མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་གི་དམར་ཤོག་དྲུང་ཆེ་གཞོན་པ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེར་བསྐོས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དེ་སྔོན་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་རྒྱ་མི་ཝང་ཅིན་ཀྲིན་ཟེར་བ་ཞིག་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་རུ་བསྐོ་བཞག་བྱས་འདུག

གསར་དུ་བསྐོ་བཞག་བྱུང་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅིན་ཀྲིན།

རྒྱ་ནག་གཞུང་གིས་ཆེས་དམ་དྲག་ཆེ་ཞིང་ཚོར་བ་སྐྱེན་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟེར་བ་གཉིས་ཀྱི་དམར་ཤོག་དྲུང་ཆེ་རྣམས་ཕན་ཚུན་བརྗེ་སྤོར་གྱིས་བསྐོ་བཞག་བྱེད་སྲོལ་ཡོད་པ་ལྟར། དེ་རིང་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༩ ནས ༢༠༢༠ བར་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་། སྲིད་ཁྲིམས་ལྷན་ཚོགས་ཀྱི་འགན་འཛིན། ཡུ་གུར་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་མགོ་འཁྲིད་ཀྱི་འགན་འཁུར་མྱོང་བའི་རྒྱ་མི་ཝང་ཅིན་ཀྲིན་ཟེར་བ་ཞིག བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་རུ་བསྐོ་བཞག་བྱས་ཡོད་འདུག

རྒྱ་མི་ཝང་ཅིན་ཀྲིན་ནི་ཕྱི་ལོ་ ༡༩༦༣ ལོར་ཧྲན་ཏུང་ལིན་ཞི་རུ་སྐྱེས་ཤིང་། ཧྲན་ཏུང་སློབ་ཆེན་ནས་སྤྱི་ཚོགས་རིང་ལུགས་ཐོག་ཞིབ་འཇུག་ཐོན། དེ་ནས་དོ་དམ་རིག་པའི་ཐོག་འབུམ་རམས་པའི་བསླབ་པ་མཐར་སོན་རྗེས། ཕྱི་ལོ་ ༡༩༨༧ ཙམ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱས་ཏེ། ཕྱི་ལོ ༡༩༩༣ ནས་ལོ་གཅིག་མ་ཟིན་རིང་ཡུན་ནན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས། ཕྱི་ལོ ༡༩༩༥ ནས་ལོ་འགའ་བསྟུད་མར་ཡུན་ནན་ཞིང་ཆེན་ཁུན་མིན་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་དང་། སྤྱི་ཁྱབ་འགན་འཛིན། སྲིད་ཁྲིམས་འགན་འཛིན། དྲིལ་བསྒྲགས་འགན་འཛིན། དེ་བཞིན་ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་མགོ་འཛིན་གཞོན་པ་སོགས་བྱས་མྱོང་ཡོད་པ་རེད་འདུག

 ཕྱི་ལོ་ ༢༠༡༢ ནས་ཧུའུ་པེ་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་སོགས་བྱས། ཕྱི་ལོ་ ༢༠༡༩ ཟླ་ ༡ ནས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དམར་ཤོག་ཚོགས་པའི་རྒྱུན་ལས་དང་སྲིད་ཁྲིམས་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ། ཕྱི་ལོ་ ༢༠༢༠ ཟླ་ ༥ ནས་ལོ་དེའི་ཕྱི་ཟླ་ ༩ པའི་བར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དམར་ཤོག་དྲུང་ཆེ་གཞོན་པ་དང་སྲིད་ཁྲིམས་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་དམར་ཤོག་དྲུང་ཆེ། རྒྱ་ནག་ཡུ་གུར་འཛུགས་སྐྲུན་ལྷན་ཚོགས་ཀྱི་མགོ་འཁྲིད་སོགས་ཡིན་འདུག

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཅེ་ཡིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ནས་ཕྱི་ཟླ་ ༡༠ ཚེས་ ༡༩ བར་དྲུང་ཆེ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་ཁ་བྲལ་གྱི་སིམ་འཛུལ་དང་སྟོབས་ཤུགས་ལ་ཕྱོགས་ཡོངས་ནས་ཡིད་གཟབ་ཆེན་པོའི་ངང་ཁ་བྲལ་བར་ངོ་རྒོལ་བྱེད་པའི་སློབ་གསོའི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱས་ཏེ། ཁ་བྲལ་བར་ངོ་རྒོལ་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་དགོས་སྐོར་དང་། སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་སྟངས་འཛིན་ཡང་དག་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་སྐོར་སོགས་བརྗོད་དེ་དམ་དྲག་དང་བཙན་གནོན་ཤུགས་ཆེན་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese