱི་སྐྱོ་གར་མང་པོ་ཞིག་གསལ་སྟོན་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་འཛུགས་སྐྲུན་གྱི་ལས་གཞི་ཁོ་ནར་ཁ་གཡར་ནས་བོད་ནང་དུ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་བཞིན་པའི་འུར་བསྒྲགས་བྱས་ཏེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འཁྱོག་བཤད་དང་སྒྲོ་འདོགས་བྱེད་མུས་ཡིན་པ་ལྟར། དེ་རིང་དཔར་སྐྲུན་བྱས་པའི་དབྱིན་ཡིག་དཔེ་དེབ་དེས། རྒྱ་ནག་གཞུང་གིས་བོད་ནང་མི་ལོ་བདུན་ཅུའི་རིང་ལ་སྤེལ་བའི་བཙན་འཛུལ་དང་གནའ་གནོན་གྱི་སྲིས་ཇུས་ཐེར་འདོན་དང་སྐྱོན་བརྗོད་བྱས་ཡོད་པ་དང་། དཔེ་དེབ་དེ་ནི་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་བདུན་ཅུ་ཟེར་བ་དྲིལ་བསྒྲགས་བྱས་པ་དང་བསྟུན་ཏེ། རྒྱལ་སྤྱིར་འགྲེམས་སྤེལ་བྱས་པའི་རྒྱབ་ཤ་དཀར་པོ་ཟེར་བའི་དཔེ་དེབ་དེའི་ཁྱོག་བཤད་དག་ལ་བྲིས་པའི་དགག་ལན་གྱི་དཔེ་དེབ་ཅིག་རེད། དེ་བཞིན་རིང་མིན་དཔེ་དེབ་དེ་བོད་ཡིག་དང་རྒྱ་ཡིག་གཉིས་སུ་ཕབ་བསྒྱུར་བྱས་ནས་དྲ་ཐོག་ཏུ་གཞག་རྒྱུ་ཡིན་འདུག

མཛད་སྒོའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། འདི་ལོའི་ཕྱི་ཟླ་ ༥  ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་དང་བོད་མིར་དྲག་གནོན་བྱས་ནས་ལོ་ངོ་བདུན་ཅུ་ཕྱིན་ཡོད་ཀྱང་། བོད་ས་ཞི་བའི་བཅིངས་གྲོལ་བཏང་བའི་དྲིལ་བསྒྲགས་དང་འབྲེལ་ནས་རྒྱབ་ཤ་དཀར་པོ་ཞེས་པའི་དཔེ་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་པ་རེད། ད་བར་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་དེ་དག་ལ་དགག་ལན་བརྒྱབ་ཡོད་ཀྱང་། ༢༠༡༨ ལོར་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་དེར་དགག་ལན་གྱི་དཔེ་དེབ་བཏོན་ཐུབ་མེད་པས། ད་ལན་ངེས་པར་དུ་དགག་ལན་གྱི་དཔེ་དེབ་ཅིག་འདོན་དགོས་པའི་དམིགས་ཡུལ་བཟུང་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་གིས་གནས་དོན་ཅི་ཞིག་ལ་འགྲེལ་བརྗོད་བྱས་ནའང་། རྒྱ་ནག་རྒྱལ་ཁབ་དང་རྒྱ་གཞུང་ལ་ཁེ་ཕན་དང་དངོས་ཡོད་ཀྱི་གནས་ཚུལ་ལ་གཞི་མི་བཅོལ་བར། རྒྱ་ནག་ནང་གི་རྒྱ་མི་རྣམས་ལ་མགོ་སྐོར་འཁྱོག་བཤད་བྱས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསླུ་བྲིད་བྱེད་མུས་ཡིན་པ་གསལ་པོ་ཡིན་པས། ད་ལན་ཚང་མས་མཉམ་རུབ་ཀྱིས་རྒྱབ་ཤ་དཀར་པོར་དགག་པའི་དཔེ་དེབ་ཅིག་འགྲེམས་སྤེལ་ཐུབ་ཡོད་སྐོར་སོགས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས།  རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་བདུན་ཅུ་ཕྱིན་པ་བསྒྲགས་མུས་ཡིན་པ་ལྟར། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་འཁྱོག་བཤད་བྱས་པའི་གནས་དོན་མང་པོ་ཞིག་ལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སོགས་མཚོན་པའི་གནས་དོན་མང་པོ་ཞིག་ལ་གསལ་འདེབས་བྱས་ཟིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐོག་ལ་ཁྱོག་བཤད་བྱས་པ་གསར་པ་རེ་མེད་ན། དེ་སྔོན་གྱི་གནས་དོན་དག་ལ་ལན་འདེབས་ཟིན་པས། བོད་ཀྱི་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་སྐོར་གྱི་གནས་དོན་མང་པོ་ཞིག་རང་སོར་གནས་ཡོད་པ་རེད། དཔེ་དེབ་དེའི་ནང་དུ་བོད་ནང་དུ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ཡོད་ཀྱང་། བོད་ཞི་བའི་བཅིངས་གྲོལ་བཏང་ཡོད་ཚུལ་བསྒྲགས་མུས་ཡིན་པ་ནི་གདོང་འབག་གྱོན་པ་ཞིག་ཡིན་སྐོར་དང་།  དེ་བཞིན་རྒྱ་ནག་གཞུང་གིས་དཀའ་རྙོག་གང་འདྲ་ཞིག་ཡིན་ཡང་། དེ་དྲིལ་བསྒྲགས་གྱི་ཐབས་ལམ་ནི་བོད་ནང་དུ་འཛུགས་སྐྲུན་ཁོ་ནར་གཞི་བཅོལ་ནས་བསྒྲགས་མུས་ཡིན་པས། ཕྱིའི་འཛུགས་སྐྲུན་གྱི་ལས་གཞི་ཁོ་ནས་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་མ་བསྟུན་ཐབས་མེད་གྱུར་ཏེ། བོད་མི་ཚོར་གནའ་གནོན་དམ་དྲག་བྱེད་མུས་ཡིན་པའི་སྐོར། བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་སླད་སྔོན་འགྲོ་ནས་རྒྱ་ཡིག་སྦྱང་དགོས་པ་དང་། བོད་ཡིག་ཤེས་མཁན་རྣམས་ལ་ལས་ཀ་མི་སྟེར་བའི་དཀའ་ཁག་གི་རིགས་མང་པོ་ཞིག་འཁོད་ཡོད་པ་དང་། མ་འོངས་པར་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་སྟོན་གནང་བའི་གཉིས་ཕན་དབུ་མའི་ལམ་ལ་ཤར་སྐྱོད་བྱ་དགོས་པ་སོགས་འཁོད་ཡོད་སྐོར་གསུངས་སོང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. འདམ་སྐྱེས། says:
    ལོ་ 5 སྔོན།

    གོང་གསལ་གསར་འགྱུར་ནང་འདེམས་ཐོན་སྲིད་སྐྱོང་གི་གསུང་བཤད་ནང་ད་སྔོན་བོད་མིའི་སྒྲིག་ནས་འཛུགས་ནས་༢༠༡༨ ལོའི་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་ལ་ལན་འདེབས་བྱས་མེད་ཚུལ་གཏམ་བཟང་གི་ཚུལ་དུ་བཤད་པ་དང་། རང་གི་ད་ལམ་ལན་འདེབ་བྱེད་ཀྱི་ཡོད་པའི་གཏམ་བཤད་གནང་འདུག་ཀྱང་ཕྱི་དྲིལ་ལས་ཁུངས་དྲ་རྒྱའི་ནང་༢༠༡༨ ལོར་སྔ་རྗེས་ལན་འདེབས་རྒྱས་བསྡུས་གནང་ཡོད་པ་གསལ་འདུག དེས་ན་གཞུང་གི་འགན་འཛིན་གྱིས་ཐུགས་སྣང་དང་འགན་ཆེ་ཙམ་བཞེས་དགོས་པ་གལ་ཆེན་དུ་མཐོང་ན་ཐུགས་ཞིབ་གནང་གལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese