མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་དྲུག་པའི་བཀའ་བློན་གསུམ་ནས་ལས་འཁུར་དམ་བཅའ་ཕུལ་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་འོག ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་དུ་སྐབས་བཅུ་དྲུག་པའི་བུད་མེད་བཀའ་བློན་གསུམ་ནས་ལས་འཁུར་དང་གསང་རྒྱའི་དམ་བཅའ་ཕུལ་གནང་སོང་།

Oath-taking Ceremony of the Kalon-elect of 16th Kashag from the Chief Justice Commissioner of Tibetan Supreme Justice Commission on Wednesday, November 10, 2021. Photo. Tibettimes

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༡༥ ཙམ་གྱི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་ལྔ་པའི་དགོངས་དོན་འོག ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་དུ་འདེམས་ཐོན་བཀའ་བློན་རྣམ་པའི་ལས་འཁུར་དམ་འབུལ་དང་། གསང་རྒྱའི་དམ་འབུལ་གྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྟེང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས་དབུས་གཙང་དང་མདོ་སྨད་ཆོལ་ཁའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཁག དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་ས་གནས་མགོ་འཛིན་རྣམ་པ་དང་སྲི་ཞུའི་ལས་བྱེད་དང་གསར་འགོད་པ་བཅས་འཛོམས་འདུག

སྐབས་དེར་གསར་འགོད་པས་སྐབས་བཅུ་དྲུག་པའི་བུད་མེད་བཀའ་བློན་གསུམ་གྱི་དམ་འབུལ་དང་འབྲེལ་མྱོང་ཚོར་ཅི་བྱུང་སྐོར་བཀའ་འདྲི་ཞུས་སྐབས། ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས། ཞབས་ཞུ་སྒྲུབ་རྒྱུ་གོ་སྐབས་བྱུང་བར་དགའ་པོ་ཞེ་དྲགས་བྱུང་། ང་རང་ལ་ཆ་མཚོན་ན་མི་ཚེའི་མཐའ་མཇུག་ཏུ། དྷ་རམ་ས་ལར་༧གོང་ས་མཆོག་གི་བཀའ་བཞིན་རང་ནུས་གང་ཐུབ་ཀྱིས་ཞབས་ཞུ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

ནོར་འཛིན་སྒྲོལ་མ་ལགས་ཀྱིས། བོད་ཀྱི་ལོ་རྒྱུས་ཀྱི་ཉག་འཕྲེང་བའི་དུས་སྐབས་འདི་འདྲ་ཞིག་ལ། དེ་རིང་ང་རང་བཀའ་བློན་དུ་བདམས་པར་ཡི་རངས་དང་འགན་ཆེན་པོ་ཞིག་ཡོད་པའི་མྱོང་ཚོར་ཤུགས་ཆེན་པོ་བྱུང་ལ། གལ་ཆེ་བ་དེ་ང་ཚོས་བོད་ནང་གི་བོད་མི་ཚོའི་གནས་སྟངས་ཐད་ཤུགས་རྒྱག་རྒྱུ་དང་དོ་སྣང་མང་ཙམ་སྤྲད་དེ། ང་ཚོ་བཙན་བྱོལ་དུ་གྱར་དགོས་པའི་དགོས་པ་དང་དམིགས་ཡུལ་བརྗེད་རྒྱུ་མི་འདུག་བསམ་ཡོད། ཅེས་གསུངས་བྱུང་།

བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས། གཙོ་བོ་རང་ཉིད་ཀྱི་བསོད་ནམས་དང་ལས་དབང་ཡིན་པས། ད་རེས་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནང་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་ཤིག་རག་པ་རེད། ང་ཚོའི་བཙན་བྱོལ་ནང་ལས་ཀ་ག་འདྲ་ཞིག་བྱས་པ་ཡིན་ན། འགྲིག་པ་དང་མ་འགྲིག་པ་མང་པོ་ཞིག་ཡོང་བསྡད་པ་རེད། སྔར་བྱུང་བ་དང་ད་ལྟ་ཡོད་པ། མ་འོངས་པར་འབྱུང་སྲིད་པ་རེད། འོན་ཀྱང་། གནས་སྟངས་ག་འདྲ་ཞིག་བྱུང་བ་ཡིན་ནའང་། དང་པོ་རང་ཉིད་བོད་པ་ཞིག་ཡིན་པའི་རྒྱལ་ཞེན་གཙོ་བོར་བཟུང་བའི་ཐོག་ནས་ལས་དོན་བྱ་དགོས་པ་དང་། ང་རང་ཚོ་གཅིག་གིས་གཅིག་ལ་མགོ་སྐོར་དང་འཁྲབ་བསྡད་ན་ཆོ་ཡོད་པ་མ་རེད། དྲང་བདེན་གྱི་ཐོག་ནས་འགྲོ་ཐུབ་པ་གནང་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད་འདུག དེ་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཆོལ་གསུམ་དགའ་ན་དགའ་གཅིག་དང་སྡུག་ན་སྡུག་གཅིག་ཅེས་བཀའ་གནང་བ་རེད། ངས་དུས་རྒྱུན་དུ་བོད་ཆོལ་གསུམ་དགའ་གཅིག་སྡུག་གཅིག་ཡིན་བསམ་པ་དེའི་ཐོག་ནས། དགྲ་དང་གཉེན་མ་ནོར་བར་ང་ཚོ་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་གནས་བབ་དང་བདེ་སྐྱིད་ཡོང་བྱེད་དེ་ཡིན་བསམ་ཡོད། ང་རང་ཚོ་ནང་ཁུལ་གྱི་གནད་དོན་དེ་ཚོ་ཆུང་ས་ལ་བརྩི་ཐུབ་ན་ཡག་པ་རེད་བསམ་གྱི་ཡོད། ཅེས་གསུངས་བྱུང་།

Oath-taking Ceremony of the Kalon-elect of 16th Kashag from the Chief Justice Commissioner of Tibetan Supreme Justice Commission on Wednesday, November 10, 2021.

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་རི་སྒྲོལ་མ་མཆོག་ནི་བདེ་སྲུང་བཀའ་བློན་ཡིན་པ་དང་། ལྕང་ར་ཐར་ལམ་སྒྲོལ་མ་ཤེས་རིག་བཀའ་བློན་དང་ནོར་འཛིན་སྒྲོལ་མ་མཆོག་ཕྱི་དྲིལ་བཀའ་བློན་ཡིན་འདུག བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་ལྔ་པའི་ནང་། འདེམས་ཐོན་སྲིང་སྐྱོང་དང་། བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས། ཅེས་བཀོད་ཡོད་པ་རེད།

བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནི་ཕྱི་ལོ་ ༡༩༦༤ ཟླ་ ༥ ཚེས་ ༢༥ ཉིན་རྡོ་རྗེ་གླིང་དུ་སྐྱེས་ཤིང་ཆུང་འབྲིང་སློབ་གྲྭ་ཐོན་ཏེ། ཕྱི་ལོ་ ༡༩༨༨ ལོར་ལྡི་ལི་གཙུག་ལག་སློབ་ཆེན་ནས་ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་མཐར་སོན། ཕྱི་ལོ་ ༡༩༨༦ ནས་ ༡༩༩༡ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་དང་། ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་གནང་མྱོང་། ཕྱི་ལོ་ ༡༩༩༡ ནས་བཟུང་སྐབས་ ༡༡ དང་། ༡༢། ༡༣། ༡༤ བཅས་སོ་སོར་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་མ་ཟད། སྐབས་གཉིས་བསྟུད་མར་ཚོགས་གཞོན་གྱི་འགན་འཁུར་བླངས། ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བཀའ་ཤག་སྐབས་ ༡༤ པའི་ནང་སྲིད་བཀའ་བློན་གྱི་འགན་འཁུར་བླངས་བ་དང་། ཕྱི་ལོ་ ༢༠༡༡ དང་ ༢༠༡༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་འོས་མིའི་ཁོངས་སུ་བཞེངས་ཡོད་པ་རེད།

བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནི་ཕྱི་ལོ་༡༩༧༥ ཟླ་ ༡༡ ཚེས་ ༢༨ ཉིན་ཀོ་ལི་གྷལ་དུ་སྐྱེས་པ་དང་། ༡༩༩༣ ལོར་གཞི་རིམ་གྱི་སློབ་གྭ་ཁག་ལས་སློབ་མཐར་ཕྱིན་ཏེ། ཕྱི་ལོ་ ༡༩༩༦ ལོར་དབྱིན་ཡིག་དང་། རྩོམ་རིག ལོ་རྒྱུས་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་བླངས། ༡༩༩༨ ལོར་དབྱིན་ཡིག་རྩོམ་རིག་གི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་བླངས། ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་ཨ་རིའི་བོད་མིའི་སློབ་ཡོན་ལས་འཆར་འོག་སྦོ་སི་ཊོན་ཊ་ཕི་སི་སློབ་གྲྭ་ཆེན་མོ་དང་། ཧར་ཝཌ་སློབ་གྲྭ་ཆེན་མོ་མཉམ་འགྲིམས་ཀྱིས་རྒྱལ་སྤྱིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་ཞི་མོལ་དང་འདུམ་འགྲིག་ཐོག་ཆེད་ལས་ཁྲིམས་དང་རྒྱལ་འབྲེལ་རིག་པའི་གཙུག་ལག་རབ་འབྱམས་པ་ (MALD) ཐོན། ཕྱི་ལོ་ ༢༠༠༠ ནས་ ༢༠༠༦ བར་དྷ་ས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་། ལས་འཆར་འགན་འཛིན་སོགས་ཀྱི་ལས་འཁུར་བླངས་པ་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༡ བར་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་གནང་། ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་ཨ་རི་བོད་ཀྱི་ཐེབས་རྩར་དཔལ་འབྱོར་འདུ་འགོད་དང་རོགས་སྐྱོར་ལས་འཆར་གྱི་འགན་འཛིན་གྱི་ཕྱག་ལས་གནང་།

བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནི་ཕྱི་ལོ་ ༡༩༥༡ ཟླ་༩ ཚེས་ ༡ ལོར་བཀྲིས་རབ་བརྟན་དུ་སྐྱེས་ཤིང་སློབ་གྲྭ་ཆུང་འབྲིང་ཐོན་རྗེས། མའེ་སོར་གྱི་ (Teresian College) ཞེས་པའི་བུ་མོའི་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། མའེ་སོར་གཙུག་སློབ་གྲྭ་ཆེན་མོ་ནས་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་དང་། མའེ་སོར་སེན་ཊི་ཇོ་སེབ་མཐོ་སློབ་གནས་དགེ་རྒན་འོས་སྦྱོང་ཐོན། དེའི་རྗེས་ལོ་ངོ་ ༣༧ རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་དགེ་རྒན་དང་སློབ་སྤྱིའི་ཞབས་ཞུ་བསྒྲུབས། ཁོང་གིས་སྦེལ་ཀོབ་བུད་མེད་ཚོགས་པའི་རྒྱན་ལས་དང་། ༢༠༠༣ ལོར་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་གཟེངས་བསྟོད་གྲངས་ཅན་ ( National Award for teachers ) ཞེས་པ་ཞིག་རྒྱ་གར་གྱི་སྲིད་འཛིན་མཁས་དབང་ཀཱ་ལམ་གྱི་ཕྱག་ནས་ཐོབ། ཕྱི་ལོ་ ༢༠༡༡ ནས་བཟུང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་གནང་མུས་ཡིན།

གསར་འགོད་པ། དཔལ་ལྡན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

ཆུ་ཚོད་ ༦ སྔོན་ལ།
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

ཆུ་ཚོད་ ༧ སྔོན་ལ།
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ཉག་རོང་ཁུལ་དུ་ས་ཡོམ་ཚད་རིམ་ ༥།༥ ཅན་ཞིག་བྱུང་།

ཆུ་ཚོད་ ༩ སྔོན་ལ།
མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག འབྲེལ་ཡོད་ནས་པར་འདི་གར་མཁོ་སྤྲོད་གནང་།
Mobile App

རྒྱལ་ཚོགས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་ཁ་གསལ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

ཆུ་ཚོད་ ༡༥ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese