མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་གྲོས་མོལ་འགྲིག་མཐུན་བྱུང་མེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཐབས་སུ་ཉིན་གཅིག་རིང་གྲོས་མོལ་བྱས་ཡོད་ཀྱང་། རྒྱ་ནག་གིས་གྲོས་གཞིར་ངོས་ལེན་མ་བྱས་སྟབས་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད།

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་རྒྱ་གར་གི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ནས་ཕྱི་དྲོའི་བར་ལ་དྭགས་ཁུལ་གྱི་ (Moldo) ཞེས་པའི་ས་མཚམས་སུ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་རྒྱལ་སྲུང་དམག་དཔོན་དང་ལྷན་དུ་ས་མཚམས་རྩོད་རྙོག་གི་གྲོས་མོལ་ཐེངས་ ༡༣ པ་ཚོགས་ཏེ། ཕྱོགས་གཉིས་ངོས་ནས་གྲོས་མོལ་འགྲིག་མཐུན་ཡོང་བ་དང་ས་མཚམས་ཀྱི་དམག་མི་ཕྱིར་འཐེན་ཡོང་བར་རེ་སྒུག་བྱས་ཡོད་ཀྱང་། རྒྱ་ནག་གིས་གྲོས་མོལ་སྐབས་དམག་མི་ཕྱིར་འཐེན་བྱེད་པར་མོས་མཐུན་བྱས་མེད་སྟབས། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ལ་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད།

གྲོས་མོལ་དང་འབྲེལ་ནས་རྒྱ་གར་བདེ་སྲུང་ལྷན་ཁང་གིས། ང་ཚོས་གྲོས་མོལ་སྐབས། ཐབས་ཤེས་བྱས་ཏེ་བཟང་ཕྱོགས་སུ་འགྲོ་བར་འབད་པ་བྱས་པ་ཡིན་མོད། རྒྱ་ནག་ཕྱོགས་ནས་གྲོས་མཐུན་ཡོང་བར་འདོད་བློ་མེད་པ་མ་ཟད། མ་འོངས་པར་གྲོས་འཆམ་ཡོང་མིན་སོགས་ཀྱི་གནས་ཚུལ་གང་ཡང་མཁོ་སྤྲོད་བྱས་མ་སོང་། ཞེས་བརྗོད་ཡོད་པ་དང་། ད་ལྟ་རྒྱ་དཀར་ནག་གཉིས་བར་ལ་དྭགས་ཤར་ཕྱོགས་ཀྱི་ཊིག་ (Trig Heights) དང་དྷེམ་ཆོག་ (Demchok) སོགས་ས་ཁུལ་བཅུ་ནས་དཀའ་རྙོག་སེལ་ཐུབ་ཙམ་བྱུང་ཡོད་ཀྱང་། གྷལ་ཝན་ལུང་ཁུག་གི་ཉེ་འཁྲིས་ཀེ་ལོ་མེ་ཊར་ ༡༢༠ ཡི་མཚམས་དང་རིན་ཆེན་ལ་དང་རིག་བཟང་ལ་སོགས་སུ་ས་མཚམས་ཀྱི་རྩོད་རྙོག་གསར་པ་ལྔ་བྱུང་ཡོད་འདུག

ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་དམག་སྤྱི་གཞོན་པ་ (Chief Gen Manoj Naravane) ཡིས། རྒྱ་ནག་གིས་གྲོས་མཐུན་གྱི་སྒྲིག་ཁྲིམས་ལས་བརྒལ་ཏེ། ས་མཚམས་ཁུལ་དུ་སྡོད་ཁང་གསར་སྐྲུན་གྱིས། དམག་མིའི་མཐུན་རྐྱེན་ཡར་རྒྱས་གཏོང་བཞིན་འདུག  གལ་ཏེ་འདི་ལོའི་དགུན་ཁའི་བར་རྒྱ་ནག་གི་དམག་དཔུང་མུ་མཐུད་ས་མཚམས་ཁུལ་དུ་གནས་པ་ཡིན་ན།  རྒྱ་གར་དམག་མི་ཡང་ས་མཚམས་ཁུལ་དུ་སྡོད་ཀྱི་ཡིན་ལ། རྒྱ་གར་གཞུང་ནས་རྒྱ་ནག་གིས་ཇི་ལྟར་འཛུགས་སྐྲུན་ཡར་རྒྱས་གཏོང་གི་ཡོད་པ་དེར་ཞིབ་རྟོག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཐེངས་འདིར་རྒྱ་དཀར་ནག་དབར་གྲོས་མོལ་འཚོགས་དགོས་དོན་གཙོ་བོ་ནི། འདས་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་གིས་ལ་དྭགས་ཤར་ཕྱོགས་ཁུལ་གྱི་ (Moldo) ས་མཚམས་སུ་དམག་མིའི་རིམ་པ་གསུམ་བཏང་བའི་གནད་དོན་དང་འབྲེལ་ནས། ཆུ་ཚན་ཁུལ་དུ་བཅའ་སྡོད་དམག་མིའི་(Patrolling Point 15)  གྲངས་འབོར་ཇེ་མང་དུ་བཏང་བ་རྣམས་ཕྱིར་འཐེན་བྱ་དགོས་སྐོར་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese