མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཕོ་མོ་གཉིས་ཀར་སློབ་སྦྱོང་འདྲ་མཉམ་སྤྲོད་དགོས་པ་དེ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སྤྱི་ཚོགས་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་མཐར་ཐུག་ན་སྒེར་སོ་སོའི་སེམས་ཀྱི་ཞི་བདེ་ལེགས་པར་བསྐྲུན་ཐུབ་རྒྱུ་ཞེ་དྲགས་གལ་ཆེན་པོ་ཡིན་པ་དང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་དེའང་ཞེད་སྣང་དང་དངངས་སྐྲག་སྒོ་ནས་མིན་པར་སོ་སོས་དྭང་དུ་བླངས་ནས་བསྐྲུན་དགོས་པ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས།

༧གོང་ས་མཆོག་ལ་ཨ་རིའི་ཞི་བདེའི་བསྟི་གནས་ཁང་ (U.S. Institute of Peace) གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། འཛམ་གླིང་སྟེང་རྩོད་རྙོག་གི་དཀའ་ངལ་ཅན་གྱི་ཡུལ་ལུང་འདྲ་མིན་གྱི་གཞོན་སྐྱེས་མགོ་ཁྲིད་ཁག་ཅིག་དང་ལྷན་དུ་བྱམས་བརྩེ་དང་ཤེས་ཡོན། འདྲ་མཉམ་བཅས་ཀྱི་བརྗོད་གཞིའི་ཐོག་ལ་དེ་རིང་ནས་ཉིན་གྲངས་གཉིས་རིང་དྲ་ལམ་བརྒྱུད་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་སོང་། ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འདྲི་མཛད་གནང་རྗེས། ལས་རིམ་གཙོ་སྐྱོང་བ་བསྟི་གནས་ཁང་དེའི་སྤྱི་ཁྱབ་འགན་འཛིན་དང་དབུ་འཛིན་ལི་སི་གྷི་རན་ཌི་(Lise Grande) ལགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་དང་ཐུན་མོང་མ་ཡིན་པའི་ཐོག་ལ་དམིགས་བསལ་གྱིས་བཀའ་མོལ་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ང་ཚོའི་ཚོགས་པ་འདི་ཕྱི་ལོ་ ༡༩༨༤ ལོར་ཨ་རིའི་གྲོས་ཚོགས་འོག་མས་སྤྱི་ཚོགས་ནང་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་བའི་དོན་དུ་བཙུགས་པ་རེད། ང་ཚོའི་ཚོགས་པ་འདིའི་ནང་རྒྱལ་ཁབ་ ༨༥ ནས་འཐུས་མི་ ༣༠༠ ཡོད། ང་ཚོའི་ལས་འཆར་གཙོ་བོ་དང་ནུས་སྟོབས་ཅན་གྱི་ལས་འགུལ་འདི་ལ་སློབ་མ་ཕུགས་རེ་ཅན་ལ་མི་རབས་ཀྱི་འགྱུར་ལྡོག་ཐོག་ནས་གཞོན་སྐྱེས་མང་པོ་ཞིག་ལ་འདྲ་མཉམ་ཡོང་རྒྱུ་དང་། མཐོང་ཆུང་ཁྱད་གསོད་ལ་ཁ་གཏད་གཅོག་རྒྱུ་ལ་སོགས་པ་སྤྱི་ཚོགས་ལ་འདྲ་མཉམ་ཡོང་བའི་དོན་དུ་སློབ་སྟོན་ཞུ་ཡི་ཡོད། ད་ལོར་ང་ཚོས་དངོས་སུ་རྒྱལ་ཁབ་ ༢༦ ནས་ཚོགས་མི་ ༣༠༠ ཡིས་མཉམ་ཞུགས་ཐོག་ནས་ལེ་ཚན་འདིའི་ནང་གོ་སྐབས་ཕུལ་ཐུབ་པ་བྱུང་ཞེས་དང་། ལོ་བཞིའི་གོང་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དངོས་སུ་མཇལ་ཁ་ཞུ་རྒྱུ་བྱུང་ནས་ང་ཚོའི་སྤྱི་ཚོགས་ནང་ཞི་བདེ་འཛུགས་སྐྲུན་ཡོང་བའི་དོན་དུ་གནས་ཚུལ་གལ་འགངས་ཆེ་བ་ཆ་ཚང་ཐོག་ལ་གྲོས་མོལ་ཞུ་རྒྱུའི་གོ་སྐབས་བྱུང་སོང་། ཞེས་ངོ་སྤྲོད་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་གི་གཟུགས་པོའི་ཆ་ནས་ཞུས་པ་ཡིན་ན་ཐག་རིང་པོར་འགྲོ་སྐྱོད་བྱ་རྒྱུ་དཀའ་ལས་ཁག་པོ་ཆགས་ཀྱི་འདུག  ཡིན་ནའང་ངོས་ཀྱི་བསམ་བློ་འདིའི་གྲུང་ཆ་སོགས་དཀའ་ངལ་རྩ་བ་ཉིད་ནས་མེད། བྱས་ཙང། དེང་དུས་ཀྱི་འཕྲུལ་ཆས་ཀྱི་རོགས་འདེགས་ལ་བརྟེན་ནས་ང་ཚོར་གྲོས་མོལ་ཞུ་རྒྱུའི་ཐོབ་ཐང་ཆ་ཚང་དང་གོ་སྐབས་ཆ་ཚང་ཡོད་པ་རེད། ངོས་རང་གཞོན་དུས་ནས་འཕྲུལ་རིགས་ལ་ཞེ་དྲགས་དགའ་པོ་ཡོད། འཕྲུལ་ཆས་ཀྱི་རིགས་ལ་སྐྱོན་ཆག་དེ་འདྲ་བྱུང་བའི་སྐབས། དཔེར་ན་གློག་བརྙན་བཟོ་རྒྱུའི་འཕྲུལ་འཁོར། ཡང་ན་ང་ཚོའི་ལག་པར་བཏགས་པའི་ཆུ་ཚོད་རིགས་ལ་ངོས་རང་གིས་བསྐྱར་གསོ་བྱས་ཐུབ་ཀྱི་ཡོད། ཕྱོགས་གཅིག་ནས་སོ་སོའི་ངོས་ནས་དུས་ཚོད་སྟོང་པའི་སྐབས་སུ་དུས་ཚོད་སྐྱེལ་རྒྱུ་དང་དགའ་ཉེ་བྱེད་སའི་བྱ་བ་གཅིག་ཀྱང་ཆགས་ཀྱི་ཡོད་པ་རེད། ང་ཚོའི་དུས་རབས་གསར་པ་འདིའི་ནང་འཕྲུལ་ཆས་བེད་སྤྱོད་བཏང་ནས་སོ་སོའི་ལས་དོན་བརྩམས་པའི་ཐོབ་ཐང་དང་ནུས་པ་ཡོད་རེད། དེར་བརྟེན་ཁྱེད་རང་ཚོའི་བསམ་ཚུལ་དང་དྲི་བ་གང་འདྲ་ཡིན་རུང་ང་ཚོས་གྲོས་མོལ་ལྷུག་པོའི་ཐོག་ནས་ཞུ་ཐུབ་ཀྱི་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། དེ་རིང་བྱམས་བརྩེ་དང་སློབ་སྦྱོང་། འདྲ་མཉམ་ཞེས་པའི་བརྗོད་གཞིའི་ཐོག་ལ་བཀའ་མོལ་ཞུ་རྒྱུ་རེད། ང་ཚོའི་འཛམ་གླིང་འདི་ག་དུས་ཡིན་རུང་འགྱུར་བ་འགྲོ་བཞིན་པ་རེད། ཕྱོགས་གཅིག་ནས་བསམ་བློ་གཏོང་ན་ང་རང་ཚོར་སེམས་ཤུགས་སྐྱེད་དགོས་པ་གཅིག་ལ། འདས་པའི་མི་རབས་བརྒྱ་ཕྲག་འགའ་ཤས་ཤིག་གི་གནས་ཚུལ་ལ་བལྟས་པ་ཡིན་ན་ཞེ་དྲགས་དྲག་རྩུབ་ཅན་ཞིག་ཆགས་ཡོད་པ་རེད། དམག་ཆེན་དང་པོ་དང་དམག་ཆེན་གཉིས་པ་དེ་འདྲ་བྱུང་ཡོད་པ་རེད། དེའི་སྐབས་ཀྱི་གནས་སྟངས་རིགས་ལ་ཕྱིར་བལྟས་བྱས་པ་དང་དེང་སང་གི་འཛམ་གླིང་མཉམ་དུ་བསྡུར་པ་ཡིན་ན། ཞི་བདེའི་ཐོག་ལ་འབོད་སྒྲ་སྒྲོག་མཁན་ཞེ་དྲགས་ཀྱིས་ཤུགས་ཆེན་པོ་ཡོད་རེད། དེ་ཡང་དབུ་ཁྲིད་ཚོའི་ཁྲོད་དུ་ཙམ་མིན་པར་མི་མང་དཀྱུས་མ་དང་དམངས་ཀྱི་ཐོག་ནས་འཛམ་གླིང་ཞི་བདེ་དགོས་ཀྱི་འདུག་ཟེར་བའི་འབོད་སྒྲ་འདི་ཞེ་དྲགས་ཤུགས་ཆེན་པོ་ཡོད་པ་རེད། འཛམ་གླིང་གི་ཞི་བདེ་ཟེར་ན། སྒེར་སོ་སོ་དང་སྤྱི་ཚོགས་ཆ་ཚང་གིས་སྤྱི་ཚོགས་ཞི་བདེ་ཅན་བཟོ་རྒྱུའི་ལས་འགན་གཅིག་གསུང་གི་ཡོད་པ་རེད། སྤྱིར་བཏང་ང་ཚོ་སྤྱི་ཚོགས་བག་ཕེབས་ཅན་ཡོང་བའི་དོན་དུ་སྤྱི་ཚོགས་ལབ་ཡོང་དུས་མི་སྒེར་མང་པོ་ཞིག་བསྡུས་པ་ལ་བརྟེན་ནས་བྱུང་བའི་ཚོགས་པ་གཅིག་ཆགས་ཀྱི་ཡོད་དུས། སྤྱི་ཚོགས་བདེ་སྐྱིད་དང་ལྡན་པ་ཡོང་བར་མཐར་ཐུག་ན་སྒེར་སོ་སོའི་སེམས་ཀྱི་ཞི་བདེ་ལེགས་པར་བསྐྲུན་ཐུབ་རྒྱུ་འདི་ཞེ་དྲགས་གལ་ཆེན་པོ་རེད། སེམས་ཀྱི་ཞི་བདེ་བསྐྲུན་པ་དེའང་ཞེད་སྣང་དང་དངངས་སྐྲག་སྒོ་ནས་མིན་པར་སོ་སོས་དྭང་དུ་བླངས་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་མགོན་པོ་མཆོག་གིས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་མི་ཆ་ཚང་གིས་འཛམ་གླིང་ཞི་བདེ་དགོས་པ་ཞིག་འདོད་ཀྱི་ཡོད་པ་རེད། དེང་སང་ལ་ཆ་བཞག་ན། སྤྱིར་བཏང་གི་གོ་མཚོན་ཡར་ཐོན་ཅན་ཞེ་དྲགས་ཆགས་ཡོད་པ་རེད། གོ་མཚོན་ཡར་ཐོན་ཅན་ཆགས་པར་བརྟེན། གལ་སྲིད་གོ་མཚོན་བེད་སྤྱོད་གཏང་རྒྱུའི་སྐབས་ཤིག་བྱུང་བ་ཡིན་ན། དེའི་འབྲས་བུ་དེ་ཞེ་དྲགས་ཚབས་ཆེན་པོ་ཆགས་ཀྱི་ཡོད་པ་རེད། འདས་པའི་མི་རབས་སྔ་མ་ཚོའི་སྐབས་སུ་རྙོག་དྲ་བྱུང་བ་ཡིན་ན། མཚོན་ཆ་ཆུང་ཚགས་རིགས་བེད་སྤྱོད་བཏང་བ་དང་། སྐབས་རེར་ལག་པས་མུར་རྫོག་གཞུས་པ་དེ་འདྲ་ཞེ་དྲགས་ཀྱི་ཚབས་ཆེན་པོ་མ་རེད། དེང་སང་གོ་མཚོན་ཡར་ཐོན་ཅན་དེ་འདྲའི་གོ་མཚོན་མང་པོ་ཡོད་དུས་ཞེ་དྲགས་ཀྱིས་ཉེན་ཁ་ཆེན་པོ་ཡོད་པ་རེད། དེར་བརྟེན། དེ་འདྲའི་སྐབས་སུ་འཛམ་གླིང་ཞི་བདེ་ཟེར་བ་དེ་ཞེ་དྲགས་གལ་ཆེན་པོ་རེད། དེ་ཡང་རྒྱུན་གཏན་ནས་ངོས་ནས་ཞུས་པ་བཞིན། ང་ཚོས་སྨོན་ལམ་བཏབ་ནས་བསྒྲུབ་ཐུབ་རྒྱུ་ཞིག་མ་རེད། འཛམ་གླིང་གི་ཞི་བདེ་ཟེར་དུས་དཀོན་མཆོག་དང་སངས་རྒྱས་བཅོམ་ལྡན་འདས་ལྟ་བུར་སྨོན་ལམ་བཏབས་ནའང་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བསྒྲུབ་རྒྱུ་དེ་ཞེ་དྲགས་ཁག་པོ་རེད།  འོན་ཀྱང་འཚེ་བ་སྐྲུན་མཁན་ང་ཚོ་ཡིན་པས་འཚེ་བ་མེད་པ་བཟོ་བའི་ཐབས་ལམ་དེའང་ང་རང་ཚོ་མི་ལ་ཡོད་པ་རེད། ཅེས་བཀའ་སློབ་བསྩལ་སོང་།

༧གོང་ས་མཆོག་གིས། གལ་སྲིད་བསམ་བློ་དེ་སྙིང་རྗེ་ཅན་ཡིན་ན་གཞན་ཕོངས་བར་བྱ་བ་དང་གཞན་འཇིག་པར་བྱ་བའི་བསམ་བློ་རྩ་བ་ཉིད་ནས་ཤར་གྱི་མ་རེད། དེར་བརྟེན་བྱམས་སྙིང་རྗེ་དངའབྲེལ་བའི་སློབ་སྦྱོང་དེ་ང་ཚོའི་སློབ་སྦྱོང་གི་སྡེ་ཚན་ནང་བཅུག་དགོས་པ་དང་། ལྷག་པར་དུ་ཆུང་དུས་ནས་བཅུག་དགོས་པ་ཞིག་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་རེད། རང་གི་འཚོ་བའི་བདེ་སྡུག་དེའང་སྤྱི་ཚོགས་ལ་བརྟེན་བསྡད་ཀྱི་ཡོད་པར་བརྟེན། གང་ལ་བརྟེན་སའི་སྤྱི་ཚོགས་དེའི་ནང་གི་འགྲོ་བ་གཞན་གྱི་བདེ་སྐྱིད་བསྒྲུབ་རྒྱུ་དེ། རང་གི་བདེ་སྐྱིད་བསྒྲུབ་རྒྱུའི་ཐབས་ཤེས་ཡག་ཤོས་དེ་ཆགས་ཀྱི་ཡོད་པ་རེད། ཅེས་སོགས་སོང་།

དེ་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ནང་། བྷང་ལ་དེ་ཞི་(Bangladesh) ནས་ཡིན་པའི་སློབ་མ་མི་ཐི་ལ་ཧོར་ (Mithila Hore) གྱིས། ཨ་མ་ཞིག་གིས་རང་གི་བུ་དང་བུ་མོར་དབྱེ་བ་མེད་པར་ཤེས་ཡོན་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལ་བཀའ་སློབ་གནང་རོགས་ཞུས་པར་༧གོང་ས་མཆོག་གིས། མང་གཙོ་ཚད་དང་ལྡན་པ་ཡོང་བར་སློབ་སྦྱོང་འདྲ་མཉམ་སྤྲོད་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། བུ་དང་བུ་མོ། ཕོ་མོ་གང་ཡིན་རུང་ཆ་ཚང་ལ་སློབ་སྦྱོང་ཆ་ཚང་བ་ཞིག་དགོས་ཀྱི་ཡོད་པ་རེད། དེ་འདྲའི་སློབ་སྦྱོང་ཆ་ཚང་རག་པ་ཡིན་ན། ང་ཚོའི་སྤྱི་ཚོགས་འདྲ་མཉམ་ཅན་ཞིག་ཏན་ཏན་བཟོས་ཐུབ་ཀྱི་རེད། འདྲ་མཉམ་གྱི་ཁོར་ཡུག་ངེས་པར་དུ་བསྐྲུན་ཐུབ་ཀྱི་རེད། དེར་བརྟེན་བུ་དང་བུ་མོའི་བར་དབྱེ་བ་ཕྱེས་པ་དེ་རྩ་བ་ནས་ནོར་བ་རེད། ཅེས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཕོ་མོ་གཉིས་ཀར་སློབ་སྦྱོང་འདྲ་མཉམ་སྤྲོད་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོར་ཆོལ་གསུམ་དཔའ་བོ་དཔའ་མོ་མཉམ་འཛོམས་ཀྱི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་སྤྱི་མོས་གཏན་འབེབས་གནང་སོང་།

༢༠༢༥/༠༩/༡༦
Tibettimes Photo 2025/9/16
Mobile App

བོད་ཀྱི་དགེ་འདུན་པ་ཞིག་གར་སོང་ཆ་མེད་ཆགས་ནས་མི་ལོ་བཞི་ལྷག་ཕྱིན་འདུག

༢༠༢༥/༠༩/༡༦
བལ་ཡུལ་གྱི་བར་བརྒལ་སྲིད་བློན་གསར་པ་ཤི་ལ་ཀཱར་ཀི་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༢༠༢༥།༩།༡༥ བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་ཞུས།

༢༠༢༥/༠༩/༡༥
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་འཇོག་བཞིན་ཡོད་འདུག

༢༠༢༥/༠༩/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese