མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་གསལ་བསྒྲགས་བྱས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཧྥེ་རི་ཁ་ཡིན་པའི་བརྩམས་སྒྲུང་རྩོམ་པ་པོ་སྐུ་ཞབས་ཨབ་དྷུལ་ར་ཛག་གྷུར་ནཱ་ཡིས་གཙོ་བོ་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ཤུགས་རྐྱེན་དང་དཀྱིལ་ཤར་ཡུལ་གྲུའི་མཚོ་འགག་གི་སྐྱབས་བཅོལ་བ་རྣམས་ཀྱི་ལས་དབང་མཚོན་པའི་བརྩམས་སྒྲུང་བརྩམས་པར་བརྟེན་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་ཡོད་འདུག

‘The theme of the refugee’s disruption run throughout his work’ … Abdulrazak Gurnah. Photograph: Simone Padovani/Awakening/Getty Images

དེ་རིང་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ཤུགས་རྐྱེན་དང་ཨ་ཧྤེ་རི་ཁ་དང་དཀྱིལ་ཤར་ཡུལ་གྲུའི་མཚོ་འགག་གི་སྐྱབས་བཅོལ་བ་རྣམས་ཀྱི་ལས་དབང་དམར་རྗེན་དུ་བཏོན་གནང་བའི་ངོས་འཛིན་འོག ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ཏན་ཛ་ནི་ཡ་ (tanzania) ནས་སྐྱེས་ཤིང་། ད་ལྟ་དབྱིན་ཡུལ་དུ་བཅའ་སྡོད་བརྩམས་སྒྲུང་རྩོམ་པ་པོ་སྐུ་ཞབས་ཨབ་དྷུལ་ར་ཛག་གྷུར་ནཱ་ (Abdulrazak Gurnah) ལགས་སུ་འབུལ་རྒྱུའི་གསལ་བསྒྲགས་བྱས་སོང་།

གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་སྟེང་། སྐུ་ཞབས་ཨབ་དྷུལ་ར་ཛག་གྷུར་ནཱ་ཡིས་དོན་འབྲས་མ་སོན་པའི་གྱེན་ལོག་བརྗོད་སྙིང་དུ་བྱས་པའི་བརྩམས་སྒྲུང་ཐོག་མ་གྱེས་ཁའི་དྲན་པ་ (Memory of Departure) ནས་ཉེ་ཆར་གྱི་བརྩམས་སྒྲུང་བརྗིད་ཉམས་ཅན་ (Magnificent) དང་སྐྱེ་བ་ཕྱི་མ་ (Afterlives)བཅས་ཀྱི་ནང་། ཕྱིའི་འཛམ་གླིང་གིས་ཨ་ཧྥེ་རི་ཁ་ཤར་མར་ལྟ་བའི་བསམ་ཚུལ་ནོར་འཁྲུལ་ཅན་བསལ་ཏེ་རྒྱུས་མངའ་མེད་པའི་ཨ་ཧྥེ་རི་ཁའི་གནས་སྟངས་ངོ་མ་གསལ་སྟོན་བྱས་ཡོད་པ་མ་ཟད། དུས་རབས་ཉི་ཤུའི་ནང་ཊན་ཛ་ནི་ཡར་འཚར་ལོངས་བྱུང་བའི་བྱིས་པ་ཞིག་གི་གཏམ་རྒྱུད་བརྗོད་དོན་དུ་བྱས་པའི་སྒྲུང་རིང་ལྷ་ཡུལ་ (Paradise) ཞེས་པ་དེ་ནི་ཁོང་གི་བརྩམས་ཆོས་བཞི་པ་དང་། ཁོང་ལ་རྩོམ་རིག་གི་སྟེང་ནས་གདེང་འཇོག་ཆེན་པོ་ཐོབ་སའི་ཚབ་མཚོན་བརྩམས་ཆོས་སུ་གྱུར་ཡོད་ལ། སྒྲུང་རིང་དེར་རྒྱལ་སྤྱིའི་ཐོག་གྲགས་པ་ཆེ་བའི་རྩོམ་རིག་གི་བྱ་དགའ་ (Booker Prize) ཡང་ཐོབ་མྱོང་ཡོད་པ་རེད།

བརྩམས་སྒྲུང་རྩོམ་པ་པོ་ཨབ་དྷུལ་ར་ཛག་གྷུར་ནཱ་ནི་དུས་རབས་ ༡༩ དང་༢༠ ནང་འཇར་མ་ནི་དང་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་ཞིང་། ཕྱི་ལོ་ ༡༩༦༡ ལོར་རང་བཙན་ཐོབ་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཊན་ཛ་ནི་ཡ་ (Tanzania) གྱི་རང་སྐྱོང་ས་ཁུལ་ཛན་ཛི་བྷར་མཚོ་གླིང་ (Zanzibar Island) དུ་ཕྱི་ལོ་ ༡༩༤༨ ལོར་སྐྱེས་ཤིང་། ཕྱི་ལོ་ ༡༩༦༨ ནང་རང་ཡུལ་བཞག་སྟེ་དབྱིན་ཡུལ་དུ་སྐྱབས་བཅོལ་འགྲོ་དགོས་བྱུང་བ་དང་། ཕྱི་ལོ་ ༡༩༨༢ ལོར་ཀེན་ཊི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ (University of Kent) འབུམ་རམས་པའི་བསླབ་པ་མཐར་སོན་པ་དང། ཉེ་ཆར་རྒས་ཡོལ་མ་ཞུས་བར་དུ་ཀེན་ཊི་སློབ་ཆེན་དུ་དབྱིན་ཡིག་དང་མི་སེར་སྤེལ་ཡུལ་ཕྱི་མའི་རྩོམ་རིག་གི་སློབ་དཔོན་གནང་འདུག  ཁོང་གིས་ད་བར་དབྱིན་ཡིག་སྟེང་ནས་སྒྲུང་རིང་ ༡༠ དང་སྒྲུང་ཐུང་ཁ་ཤས་བརྩམས་གནང་ཡོད་འདུག་ལ། འདས་ལོར་པར་སྐྲུན་འགྲེམ་སྤེལ་བྱས་པའི་སྐྱེ་བ་ཕྱི་མ་ (Afterlives) ཞེས་པའི་སྒྲུང་རིང་དེ་ནི་ཁོང་གི་བརྩམས་ཆོས་གསར་ཤོས་དེ་ཆགས་ཀྱི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese