མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་སྟེང་བོད་ཀྱི་ཁོར་ཡུག་སྐོར་གླེང་སློང་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྟེང་། བོད་ནང་གི་ཁོར་ཡུག་གི་གནས་བབ་སྐོར་གྱི་ཡིག་ཆ་བཀྲམ་ཏེ། བོད་ཀྱི་ཁོར་ཡུག་སྐོར་ལ་གླེང་སློང་བྱས་ཡོད་འདུག

ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ཉིན་གྲངས་ ༡༣ རིང་དབྱིན་ཡུལ་གྱི་སི་ཁོ་ཊི་ལན་ཌིའི་གྲོང་ཁྱེར་གྷ་ལ་སི་ཁོ་ (Glasgow) རུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ (COP26) ཞེས་པ་འཚོག་བཞིན་ཡོད་པ་ལྟར། རྒྱལ་སྤྱི་རང་བཞིན་ཅན་གྱི་ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་ ༡༩༠ ལྷག་གི་འཐུས་མིས་མཉམ་ཞུགས་བྱས་ཡོད་ལ།  ཚོགས་ཆེན་དེར་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་ཀྱང་མཉམ་ཞུགས་བྱས་ཏེ། བོད་ཀྱི་འཁྱགས་རོམ་དང་ཁོར་ཡུག དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་རྩ་གཏོར་གཏོང་མུས་ཡིན་པའི་གནས་སྟངས་བཅས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་པ་དང་། དེ་རིང་ཁོར་ཡུག་དོན་གཉེར་བ་དང་། སློབ་མ་སོགས་ཀྱིས་ཁོར་ཡུག་དང་འབྲེལ་བའི་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་ལྟར། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་མི་ཚོས་ཀྱང་མཉམ་ཞུགས་ཀྱིས་ཞི་བའི་ངོ་རྒོལ་བྱ་རྒྱུ་ཡིན་པ་རེད་འདུག

ཚོགས་ཆེན་ལ་མཉམ་ཞུགས་མཁན་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ཚེས་ ༢  ཉིན་ཁོང་ཅག་གིས་གཞུང་འབྲེལ་གྱི་ཚོགས་འདུ་ཁག་ལ་ཞུགས་ཏེ། བོད་དང་ཐད་ཀར་འབྲེལ་འདྲིས་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཆབ་སྲིད་ཀྱི་ཐོག་ནས་བོད་དང་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་ཁག་གི་འཐུས་མིར་མཇལ་འཕྲད་བགྱིས་ཏེ། བོད་ཀྱི་ཁོར་ཡུག་གི་གནས་བབ་སོགས་ཀྱི་སྐོར་ལ་གླེང་སློང་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྦག་བཙོག་བཟོ་མུས་ཡིན་པའི་སྐོར་གྱི་ཡིག་ཆ་སོགས་བཀྲམ་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་སོགས་འཛུགས་སྐྲུན་བྱེད་མུས་ཡིན་སྟབས། བྷང་ལ་དྷེ་ཤི་སོགས་སུ་དཀའ་ངལ་འཕྲད་མུས་ཡིན་པ་ལྟར། ཡར་ལུང་གཙང་པོ་བདག་གཅེས་དང་འབྲེལ་ཏེ། བོད་མི་དང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆགས་པའི་རྒྱལ་ཁབ་ཁག་གི་འཐུས་མི་བར་གླེང་སློང་ཤུགས་ཆེན་བྱུང་། ཞེས་འགྲེལ་བརྗོད་བྱས་བྱུང་།

ཡང་ཁོང་མོས། ད་ཐེངས་ཀྱི་ཚོགས་ཆེན་སྟེང་ཁོང་མོས། བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང་འབྲེལ་ཏེ། བོད་ཀྱི་ཁོར་ཡུག་གི་གནས་བབ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཤིག་གཏོང་མུས་ཡིན་སྟབས། བོད་ནང་དུ་གནམ་གཤིས་འགྱུར་ལྡོག་འགྲོ་བ་སོགས་ཀྱི་གནད་དོན་དེ་དག་ལ། རྒྱལ་སྤྱིའི་ཁོར་ཡུག་ཚན་པ་སོགས་ཀྱིས། བོད་ནང་གི་ཁོར་ཡུག་གི་གནད་དོན་ཐད་གླེང་སློང་བྱ་དགོས་སྐོར་ལ་གཏམ་བཤད་བྱས་ཡོད་པ་དང་། ཚོགས་འདུ་དེར་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པ་ལྟར། ཁོང་ཚོས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ ( Leonardo DiCaprio ) སོགས་སུ་ཐུག་འཕྲད་ཀྱིས། བོད་ནང་གི་ཁོར་ཡུག་གི་གནས་བབ་སྐོར་གྱི་ཡིག་ཆ་དང་བོད་དོན་གླེང་སློང་བྱས་ཡོད་སྐོར་བརྗོད་བྱུང་།

རྒྱལ་སྤྱི་རང་བཞིན་ཅན་གྱི་ཚོགས་ཆེན་དེར་རྒྱལ་ཁབ་ཁག་གི་འཐུས་མི་དང་། རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་སོགས་ཚང་འཛོམས་ཀྱིས། འཛམ་གླིང་གི་ཁོར་ཡུག་གི་གནས་བབ་དང་། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་ལ་གླེང་སློང་བྱེད་ཀྱི་ཡོད་པ་རེད།  རྒྱ་ནག་དང་ཨུ་རུ་སུ་ཡིས་འཛམ་གླིང་ནང་ནག་རྫས་མང་པོ་ཞིག་བཟོ་སྐྲུན་དང་ཕྱིར་འདོན་བྱེད་ཀྱི་ཡོད་ཀྱང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ COP26 ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ ( Xi Jinping) དང་ཨུ་རུ་སུའི་སྲིད་འཛིན་པུ་ཊྲིན་ ( Vladimir Putin) གཉིས་མཉམ་ཞུགས་བྱས་མེད་པའི་ཁར། རྒྱལ་ཁབ་ཀྱི་འཐུས་མི་ཡང་མངགས་གཏོང་བྱས་མེད་སྟབས།  ཨ་རི་སྲིད་འཛིན་བྷའེ་ཌན་གྱིས་ཞི་ཅིན་ཕིན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊྲིན་གཉིས་ལ་སྐྱོན་བརྗོད་ནན་མོ་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese