མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་ལ་ངོ་རྒོལ་གནང་མཁན་བུ་མོ་གཉིས་ད་དུང་ཀློད་མེད་པ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨོ་ལིམ་ཕིག་རྩེད་འགྲན་རྒྱ་ནག་ནང་འཚོག་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་འོག གྷི་རེ་སིའི་ནང་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་རྩིས་སྤྲོད་བྱེད་འཆར་ཡོད་པར་ངོ་རྒོལ་བྱས་རྐྱེན་བུ་མོ་གཉིས་འཛིན་བཟུང་བྱས་ཡོད་འདུག

Photo: SFT Twitter

རྒྱ་ནག་ནང་དགུན་ཁའི་ཨོ་རྩལ་རྩེད་འགྲན་འཚོག་པར་ཟླ་གསུམ་ལྷག་ཙམ་མ་གཏོགས་མེད་པའི་སྐབས་འདིར། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱིས་རྩེད་འགྲན་གྱི་མཇུག་སྐྱོང་སྙིང་དོན་མཚོན་པའི་ཨོ་རྩལ་དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་ལ་ཉེ་བའི་སྐབས་དང་བསྟུན། ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚེ་ལྷ་རྫོགས་སངས་ལགས་དང་། ཧོང་ཀོང་གི་གསར་བརྗེའི་ལས་འགུལ་བ་ཇོའེ་སཱོ་གཉིས་ནས། གནའ་བོའི་རྒྱལ་ཁབ་གྷི་རེ་སིའི་གྲོང་ཁྱེར་ཨོ་ལིམ་པེ་ཡ་སྟེ། ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་རྩིས་སྤྲོད་བྱེད་ཡུལ་དུ། བོད་ལ་རང་དབང་དགོས་པ་དང་ཧོང་ཀོང་གི་གསར་བརྗེའི་ལས་འགུལ་ལ་རང་དབང་དགོས་པ་སོགས་ཀྱི་འབོད་སྐུལ་འོག རྒྱ་ནག་གི་ཨོ་རྩལ་འགྲན་བསྡུར་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་སྐབས། ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་འཁྲིད་ཡོད་འདུག་ལ། ད་ལྟ་ད་དུང་ཀྱང་གློད་མེད་པ་རེད་འདུག

དེ་འབྲེལ་ཨ་རིའི་ (AP) གསར་ཁང་གི་གནས་ཚུལ་ནང་། ཚེ་ལྷ་དང་ཇོའེ་སཱོ་གཉིས་ཨོ་ལིམ་ཕིག་གི་དཔའ་འབར་སྒྲོན་སའི་ཡུལ་དངོས་སུ་འབྱོར་བ་དང་བོད་གྱི་རྒྱལ་དར་དང་ཧོང་ཀོང་གི་གསར་བརྗེའི་དར་ཆ་སོགས་སྒྲེངས་ཤར་བྱས་ཡོད་ཀྱང་། དུས་ཡུན་སྐར་མ་ཁ་ཤས་ལས་མ་འགོར་བར་ཉེན་རྟོག་པ་བཅུ་གྲངས་ཤིག་ཡོང་ནས་ཁོ་གཉིས་བཙན་ཁྲིད་བྱས་ཡོད་འདུག་ལ། ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས། ཚེ་ལྷ་ལགས་དང་ཇོའེ་སཱོ་གཉིས་ནི་ཨ་རིའི་མི་སེར་ཡིན་པ་དང་། རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་མཁན་ (No Beijing 2022) ཞེས་པའི་ཚོགས་མི་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

ཚེ་ལྷ་ལགས་ཀྱིས། ད་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མི་མང་གཉིད་སད་པའི་ཐོག་ནས་པེ་ཅིན་གྱི་ཨོ་རྩལ་འགྲན་ཚོགས་མཚམས་འཇོག་བྱེད་པའི་རྒྱབ་ཏུ་ལངས་དགོས་པའི་དུས་ལ་འབབ་ཡོད། ཨོ་རྩལ་མཐུན་ཚོགས་ཀྱིས་རྒྱ་ནག་གི་རིགས་རྒྱུད་རྩ་གཏོར་གྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཡོད། ཅེས་བརྗོད་ཡོད་པ་དང་། ཇོའི་སཱོ་ལགས་ཀྱིས། རྒྱལ་སྤྱིའི་ཨོ་ལིམ་ཕིག་གི་མཐུན་ཚོགས་ཀྱིས་རྒྱ་ནག་གིསབོད་དང་ཧོང་ཀོང་། ནང་སོག་དང་ཤར་ཊུ་ཁི་སི་ཐན་ནང་རིགས་རྒྱུད་རྩ་གཏོར་དང་འགྲོ་བ་མིའི་ནག་ཉེས་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་བརྡ་སྟོན་གྱི་ཡོད། ཅེས་བརྗོད་ཡོད་འདུག

ཐའེ་པེ་དུས་བབ་ཀྱི་གནས་ཚུལ་ལྟར་ན། དེ་རིང་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཚོད་ལྟའི་སྦྱོང་བརྡར་ཞིག་བྱས་ཡོད་པ་དང་། དཔལ་འབར་རྩིས་སྤྲོད་ཀྱི་མཛད་སྒོ་དངོས་དེ་སང་ཉིན་ཡིན་སྟབས། འགྲོ་བ་མིའི་ཐོབ་ཐང་གི་གཙོས་རང་དབང་དང་ཐོབ་ཐང་རྩོད་མཁན་གྱི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese