མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྙིང་ནད་ཚོགས་པས་སྙིང་ནད་སོགས་ལ་རིན་མེད་བརྟག་དཔྱད་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྙིང་ནད་ཚོགས་པས་རྒྱ་གར་ལྷོ་ཕྱོགས་ཀྱི་ལུགས་བསམ་གཞིས་ཆགས་ནང་ཉིན་གྲངས་ ༣ རིང་སྙིང་ནད་གཙོ་བོར་གྱུར་བའི་ཕོ་བ་དང་གཅིན་སྙིའི་ནད་སོགས་ནད་རིགས་འདྲ་མིན་ལ་རིན་མེད་ཐོག་བརྟག་དཔྱད་གནང་གི་ཡོད་པ་མ་ཟད་ནད་མནར་ཅན་ལ་སྨན་བཅོས་ཐད་ལམ་སྟོན་རོགས་རམ་གནང་གི་ཡོད་འདུག

བོད་ཀྱི་སྙིང་ནད་ཚོགས་པས་ལུགས་བསམ་གཞིས་ཆགས་ནང་རིན་མེད་བརྟག་དཔྱད་བྱེད་བཞིན་པ། དུས་བབ་ཀྱི་པར།

དེ་རིང་ནས་ཉིན་གྲངས་གསུམ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ནས་ཕྱི་དྲོའི་ཆུ་ཚོད་ ༤ བར་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ། བོད་ཀྱི་སྙིང་ནད་ཚོགས་པ་ (Tibetan Heart Foundation) དང་མེ་སོར་ (Mysore) དུ་རྟེན་གཞི་བྱས་ཡོད་པའི་ (Columbia Asia Hospital Dr. Agarwal’s Eye Hospital) གཉིས་ཀྱི་མཉམ་སྦྲེལ་ཐོག་རིན་མེད་སྨན་སྒར་ (Free Health Camp) ཞིག་ཆེད་འཛུགས་ཀྱིས། གཅིན་སྙིའི་ནད་དང་མིག་ནད། ཕོ་བའི་ནད། སྙིང་ནད། མཁལ་མ་དང་རུས་པའི་ནད་སོགས་ལ་རིན་མེད་བརྟག་དཔྱད་བྱེད་ཀྱི་འདུག

འདི་གའི་གསར་འགོད་པར་བོད་ཀྱི་སྙིང་ནད་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་སྨན་ཞབས་པ་བསྟན་འཛིན་ཆོས་ཉིད་ལགས་ཀྱིས། རིན་མེད་སྨན་སྒར་ནས་སྙིང་ནད་ཡོད་རིགས་ལ་བརྟག་དཔྱད་བྱེད་མུས་ཡིན་ལ། སྤྱིར་སྙིང་ནད་ཚོགས་པས་སྙིང་ནད་གཅིག་པུ་མིན་པར་ཕོ་བ་དང་། མིག གཅིན་སྙིའི་ནད་སོགས་བརྟག་དཔྱད་བྱེད་མུས་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༥ ཉིན་ནས་བློ་གསལ་གླིང་དང་བྱང་རྩེ་སྨན་ཁང་ནས་བརྟག་དཔྱད་བྱས་པ་བརྒྱུད། མི་གཅིག་ལ་སྙིང་ནད་ཀྱི་གཤག་བཅོས་བྱེད་པར་རོགས་རམ་བྱས་ནས་དྲག་སྐྱེད་བྱུང་ཡོད་པ་དང་། ལྷོ་ཕྱོགས་ཀྱི་ས་གནས་ཁག་གི་སྙིང་ནད་ཅན་རྣམས་ཀྱིས་སྙིང་ནད་ཚོགས་པ་དེར་འབྲེལ་བ་བྱས་ཏེ། སྨན་ཁང་ཆེ་ཁག་ལ་བསྐྱོད་ཚེ། སྨན་ཁང་ཆེ་ཁག་གིས་གཤག་བཅོས་དང་ལྟ་སྐྱོང་སོགས་ཀྱི་ཐད་ནས་མཐུན་འགྱུར་གང་ལེགས་བསྐྲུན་གྱི་ཡོད་སྐོར་དང་། ད་ཐེངས་སྙིང་ནད་ཚོགས་པས་རིན་མེད་བརྟག་དཔྱད་དེར་བདེ་སྐྱིད་སླར་གསོ་དང་། ལུགས་བསམ་གཞིས་ཆགས་ཀྱི་ས་གནས་མགོ་འཛིན། དེ་བཞིན་ས་གནས་བུད་མེད་ལྷན་ཚོགས་དང་། ས་གནས་གཞོན་ནུ་ལྷན་ཚོགས་སོགས་ཀྱིས་རོགས་རམ་གནང་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

རིན་མེད་སྨན་སྒར་གོ་སྒྲིག་དང་རོགས་རམ་གནང་མཁན་རྣམས། དུས་བབ་ཀྱི་པར།

ཁ་སང་ལུགས་བསམ་ས་གནས་མགོ་འཛིན་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་ཀྱིས། མོན་གྷོར་ཡོད་པའི་བོད་ཀྱི་སྙིང་ནད་ཚོགས་པས་མོན་གྷོ་ཡི་ས་གནས་མགོ་འཛིན་དང་དགོན་སྡེ་ཁག སྨན་ཁང་ཐུན་མོང་གིས་ཕྱག་ལས་ཧང་སངས་བ་གནང་འདུག དེ་བཞིན་ས་ཁུལ་དེར་བརྟག་དཔྱད་བྱས་པ་དང་སྨན་སྒར་ (Medical Camp) བཙུགས་ཤིང་། གཤག་བཅོས་བྱེད་དགོས་ཀྱི་ཡོད་ན་གོང་ཁེ་པོའི་ཐོག་ནས་སྐད་ཆ་བཤད་རོགས་བྱེད་པ་དང་སྦྱིན་བདག་འཚོལ་བ། ད་དུང་མོན་གྷོ་ཡི་ས་གནས་སུ་འགོག་ཁབ་ཀྱི་མཐུན་རྐྱེན་སྦྱོར་བ་དང་སྨན་ཁང་ལྷན་དུ་སྐད་ཆ་བཤད་པ་སོགས་ཕྱག་ལས་ཧ་ཅང་ཡག་པོ་གནང་འདུག  ཁ་སང་ང་ཚོའི་ལས་ཁུངས་སུ་བཅར་ཏེ་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་བཅས་ཆ་ཚང་གི་རྒྱབ་སྐྱོར་ཐོག་ནས་ལུགས་བསམ་དང་བདེ་སླར་གཉིས་ཀྱི་ས་གནས་མགོ་འཛིན་གྱི་ལས་ཁུངས་སུ་བཅར་སོང་། ང་ཚོའི་ངོས་ནས་གང་ཐུབ་ཐུབ་རྒྱབ་སྐྱོར་ཞུ་ཡི་ཡིན་ཞུས་ཏེ་གོ་སྒྲིག་སླད་གང་ཐུབ་ཐུབ་ཀྱིས་རོགས་པ་བྱས་ཡོད། ལུགས་བསམ་གྱི་རིན་མེད་སྨན་སྒར་དེས་ཉིན་གསུམ་རིང་བརྟག་དཔྱད་གནང་གི་ཡོད་སྟབས། སྤྱི་མི་རྣམ་པས་སོ་སོའི་གཞིས་གྲོང་ནང་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ནས་ཆ་ཤས་ལེན་ཐུབ་པའི་འབད་བརྩོན་གནང་ན། འཕྲོད་བསྟེན་ཐོག་ལ་ཡག་པོ་ཡོད་པ་དང་ཁེ་ཕན་ཆེན་པོ་ཡོད་རེད་བསམ་གྱི་འདུག ཁྱེད་རང་ཚོས་བརྟག་དཔྱད་བྱས་ཏེ་སོ་སོར་སྨན་བཅོས་བྱེད་དགོས་ཚེ་སོ་སོའི་ངོས་ནས་སྨན་ཁང་ག་པར་འགྲོ་ནའང་འགྲིག་གི་རེད། ཅེས་གསལ་བསྒྲགས་གནང་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས། དཔལ་ལྡན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese