མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་རིམས་ནད་ཀྱི་གནས་སྟངས་ཇེ་ལེགས་སུ་འགྲོ་ཡི་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་རིང་བོད་མི་ ༣༣ ཙམ་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་ཀྱང་། བོད་མི་གཅིག་ཀྱང་རྐྱེན་འདས་སུ་ཕྱིན་མེད་པ་རེད་འདུག

ཁ་སང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསར་བསྒྲགས་ཐེངས་ ༨༤ སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་ ༩ དང་བལ་ཡུལ་གྱི་ས་གནས་གྲངས་ ༡ ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༦༠ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༡༤༥ བཅས་ཁྱོན་བསྡོམས་ཟུར་བཀག་ཏུ་སྡོད་མཁན་མི་གྲངས་ ༢༠༥  ཡོད་པ་དང་། རྒྱ་གར་ནང་བོད་མི་ ༣༣ ཙམ་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་རེད་པ་འདུག

གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས། བོད་མི་རྣམས་ཀྱིས་སོ་སོ་དང་། ནང་མི། སྤྱི་ཚོགས་སོགས་ཀྱི་བདེ་འཇགས་དང་ཁེ་ཕན་གྱི་སླད་དུ། ཁ་རས་གྱོན་པ་དང་། སྤྱི་ཚོགས་རྒྱང་སྐྱེད་སོགས་བྱས་ཏེ་ནད་ཡམས་ལ་སྔོན་འགོག་བྱ་དགོས་པ་དང་། སྤྱོད་ལམ་དང་ཟས་རིགས་བརྟེན་ཚུལ་གྱི་དབང་གིས་ནད་རིགས་མང་པོ་ཞིག་བྱུང་གི་ཡོད་སྟབས། ཀུན་སྤྱོད་ལེགས་པོ་དང་དམིགས་བསལ་ཟས་རིགས་ལེགས་པོར་རོལ་དགོས་པ། དེ་བཞིན་འཕྲོད་བསྟེན་གྱི་སླད་དུ་དུས་ཐོག་གཉིད་ཉལ་དགོས་པ་དང་། ལུས་ཕུང་སོགས་དུས་ཐོག་ཏུ་གཙང་བཀྲུ་བྱས་ནས་རིམས་ནད་ལ་དོགས་ཟོན་དགོས་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་།

ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། རྒྱ་གར་ནང་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཇེ་ལེགས་སུ་འགྲོ་མུས་ཡིན་ཡང་། ང་ཚོས་ནད་ཡམས་རྩ་མེད་དུ་བཏང་ཐུབ་མེད་པའི་ཁར། ཉེ་ལམ་ཨུ་རུ་སུ་སོགས་ནས་ནད་ཡམས་ཁྱབ་གདལ་ཤུགས་ཆེན་ཕྱིན་ཏེ། འགོག་ཁབ་མ་བརྒྱབ་པའི་མི་མང་པོ་ཞིག་རྐྱེན་འདས་སུ་འགྲོ་མུས་ཡིན་སྟབས། བོད་མིའི་ཁྲོད་དུ་སྔོན་འགོག་སྨན་ཁབ་མ་བརྒྱབ་པའི་རིགས་ཀྱིས། གང་མགྱོགས་སྔོན་འགོག་སྨན་ཁབ་བརྒྱག་རྒྱུ་གཙོ་བོ་ཡིན་པ་དང་། རིམས་ནད་ཀྱི་སྔོན་འགོག་གཞིར་བཟུང་ནས། རང་ཉིད་ཀྱི་སྡོད་གནས་སོགས་སུ་མཁའ་རླུང་གཙང་མའི་ཁོར་ཡུག་དགོས་གལ་ཆེ་བ་དང་། བོད་མི་མང་པོ་ཞིག་དགུན་ཚོང་ལ་སྐྱོད་མུས་ཡིན་པས། དགུན་ཚོང་ལ་སྐྱོད་མཁན་བོད་མི་ཚོས་ནད་ཡམས་སོགས་ལ་དོགས་ཟོན་བྱས་ཏེ། གལ་ཏེ་ནད་རྟགས་སོགས་ཐོན་ཚེ། གང་མགྱོགས་སྨན་ཁང་ལ་བརྟེན་གཏུགས་བྱ་དགོས་སྐོར་གྱི་ལམ་སྟོན་སོགས་གནང་བྱུང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་  ༦༧༦༩ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༥༧༩ དང་། རྐྱེན་འདས་སུ་ཕྱིན་པ་༡༥༥ ། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་  ༣༥ ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་  ༤༤༥༣༤  དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༦༧༧༢ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་  ༦༩༨༠ ཡོད་འདུག དང་པོ་བརྒྱབ་ཟིན་པའི་མི་གྲངས ༤༨ ཙམ་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

ཆུ་ཚོད་ ༤ སྔོན་ལ།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

༢༠༢༥/༠༦/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

༢༠༢༥/༠༦/༢༣
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese