མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་རྣམ་པའི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ང་དགུ་ལོ་ནས་བོད་མིའི་མི་འབོར་ས་ཡ་དྲུག་ཡིན་པ་དང་ད་ལྟའང་དེ་ག་རང་ཡིན་པས། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་བོད་ནང་གི་བོད་མིའི་མི་འབོར་འཚོལ་ཞིབ་དང་ལོ་རྗེས་མ་ནས་བཙན་བྱོལ་བོད་མིའི་མི་འབོར་གྱི་གྲངས་ཚད་བསྡུ་ལེན་གནང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༩ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ ༡༤ པ་དབུ་འཛུགས་ཞུས་སོང་བ་དང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་པའི་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་གྲངས་ ༤༤ ཡོད་པ་ལས་ས་གནས་མགོ་འཛིན་དང་འཐུས་ཚབ་གྲངས་ ༤༣ གྱིས་མཉམ་ཞུགས་དང་། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དང་ཟུང་དྲུང་། དེ་བཞིན།་སྲི་ཞུའི་ལས་བྱེད་དང་གསར་འགོད་པ་བཅས་འཛོམས་ཡོད་པ་རེད།

སྐབས་དེར་ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ཀྱིས། ཚོགས་ཆེན་དབུ་འཛུགས་ཀྱི་གསུང་སྐབས། སྤྱིར་བཏང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་རྣམ་པའི་འཛིན་སྐྱོང་གི་ཚོགས་ཆེན་དེ་བཞིན། ལོ་རེའི་མཚམས་སུ་འཚོགས་གཏན་འཁེལ་ཡོད་པ་ལྟར་ཚོགས་པ་ཞིག་ཡིན་པ་དང་། ས་གནས་མགོ་འཛིན་རྣམ་པའི་ཚོགས་ཆེན་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་དང་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཆེ་བས། ལོ་གཅིག་ཀྱང་ཆད་ལྷག་མེད་པར་ཚོགས་ཆེན་བསྡུ་སྐོང་བྱས་ཤིང་། འདས་ལོར་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གི་དཀའ་ངལ་འཕྲད་ཀྱང་དྲ་ལམ་བརྒྱུད་ནས་ཚོགས་ཆེན་ཚོགས་ཡོད་པའི་རྒྱབ་ལྗོངས་སོགས་ངོ་སྤྲོད་དང་སྦྲགས། ད་རེས་ཀྱི་ཚོགས་ཆེན་ལ་གྲུབ་འབྲས་གཡུར་དུ་སྨིན་པའི་སྨོན་ལམ་བཅས་ཞུས་གནང་སོང་།

The 14th Administrative Conference of the Tibetan Settlement Officers. Photo. Tibet.netFB

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ས་གནས་མགོ་འཛིན་རྣམ་པ་ནི་ནང་སྲིད་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ཚང་མའི་ཚབ་བྱས་ཏེ། ཉིན་རེར་མི་མང་དང་འབྲེལ་འདྲིས་ཀྱིས་དཀའ་ངལ་སེལ་བའི་ཕྱག་ལས་གནང་དགོས་ཡོད་དུས་ལས་སླ་པོ་མེད་ལ། ལས་ཀ་ཁག་པོ་རེད། འོན་ཀྱང་། ཁྱེད་རྣམ་པ་སོ་སོ་རང་ཉིད་ཀྱིས་དང་དུ་བླངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པར་ཞུགས་པ་དང་། ད་སྔ་བར་རང་ཉིད་ཀྱི་ཤེས་འཇོན་གཉིས་ལ་དཔག་པའི་མི་མང་གི་དཀལ་ངལ་སེལ་སླད་སྐུ་ལས་མང་པོ་བསྐྱོན་ཡོད་པ་དང་ད་དུང་ཡང་ཕྱག་ལས་གནང་རྒྱུ་མང་པོ་ལྷག་བསྡད་ཡོད་ཅེས་དང་། ད་རེས་ཀྱི་ཚོགས་ཆེན་ནི་བཀའ་ཤག་སྐབས་བཅུ་དྲུག་པའི་ས་གནས་མགོ་འཛིན་རྣམ་པ་དང་ལྷན་དུ་ཚོགས་འདུ་ཐོག་མ་ཆགས་ཀྱི་ཡོད་སྟབས། རྒྱ་གར་ནང་གི་གཞིས་ཆགས་ཁག་ཏུ་སྲིད་སྐྱོང་གཙོས་པའི་འབྲེལ་ཡོད་བཀའ་བློན་རྣམ་པ་སྔ་ཕྱི་བསླེབས་ཐུབ་པ་དང་། བལ་ཡུལ་དང་འབྲུག་ནང་འགྲོ་རྒྱུ་ཁག་པོ་ཡིན་སྟབས། ད་རེས་ཚོགས་ཆེན་གྱི་སྔ་དགོང་གང་རུང་ཞིག་ནས་དུས་ཚོད་བཏོན་ཏེ། བལ་ཡུལ་དང་འབྲུག་གི་ས་གནས་མགོ་འཛིན་གཉིས་ལ་ཟུར་དུ་ཐུག་འཕྲད་ཀྱིས་བཀའ་མོལ་གནང་རྒྱུ་ཡིན་སྐོར་དང་། གཞན་ཡང་ས་གནས་ཀྱི་དཀའ་ངལ་བྱེ་བྲག་པ་དེ་ལོ་ཁོར་མོ་ཡུག་གི་ལས་དོན་ཞིག་ཆགས་ཀྱི་ཡོད་སྟབས། ད་རེས་ཚོགས་ཆེན་སྟེང་ས་གནས་རེ་རེའི་དཀའ་ངལ་གྱི་སྐོར་ཞུ་མ་དགོས་པར་གནང་རྒྱུ་དང་། ད་རེས་གཙོ་བོ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་ཚགས་ཚུད་ཡོང་སླད་དབུས་ས་གཉིས་ཀྱི་འགྲོ་ལུགས་འགྲོ་སྟངས་ཡག་པོ་ཞིག་བཟོ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ད་རེས་ཚོགས་ཆེན་སྟེང་མི་མང་ལ་དངོས་སུ་ཐུགས་ཕན་གསོ་བ་དང་དགོས་མཁོ་སྒྲུབ་ཐུབ་པའི་འཆར་གཞི་སྒྲིག་དགོས་པ་དང་། ལྷག་པར་དུ་ནང་སྲིད་དང་ས་གནས་མགོ་འཛིན་རྣམ་པས་ཉམ་ཐག་དང་ནད་བཅོང་། རྒས་འཁོགས་སོགས་ལ་ལྟ་སྐྱོང་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་ཉམ་ཐག་གི་ཐོའི་ནང་མ་ཚུད་པ་རྣམས་ཚུད་པར་བྱ་དགོས་པ་དང་། ཉམ་ཐག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་ཡི་མེད་པ་དེས་ཉམ་ཐག་གི་ལས་དོན་ག་འདྲ་འགྲོ་ཡི་ཡོད་མེད་ཀྱི་དོགས་གཞི་ཆགས་ཡོད་པས། ནད་པ་དང་ཉམ་ཐག་ཁག་ཅིག་ལ་ཉམ་ཐག་ལས་ལྷག་གི་རོགས་པ་བྱ་དགོས་སྐོར། དེང་སང་བོད་པའི་སྤྱི་ཚོགས་ནང་སྔར་མེད་པའི་ནད་གཞི་མང་པོ་ཡོང་གི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དང་མི་སྒེར་གཉིས་ནས་སྔོན་འགོག་སློབ་གྲྭ་དང་ཏོག་དབྱིབས་སྨན་གཅོས་ལྟ་སྐྱོང་། སྨན་ཁང་སོགས་བཙུགས་ཏེ། མི་མང་པོ་ཞིག་དེའི་ནང་ཚུད་ཀྱི་ཡོད་ཀྱང་། ད་དུང་ཡང་དེ་དག་གི་ནང་མ་ཚུད་པ་དང་བོད་མིའི་སྒྲིག་འཛུགས་ངོས་ནས་མཐུན་སྦྱོར་ཚད་ལྡན་སྦྱོར་མ་ཐུབ་པའི་གནས་སྟངས་དག་ཚད་དང་ལྡན་པ་བཟོས་ཏེ། ཉམ་ཐག་དང་དབང་པོ་སྐྱོན་ཅན་གྱི་གྲངས་ཐོ་ཚད་དང་ལྡན་པ་དགོས་སྐོར། རང་བཙན་ལྡན་པའི་རྒྱལ་ཁབ་གང་ཞིག་ཡིན་རུང་ལོ་བཅུ་རེའི་མཚམས་སུ་རང་གི་མི་འབོར་ཞིབ་བཤེར་བྱས་ཏེ་མི་འབོར་གྱི་གྲངས་ཚད་ཏག་ཏག་ཡོད་པ་དང་། ང་ཚོ་བོད་མི་སྐྱབས་བཅོལ་དུ་འབྱོར་ནས་ལོ་ངོ་དྲུག་ཅུ་འཁོར་བསྡད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་པའི་མི་འབོར་ས་ཡ་དྲུག་དང་ཕྱི་ལོ་ ༢༠༢༡ ལོར་ས་ཡ་དྲུག་བྱས་ནས་བསྡད་ཡོད་པར་བརྟེན། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་བརྒྱུད་བོད་ནང་གི་བོད་མིའི་མི་འབོར་གྱི་གྲངས་ཚད་ལེན་ཐབས་བྱེད་ཀྱི་ཡོད་པ་དང་ལོ་རྗེས་མའི་ནང་བཙན་བྱོལ་ནང་གི་མི་འབོར་གྱི་གྲངས་ཚད་ལེན་རྒྱུ་ཡིན་སྟབས། ས་གནས་མགོ་འཛིན་ཚང་མས་བོད་མི་གཅིག་ཀྱང་མ་ལུས་པར་གྲངས་ཐོ་བསྡུ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

The 14th Administrative Conference of the Tibetan Settlement Officers. Photo. Tibet.netFB

ད་རེས་བཙན་བྱོལ་བོད་མིའི་ས་གནས་གཞིས་མགོ་ཁག་གི་འཛིན་སྐྱོང་ཚོགས་ཆེན་དེ་རིང་ནས་ཚེས་ ༡༡ བར་ཉིན་གསུམ་རིང་འཚོག་གི་ཡོད་ཅིང་། ཚོགས་ཆེན་སྟེང་གྲོས་གཞི་ ༡༢ ཡོད་པ་དག་ནི། ས་གནས་མགོ་འཛིན་རྣམ་པས་བོད་མིའི་སྒྲིག་འཛུགས་དང་ཁྱབ་ཁོངས་མི་མང་ལ་འགན་ཁུར་དང་ལན་འདེབས་གནང་ཕྱོགས་དང་། འབྲེལ་ཡོད་མངའ་སྡེ་གཞུང་མང་གཉིས་ལ་འབྲེལ་ལམ་དམ་ཟབ་འཇོག་ཕྱོགས། ས་གནས་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་དང་མི་འབོར་སྐྱེས་འདས་སོགས་ཀྱི་གྲངས་ཚད་ཉར་ཚགས་སྐོར། ས་ཁང་བདག་འཛིན་དང་འབྲེལ་བའི་དཀལ་ངལ་དང་སྒྲིག་གཞི་བསྐྱར་བཅོས་སྐོར། གཞིས་ཆགས་སྲ་བརྟན་དང་ས་གནས་མགོ་འཛིན་གྱི་ལས་ཁུངས་ཁག་རང་ཁ་རང་གསོ་ཐུབ་ཐབས་སོགས་ཀྱི་ལས་གཞི་གསར་རྩོམ་སྐོར།བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་ཇུས་དང་འབྲེལ་བའི་དཀའ་ངལ་སེལ་ཐབས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་དྲ་ཐོག་འཛིན་སྐྱོང་(e-governance)གནང་ཕྱོགས་དང་འབྲེལ་དགོངས་ཚུལ་དང་དབུས་སའི་ལས་ཁུངས་ཁག་གི་ཡིག་ཆ་ཚད་ལྡན་དུ་ཉར་ཚགས་བྱེད་ཕྱོགས། ས་གནས་ལས་བྱེད་ཀྱི་སྒྲིག་གཞིའི་དཀའ་ངལ་སེལ་ཐབས། བོད་མི་སུད་ཚོང་བ་རྣམས་ལ་དགུན་ཚོང་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་དང་གཞིས་ཆགས་ཁག་ཏུ་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་རྩོམ་དགོས་པའི་རིགས། གཞིས་ཆགས་ཁག་གཞུང་སྒེར་གཉིས་ཀྱི་རྒས་གསོ་ཁང་དང་སེམས་ནད་བཅོས་ཁང་ཇི་ཡོད་ལ་ནང་སྲིད་ནས་གཅིག་མཚུངས་ཀྱི་གཟིགས་རྟོག་གནང་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ས་མིག་གཏོད་ཕྱོགས་དང་ལས་བྱེད་སྒྲིག་བཀོད་གནང་ཕྱོགས། གཞིས་ཆགས་ཀྱི་ས་ཁང་སྟོང་པའི་གྲངས་ཐོ་བསྡུ་འགོད་ཀྱིས་སྡོད་ཁང་མེད་པའི་མི་རྣམས་ལ་གཞིས་ཆགས་ཀྱི་ས་ཁང་སྟོང་པ་སྤྲོད་རྒྱུ་དང་བགོ་འགྲེམས་གནང་ཕྱོགས་བཅས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 1

  1. དཔའ་རྒོད says:
    ལོ་ 4 སྔོན།

    ས་གནས་ན་དཀའ་ངལ་ཆུང་བ་དག་ཞི་བ་དང་ཆེ་བ་དག་མེད་པར་གྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese