མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་གཞིར་བཟུང་དམ་འབུལ་ཞུས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་བར་བརྒལ་ཚོགས་གཙོ་མཆོག་ནས་དམ་འབུལ་ཞུས་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་གཞིར་བཟུང་བར་བརྒལ་ཚོགས་གཙོའི་མདུན་དུ་ལས་འཁུར་དམ་འབུལ་ཞུས་གནང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་དགོངས་དོན་འོག སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་ནས་བསྐོ་གཞག་གནང་བའི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་དུ་བར་བརྒལ་ཚོགས་གཙོའི་ལས་འཁུར་དམ་འབུལ་ཞུས་གནང་སོང་།

དམ་འབུལ་མཛད་སྒོའི་སྐབས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས། སྤྱིར་བཏང་བྱས་ན་བར་བརྒལ་ཚོགས་གཙོའི་དམ་འབུལ་ལས་རིམ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༨ ཉིན་ཁྲིམས་ལུགས་གཞིར་བཟུང་གྲུབ་ཚར་ཡོད་པ་རེད། ཡིན་ན་ཡང་། ཁ་སང་ཚེས་ ༧ ཉིན་ཚོགས་དྲུང་ལས་ཁུངས་ནས་ཡིག་ཆུང་ཞིག་བཏང་བའི་ནང་བར་བརྒལ་ཚོགས་གཙོའི་དམ་འབུལ་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༨ ཉིན་བཞེས་གནང་ཡོང་བ་ཞུ་ཞེས་བཀོད་འདུག དེར་ཁྲིམས་ཞིབ་ཁང་ནས་ཡིག་ལན་བཏང་སྟེ། བར་བརྒལ་ཚོགས་གཙོ་ནས་བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་དགོངས་དོན་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་འབུལ་ཞུས་ཟིན་སྟབས། དེ་ནས་ཞུ་དོན་བཞིན་བར་བརྒལ་ཚོགས་གཙོས་བསྐྱར་དུ་དམ་འབུལ་ཞུ་རྒྱུ་བཅའ་ཁྲིམས་སུ་གསལ་མི་འདུག་ཅེས་ལབ་ཡོད། དེ་རྗེས་ཚོགས་དྲུང་ལས་ཁུངས་ནས་བསྐྱར་དུ་ཡི་གེ་བཏང་སྟེ། བར་བརྒལ་ཚོགས་གཙོས་ཁྲིམས་ཞིབ་པ་ཆེ་བའི་མདུན་དམ་འབུལ་ཞུས་སྐབས། དམ་བཅའི་ཚིག་གཞི་ཇི་བཞིན་བྱུང་མེད་པ། དཔེར་ན་དྲང་བདེན་ལྷག་བསམ་བཟོད་མེད་ཀྱི་ཚབ་ཏུ་ལྷག་བསམ་མགོ་མེད་སོགས་གསུངས་པར་བརྟེན་ཞེས་བཀོད་འདུག དེའི་ཐོག་ཞིབ་འཇུག་བྱས་སྐབས། དེ་དུས་ཁྲིམས་ཞིབ་པ་ཆེ་བའི་མདུན་དམ་བཅའི་ཚིག་གཞི་གནང་བ་ཇི་བཞིན་བར་བརྒལ་ཚོགས་གཙོས་རྗེས་ཟློས་ཏག་ཏག་ཅིག་བྱུང་མེད་པ་དངོས་བདེན་རེད་འདུག སྐབས་དེར་ཁྲིམས་ཞིབ་པ་ཆེ་བས་དེའི་ཐོག་དོ་སྣང་བྱུང་མི་འདུག ལས་འཁུར་དམ་བཅའ་འབུལ་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་བྱ་རིམ་ཞིག་ཡིན་པ་དང་། དམ་བཅའི་ཚིག་དོན་རྣམས་ནོར་འཁྲུལ་མེད་པའི་ཐོག་ནས་ལྗགས་ཀློག་ཁས་ལེན་གནང་དགོས་པ་ཡིན་སྟབས། དམ་བཅའི་ཚིག་གཞི་ནོར་འཁྲུལ་ཤོར་ཆགས་ཀྱི་མ་རེད། དེར་བརྟེན། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༨ ཉིན་ནོར་འཁྲུལ་བྱུང་བའི་བར་བརྒལ་ཚོགས་གཙོའི་དམ་འབུལ་དེ་ཉིད་ཕྱིར་བསྡུ་བྱས་ཏེ། ད་ལྟ་བསྐྱར་དུ་དམ་འབུལ་གྱི་ལས་རིམ་འདི་གོ་སྒྲིག་བྱས་པ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེ་རྗེས་ཆུ་ཚོད་ ༡༡།༡༥ སྟེང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། བར་བརྒལ་ཚོགས་གཙོ་དབུ་བཞུགས་ཐོག་བདམས་ཐོན་སྤྱི་འཐུས་ཚང་མས་བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་དགོངས་དོན་འོག་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་གནང་སོང་བ་དང་། སྐབས་དེར་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་མཆོག་གིས་ཚོགས་གཙོའི་གསུང་བཤད་གནང་སྐབས། ཐོག་མར་སྲིད་སྐྱོང་མཆོག་དང་སྤྱི་འཐུས་རྣམ་པར་འཚམས་འདྲི་ཞུས་པ་དང་སྦྲགས། དང་པོ་དེར་བདག་ཅག་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཡོངས་རྫོགས་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་དེ་རིང་དམ་འབུལ་ལེགས་གྲུབ་བྱུང་བར་ངས་བར་བརྒལ་ཚོགས་གཙོའི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་གནས་ཚུལ་མང་པོ་ཞུ་མ་དགོས་པར། དེ་རིང་ནས་བཟུང་ལོ་ལྔའི་རིང་ལ་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་གནང་བའི་ཐོག་ནས་མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་བྱས་པ་གཞིར་བཟུང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། བོད་མིའི་ཚབ་མཚོན་དང་སྤྱི་དོན་གྱི་ཐོག་ལ་ནུས་པ་མཉམ་སྤུངས་གནང་རྒྱུ་ནི་ང་ཚོའི་ལས་འགན་གཙོ་བོ་དེ་ཆགས་པ་རེད། དེར་བརྟེན། དེའི་ཐོག་ཚང་མས་གནང་ཐུབ་པའི་རེ་བ་ཞུ་ཡི་ཡོད། ཅེས་གསུངས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁང་དུ་བཅའ་ཁྲིམས་དོན་ཚན་ཞེ་ལྔ་བའི་དགོངས་དོན་གཞིར་བཟུང་། སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་གསང་བའི་འོས་བསྡུ་བྱ་གཏན་འཁེལ་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ སྟེང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུ་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. རྣམ་རྒྱལ། says:
    ལོ་ 4 སྔོན།

    ད་ཡིན་ན་ངོ་ཚ་གཏན་ནས་མེད་པའི་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཚང་མའི་ཁ་ན་ལ་ཐལ་བ་རྒྱོབ། སོ་སོའི་ལས་འགན་སོ་སོས་འཁུར་པ་ལས་མི་ངན་སེམས་གནག་ཁྱོད་ཚོས་གོང་ས་མཆོག་ཐུགས་སུན་པོ་བཟོ་སོང་། གོ་ས་མཆོག་ཁྱོད་ཚོའི་རྩེད་ཆས་རེད་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese