མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐོག་མ་དེ་ཚོགས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མི་ཡོངས་ཚང་འཛོམས་ཐོག་མ་འོངས་པའི་ལས་དོན་སྒྲུབ་ཕྱོགས་ཐོག་གོ་བསྡུར་དང་གྲ་སྒྲིག་གནང་གི་འདུག

དེ་རིང་ཕྱི་ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་བཞུགས་སྒར་ཉེ་འདབས་ཀྱི་ནོར་གླིང་གི་རྒྱ་གར་གྱི་(imperial heights)གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚབ་ཏུ་བཙུགས་གནང་བའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། ད་རེས་ཀྱི་བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་བརྗོད་གཞི་གཙོ་བོ་ནི། ཚོགས་ཆུང་གི་མ་འོངས་པའི་ལས་དོན་དང་གྲ་སྒྲིག་ཞུ་ཕྱོགས་སོགས་ཀྱི་སྐོར་ཡིན་ཞིང་། ཚོགས་འདུའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཀྱིས། ཐབས་ཇུས་ཚོགས་ཆུང་གི་སློབ་སྟོན་པ་གསུམ་སྟེ། བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་དང་། ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། སྲིད་ཇུས་ཉམས་ཞིབ་ཁང་གི་དྲུང་ཆེ་ཟླ་བ་ཚེ་རིང་ལགས། བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་འབྲེལ་ཡོད་དགའ་ལྡན་ཕོ་བྲང་གི་རྒྱ་ཡིག་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་བཅས་ཀྱིས་མཉམ་ཞུགས་གནང་གི་ཡོད་པ་རེད།

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ། ད་ལན་གྱི་ཚོགས་འདུ་དང་འབྲེལ་བའི་བཀའ་འདྲི་ཞུས་སྐབས། ད་རེས་ཀྱི་ཚོགས་འདུ་དེ་ནི་སྲིད་སྐྱོང་མཆོག་དང་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མི་བཞི་ཡོད་པའི་ཁར་སློབ་སྟོན་པ་གསུམ་འདུས་པའི་ཚོགས་འདུ་ཞིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཐབས་ཇུས་འཆར་འགོད་དང་བོད་རྒྱ་འབྲེལ་མོལ་གྱི་ནང་དོན་ཁག་ཕྱི་བསྒྲགས་བྱེད་ཀྱི་མེད་སྟབས། ད་ལྟ་ཁོང་ལ་དམིགས་བསལ་གང་ཡང་ཞུ་རྒྱུ་མེད་པའི་ལན་འདེབས་གནང་བྱུང་ལ། ད་རེས་ནི་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མི་ཡོངས་མཉམ་འདུས་ཀྱི་ཚོགས་ཐེངས་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་ཉིན་གསུམ་རིང་ཚོགས་ཞུགས་གནང་གི་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༡༣ ཉིན་སྐབས་བཅུ་དྲུག་པའི་བཀའ་ཤག་གིས། དེ་སྔའི་ཚོགས་མི་ ༡༦ ལས་གྲུབ་པའི་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་དེ་ཉིད་ཕྱིར་བསྡུ་གནང་སྟེ། ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་བཞིའི་མཐོ་རིམ་ལས་བྱེད་ལས་གྲུབ་པའི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གསར་འཛུགས་གནང་བ་ལྟར། ད་ལན་གྱི་བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་འཆར་འགོད་ཚོགས་ཆུང་འདི་གྲུབ་པ་ཡིན་ཞིང་། ཚོགས་ཆུང་འདིས་རྣམ་ཀུན་བོད་དོན་དང་འབྲེལ་བའི་གནས་ཚུལ་ལ་དབྱེ་ཞིབ་བགྱིས་ཏེ་སྲིད་སྐྱོང་མཆོག་ལ་སྙན་གསན་ཞུ་དགོས་པ་དང་། གཏན་འཇགས་ཚོགས་མིའི་ཐོག་དུས་རྒྱུན་ཕྱག་ལས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་དང་སློབ་སྟོན་པ་གསུམ་བཅས་བསྐོ་གཞག་གནང་ཡོད་པ་རེད།

བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་ཆུང་དེ་ཉིད་ཐོག་མར་ཕྱི་ལོ་ ༡༩༩༨ ལོར་བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་ཞི་བའི་ལམ་ནས་སེལ་ཐབས་སུ་དམིགས་ཏེ་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་།  ཕྱི་ལོ་ ༡༩༩༩ ལོར་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་ཡོད་པ་དང་། ཚོགས་འདུ་མཐའ་མ་དེ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ པའི་ནང་བཞུགས་སྒར་དྷ་སར་སྐོང་ཚོགས་གནང་ཡོད་པ་རེད།   ཕྱི་ལོ་ ༢༠༡༠ ལོ་བར་དུ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་གི་དཔོན་རིགས་བར་དངོས་སུ་ཐུག་འཕྲད་ཀྱིས་ཞི་མོལ་ཐེངས་ ༩ བྱུང་ཡོད་ཀྱང་དེ་ནས་བཟུང་མཚམས་ཆད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ག་དུས་ཡིན་ནའང་ཞི་མོལ་ལ་གྲ་སྒྲིག་ཨང་གསར་ཡིན་ཞེས་གསུང་གི་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་འབྲེལ་མོལ་བསྐྱར་དུ་མ་མཐུད་པར་ལོ་ངོ་ ༡༡ འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist